པེ་ཅིང་དང་ཧི་པེ་ཡི་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་རྒྱུ་དང་གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ལས་དོན་དང་ཟུང་འབྲེལ་དམ་ཟབ་བྱས་ནས། གནོད་ཐེབས་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་དམངས་འཚོའི་གནད་དོན་ལ་རྟོག་ཞིབ་བྱེད་སྒོ་སྤེལ་ཏེ། ཚང་མའི་དཀའ་ཁག་ཆེ་ས་དང་རེ་ལྟོས་ཆེ་སའི་གནད་དོན་ཐག་གཅོད་བྱས་པར་མ་ཟད། སྤུས་ཚད་མཐོ་ཞིང་ཚད་གཞི་མཐོ་བའི་སྒོ་ནས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བདེ་སྡོད་ལས་བརྩོན་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་འགན་ལེན་ནུས་ལྡན་བྱས།
ཉེ་ལམ། པེ་ཅིང་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཟླ11ཚེས10ཉིནལ་པེ་ཅིང་དང་ཧི་པེ་རུ་གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས། བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་རྒྱུ་དང་གནོད་ཐེབས་རྗེས་ཀྱི་བསྐྱར་སྐྲུན་ཟུང་འབྲེལ་དམ་ཟབ་བྱས་ཏེ། འཐབ་ཕྱོགས་དང་པོར་བསྐྱོད་ནས་གནད་དོན་གསེད་བཀྲོལ་དང་དཀའ་གནད་ལ་གྲལ་བཤེར་བྱེད་དགོས་པའི་བླང་བྱ་བཏོན། པེ་ཅིང་མུན་ཐོའུ་ཀོའུ་ས་ཁུལ་གྱིས་གནོད་ཐེབས་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་འཐབ་ཕྱོགས་དང་པོར་དངོས་སུ་རྟོག་ཞིབ་བྱས་ནས། སྡེ་ཁུལ་དང་གྲོང་ཚོའི་ལས་བྱེད་པས་ཁོངས་གཏོགས་ས་ཁུལ་གྱི་གནས་ཚུལ་ལ་དངོས་བཅར་རྟོག་ཞིབ་བྱས། ཏ་ཐའེ་ཁྲོམ་གཞུང་གིས་ཁོངས་གཏོགས་ཁུལ་གྱི་གནོད་ཐེབས་སྡོད་ཁང་འཛུགས་སྐྲུན་མ་དངུལ་གྱི་གནོན་ཤུགས་ཆེ་བ་སོགས་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ་ཆེད་མངགས་གྲོས་བསྡུར་བྱས་ནས། རིམ་པ་སོ་སོའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཐོབ་རྒྱུའི་ཐད་བརྩོན་ལེན་གང་ལེགས་བྱས།
མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་སྐྱེལ་ཐུབ་པར་དམ་པོར་དམིགས་ཏེ། པེ་ཅིང་མུན་ཐོའུ་ཀོའུ་དང་ཧྥང་ཧྲན། ཁྲང་ཕིང་སོགས་གནོད་འཚེ་ཅུང་ཚབས་ཆེ་བའི་ས་ཁུལ་དུ་གཅིག་སྡུད་སྒོས་ཆེད་དོན་བྱ་སྤྱོད་སྤེལ་བ་དང་ལས་དོན་ཚོགས་ཆུང་བཙུགས་པ། ཞིང་པའི་སྡོད་ཁང་ཁྲི་གཅིག་ལྷག་ཞིག་གསོ་བྱས་པ་དང་། ཁྲོ་ཐབ་ཁང་སོ་ལྔ་དང་ཚ་ཤུགས་ས་ཚིགས་རེ་བདུན་མྱུར་མོར་ཞིག་གསོ་བྱས་ལ། ཁྱིམ་ཚང་ཁྲི་གསུམ་དང་སྟོང་བརྒྱད་ལ“ནུས་ཁུངས་གཙང་མར་བསྒྱུར་བ་ལས་བྱུང་བའི”གཏོར་སྐྱོན་ཐེབས་པའི་སྒྲིག་ཆས་ཀྱི་གློག་ཤུགས་མཁོ་འདོན་ནུས་པ་ཚང་མ་སླར་གསོ་བྱས།
ཧི་པེ་ཡི་ས་ཆ་མང་པོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་གོ་སྐབས་སུ་བརྩིས་ཏེ། སློབ་སྦྱོང་གི་ཕན་འབྲས་ལ་བརྟེན་ནས་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་བཏང་།
བན་དེ་སྐྱབས་ཀྱིས་བསྒྱུར།