ཝུའུ་ལན་རྫོང་གིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.11.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་བའི་ཚུན་ལ།   མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་གིས་ཏང་ཀྲུང་དབྱང་གི་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་སྐོར་གྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་།    རྒྱུན་མཐུད་ངང་འཚམས་འདྲི་ཆེན་མོ་དང་བརྟག་དཔྱད་ཞིབ་འཇུག་ཆེན་མོ།   ཞིབ་བཤེར་ཆེན་མོ།   མཁྲེགས་གཏོར་ཆེན་མོ་བཅས་ཀྱི་བྱ་འགུལ་སྤེལ་ཏེ་སྤུས་ཚད་མཐོ་བའི་བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ཏན་ཏིག་བཏང་།   མིག་སྔར།   ཝུའུ་ལན་རྫོང་གིས་བརྟག་དཔྱད་ཞིབ་འཇུག་བྱ་གཞི་ཉེར་བརྒྱད་གཏན་འཁེལ་བྱས་པ་དང་།   བརྟག་དཔྱད་ཞིབ་འཇུག་བྱས་ཏེ་གནད་དོན་བརྒྱ་དང་སུམ་ཅུ་ལེགས་སྒྲིག་བྱས་ལ།   ལེགས་བཅོས་བྱ་བའི་བྱེད་ཐབས་བརྒྱ་དང་གྱ་བདུན་ཕྱིར་བཏོན།

ཝུའུ་ལན་རྫོང་གིས་རྫོང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་དང་ཝུའུ་ལན་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྟག་དཔྱད་ཞིབ་འཇུག་བྱ་བའི་ཇུས་གཞིར་ཞིབ་འཇུག་བྱས་ཏེ་ཕྱིར་བཏོན་པ་དང་།   ལངས་གནས་མཐོན་པོས་རྫོང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ལ།   རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་བྱེད་པའི་དམིགས་འབེན་དང་ཁ་ཕྱོགས།   ཁྱབ་ཁོངས།  མི་སྣ།  དུས་ཚོད།  ས་གནས་བཅས་ལ་ཕྱོགས་བསྡུས་སྒོས་གཅིག་གྱུར་འཆར་འགོད་སོགས་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་གི་མ་ལག་རང་བཞིན་དང་ཚན་རིག་རང་བཞིན་མཐོར་འདེགས་སུ་བཏང་།   བརྟག་དཔྱད་ཞིབ་འཇུག་དང་གནད་དོན་རྙེད་པ།  གནད་དོན་ཐག་གཅོད་པ།  ལྟ་སྐུལ་ཕྱིར་ལྡོག་བཅས་མཉམ་བསྲེས་བྱེད་པའི་བྱ་བའི་ནང་རྐྱེན་བཙུགས་ཏེ་བརྟག་དཔྱད་ཞིབ་འཇུག་གི་སྔོན་མཐོང་རང་བཞིན་དང་དམིགས་སའི་རང་བཞིན་ཇེ་དྲག་ཏུ་བཏང་བ་དང་།   གཅིག་ཅན་ལྔའི་ནང་རྐྱེན་བཙུགས་ལ།  བརྟག་དཔྱད་བྱ་གཞི་གཅིག་དང་ཇུས་གཞི་གཅིག  སྙན་ཞུ་གཅིག   གྲུབ་འབྲས་གཅིག་བཅས་རྩིས་ཁྲར་བསྒྱུར་ནས་སྤུས་ཚད་མཐོན་པོས་བརྟག་དཔྱད་ཞིབ་འཇུག་ལས་འགན་ཡོངས་འགྲུབ་བྱེད་པར་འགན་སྲུང་བྱས།

ལྷ་མོ་ཚེ་རིང་གིས་བསྒྱུར།