ས་ཆ་སོ་སོས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.11.21 ཁུངས། ཀློག་གྲངས། 32

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སློབ་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་འགོ་བརྩམས་པ་ནས་བཟུང་། ས་ཁུལ་སོ་སོས་དངོས་གཉེར་དམ་འཛིན་གྱི་བྱ་བའི་རེ་བ་ཡོད་ཚད་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོའི་ཁྲོད་འདྲེས་པར་བྱས། བརྟག་དཔྱད་ཞིབ་འཇུག་ནི་བྱ་བ་སྒྲུབ་པའི་རྨང་གཞི་དང་ལས་དོན་འགྲུབ་པའི་རྒྱུ་ལམ་ཡིན་པས། བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་བྲེལ་དཀའི་གནད་དོན་རྙེད་པར་བྱས་ཤིང་། བྱ་བ་སྣ་གཅིག་སྒྲུབ་པ་ནས་བྱ་བ་རིགས་གཅིག་སྒྲུབ་པའི་བར་དུ་རྒྱུན་སྲིང་བའི་གནད་དོན་ཐག་གཅོད་བྱས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཨན་ཧོས་ཞིང་ཆེན་གྱིས་ཆུ་ཚད་མཐོ་བའི་གསར་སྐྲུན་རང་བཞིན་གྱི་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དེ་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་གཞི་འཛིན་ས་གལ་ཆེན་དུ་བརྩིས་ནས། ཤུགས་རྐྱེན་ཆེ་ཞིང་གལ་ཆེ་བའི་ཚན་རྩལ་གསར་སྐྲུན་ཇུས་འགོད་ཁུངས་གཞི་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཁུལ་ཁོངས་གསར་སྐྲུན་ནུས་པ་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་དང་། ཚན་རྩལ་གསར་སྐྲུན་དགེ་མཚན་དེ་ཐོན་ལས་དགེ་མཚན་དང་འཕེལ་རྒྱས་དགེ་མཚན། འགྲན་རྩོད་ཀྱི་དགེ་མཚན་བཅས་སུ་ཚུལ་སྒྱུར་བྱས།

ཧིན་ནན་ཞིང་ཆེན་པོ་ཧྥུན་རྫོང་གིས་ཧུར་ཐག་གིས་གཞི་རིམ་དུ་འགྲོ་བ་བཞིའི་བྱ་བའི་ལམ་ལུགས་ལག་བསྟར་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གི་རྨང་གཞིའི་སྟེང་དུ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་གསར་སྐྲུན་ལམ་བུ་འཚོལ་ཞིབ་བྱས། པོ་ཧྥུན་རྫོང་གིས་སྡེ་བ་རིམ་པའི་འཕྲིན་བཅར་བྱ་བའི་གཡུལ་ས་ལ་བརྟེན་ནས་དོན་དག་བཤད་ས་ཡོད་པ་དང་། དོན་དག་ལ་ཁ་ཡ་བྱེད་མཁན་ཡོད་པའི་དོན་དངོས་གནད་དོན་ཐག་བཅད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།