སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་གཞི་རིམ་དུ་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་དྲིལ་སྒྲོག་བྱས་ནས་བསམ་བློའི་སྟོབས་ལ་གོ་བ་ལེན་པའི་བརྒྱུད་ལམ་གལ་ཆེན་དུ་བྱས་ཏེ། དམིགས་གཏད་ཅན་དང་རྒྱ་ཁྱབ་ཅན། ཕན་ཚུན་ནུས་འདོན་གྱི་རྣམ་པས་དྲིལ་སྒྲོག་དང་སྒྲོག་འགྲེལ་བྱས་ནས་བརྗོད་དོན་སློབ་གསོ་གཏིབ་ཟབ་ཏུ་སྤེལ་བར་སྐུལ་འདེད་དང་ཕན་ནུས་ཐོན་པར་བྱས།
མཚོ་ནུབ་ཁུལ་གྱིས་ཁུལ་རིམ་པའི་དྲིལ་སྒྲོག་ཆེད་མཁས་པའི་ཁྲོད་ནས་རྐང་འཛིན་སྒྲོག་འགྲེལ་པ་བཅུ་བདམས་ནས་ཁུལ་རིམ་པའི་སྒྲོག་འགྲེལ་ཚོགས་པ་གྲུབ་པར་བྱས་ཏེ། སློབ་སྦྱོང་འཆར་གཞི་བཟོ་བ་དང་། ཁག་བགོས་ནས་ས་གནས་སོ་སོ་དང་ལས་ཁུངས་སོ་སོར་སོང་ནས་ཉན་མཁན་མི་འདྲ་བའི་ཁྱད་ཆོས་དང་དགོས་མཁོར་དམིགས་ནས་གཞུང་ལུགས་དྲིལ་སྒྲོག་བྱ་བ་སྤེལ་བ་དང་། ཁུལ་དང་གྲོང་ཁྱེར། རྫོང་རིམ་པའི་སྡེ་ཁག་སོ་སོ་མཉམ་འབྲེལ་སྒོས་གཞུང་ལུགས་དྲིལ་སྒྲོག་མཁན་གྱིས་ཕན་ཚུན་རོགས་འདེགས་ཀྱིས་དྲིལ་སྒྲོག་བྱེད་པའི་རྣམ་པ་གྲུབ་པར་བྱས་ནས་རིམ་པ་དང་ཕྱོགས་སོ་སོ་ནས་དྲིལ་སྒྲོག་བྱས།
དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ས་ཚིགས་དང་ཏང་ཡོན་བྱེད་སྒོ་ཁང་སོགས་བེད་སྤྱོད་བྱས་ནས་མཚོ་ནུབ་དྲིལ་སྒྲོག་སོགས་སྨྱན་བྱད་སྟེགས་བུའི་ནུས་པ་འདོན་སྤེལ་བྱས་ཏེ་དྲི་བར་ལན་འདེབས་པ་དང་བརྙན་ཕབ་སློབ་སྦྱོང་སོགས་ཀྱི་རྣམ་པ་སྤྱད་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ཟབ་མོ་བྱེད་པར་སྐུལ་ཁྲིད་བྱས། མིག་སྔའི་བར་དུ་འགོ་ཁྲིད་ལས་བྱེད་པ་ཁྲིད་སྟེགས་སུ་འབུད་པ་ཞེས་པ་དང་ཧྲུའུ་ཅིའི་སློབ་ཐུན་སོགས་བརྗོད་དོན་དྲིལ་སྒྲོག་སྐོར་གྱི་སློབ་ཁྲིད་བཀོད་སྒྲིག་བྱས་ལ། སློབ་སྦྱོང་གི་ཐབས་ལམ་སྣ་ཚོགས་སྤྱད། མང་ཚོགས་ཁྲོད་དགོངས་པ་སློབ་པ། ཁག་ཁུར་ཡོད་པ། སྐྱོད་ལམ་གསར་བར་འབད་པས་སྐྱོད་ཅེས་པའི་སྐོར་སྐྱོད་དྲིལ་སྒྲོག་བྱས་ཏེ། གྲོང་རྡལ་དང་ཡུལ་ཚོ། སྡེ་ཁུལ། ཁེ་ལས་སོགས་སུ་སོང་ནས་གཞུང་ལུགས་དྲིལ་སྒྲོག་ཐེངས9ལ་སྤེལ་བ་དང་དྲིལ་སྒྲོག་བྱ་ཡུལ་མི་སུམ་སྟོང་ལྷག་ལ་བུད།
མི་ཕམ་མགོན་པོས་བསྒྱུར།