ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བ་ནས་བཟུང་། ས་གནས་སོ་སོས་སློབ་སྦྱོང་དང་བེད་སྤྱོད་ཟུང་འབྲེལ་བྱེད་རྒྱུ་དང་། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དོན་དངོས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་མཐོང་ཆེན་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་དང་བདེན་ཐུབ། ཏན་ཏིག་བཅས་ཀྱི་སྒོ་ནས་ཁྱབ་གདལ་དུ་བཏང་སྟེ། དམངས་ཚིས་ལ་ཕན་པ་བསྐྲུན།
ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་ཁྲོད་དུ། ཧྥུའུ་ཅན་གྱི་ས་གནས་སོ་སོས་མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པར་བྱེད་རྒྱུ་བཅས་རྒྱུན་འཁྱོངས་བྱས་ཏེ། གོ་བ་གཏིང་ཟབ་ལེན་པ་དང་ལག་ལེན་ཏན་ཏིག་ངང་བསྟར་བར་མཐོང་ཆེན་བྱས་ནས། མགོ་ཁྲིད་ལས་བྱེད་པས་ཀུན་གྱི་སྣེ་ཁྲིད་དེ་ཏང་གི་སློབ་ཚན་ཡག་པོ་ཁྲིད་པ་དང་། “གཞི་རིམ་དུ་བསྐྱོད་པ་བཞི”དམ་འཛིན་བྱེད་ཡུལ་གལ་ཆེན་དུ་བརྩིས་ནས་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཧྥུའུ་ཀྲོའུ་གྲོང་ཁྱེར་ཚང་ཞ་གྲོང་གསར་སྡེ་ཁུལ་ལྟ་བུར་མཚོན་ན། མི་འབོར་མང་བ་དང་སྤྱི་པའི་བར་སྟོང་བལྟོས་བཅས་ཀྱིས་གུ་དོག་མོ་ཡིན། ཇི་ལྟར་ཁ་གཏད་རང་བཞིན་ཡོད་པའི་སྒོ་ནས་སྡེ་ཁུལ་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས་པའི་ཐད་ནས། སྡེ་ཁུལ་གྱི་ལས་བྱེད་པས་ཡུལ་དངོས་ནས་བཅར་འདྲི་བྱེད་པ་དང་དྲ་ཐོག་ནས་བསྡུ་ལེན་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། གྲོང་མིའི་བསམ་འཆར་ལ་རྒྱ་ཁྱབ་ངང་ཉན་པ་དང་། “སྒྱུར་བཀོད་ཆུང་ངུ”དེ་འཇུག་སྒོར་བརྩིས་ནས། གྲོང་མིའི་ཐོག་ཁང་གི་བེད་མེད་དུ་བསྐྱུར་བའི་བར་སྟོང་དེ་འཚེམ་ཁང་དང་དཔེ་ཀློག་ཁང་སོགས་སུ་སྒྱུར་བཀོད་བྱས།
ཞིན་ཅང་གིས་མ་ལག་ཚང་བའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཞིང་ཁར་བསྐྱོད་པ་དང་གྲོང་མིའི་སྡེ་ཁུལ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་ངང་བྱས་པ་དང་། ཞན་ཆ་འཚོལ་ཞིབ་བྱས་ནས་བྱ་བ་དོན་འཁྱོལ་ཡོང་བར་བྱས་ཡོད། ཝུའུ་ལུའུ་མུའུ་ཆིའི་ཐེན་ཧྲན་རི་ཁུལ་མཐུན་སྒྲིལ་ནུབ་ལམ་སྡེ་ཁུལ་ལ་མཚོན་ནས་བཤད་ན། གྲོང་མི3200ལྷག་ཡོད་པའི་ཁྲོད་ཀྱི་བཞི་ཆ་གཅིག་ནི་ལོ་ལོན་རྐྱང་རྐྱང་ཡིན། ལོ་ལོན་ལ་ཞབས་འདེགས་སྔར་ལས་གང་ལེགས་ཞུ་རྒྱུར་དམ་པོར་དམིགས་ནས། སྡེ་ཁུལ་ཏང་ཨུས་བརྗོད་དོན་སློབ་གསོ་དངོས་སུ་སྤེལ་བའི་ཁྲོད་དུ། གཅིག་སྡུད་སྒོས་ཐག་གཅོད་བྱེད་དགོས་པའི་གནད་དོན་ཁག10གསེད་བཀྲོལ་བྱས། འོས་འགན་སྨན་བཅོས་སོགས་རྒྱུན་གཏན་ཅན་གྱི་དམངས་ལ་ཞབས་འདེགས་ཞུ་བའི་ལས་གཞིའི་ཁྲོད་བཅུག་པར་མ་ཟད། ད་དུང་སྤྱི་པའི་བར་སྟོང་ཇེ་ལེགས་སུ་བཏང་ནས། སྡེ་ཁུལ་གྱི་གླུ་གཞས་མཉམ་གཏོང་ཚོགས་པ་དང་ཅིང་ཅུས་ཟློས་གར་ཁང་སོགས་ལ་བྱེད་སྒོ་སྤེལ་ཡུལ་མཁོ་འདོན་བྱས་ཡོད།
ཧུའུ་ནན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་གསུངས་མྱོང་བའི“སྔར་ལས་མཐོང་ཆེན་བྱེད་དགོས་པ་ལྔའི”བླང་བྱ་གལ་ཆེན་ལ་སློབ་སྦྱོང་ནན་མོ་བྱེད་པ་དང་། སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས། “ཟླ་རེར་སློབ་ཚན་རེ་དང་ལག་ལེན་རེ”ཞེས་པ་སོགས་ཀྱི་རྣམ་པའི་ངོས་ནས། རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་སྟེ། སློབ་སྦྱོང་གི་ཕན་འབྲས་དེ་ཏང་གཤིས་ཇེ་དྲག་ཏུ་གཏོང་བ་དང་ནུས་པ་ཇེ་ཆེར་གཏོང་བ། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེང་ནས་མངོན་པར་བྱས། ད་དུང་ཁྲང་ཧྲ་དང་ཀྲུའུ་ཀྲོའུ། ཞང་ཐན་བཅས་ས་ཁུལ་གསུམ་གྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།