མགོན་པོ་བཀྲ་ཤིས་ཀྱིས་ཀོས་ནན་རྫོང་གིས་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས།
2023.11.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ11པའི་ཚེས20ཉིན་ནས་ཚེས21ཉིན་བར། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀོས་ནན་རྫོང་དུ་སོང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས་པ་དང་། རྫོང་ཏང་ཨུའི་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་གི་རིགས་སོ་སོའི་བློ་མཐུན་རྣམས་ལ་འཚམས་འདྲི་བྱས། ཀོས་ནན་རྫོང་ཏང་ཨུ་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཞི་པའི་བརྗོད་དོན་སློབ་གསོ་སྤེལ་བའི་གནས་ཚུལ་དང་རྟོག་ཞིབ་བྱ་བའི་སྙན་ཞུར་ཉན་པ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཀོས་ནན་རྫོང་ཏང་ཨུའི་བརྗོད་དོན་སློབ་གསོའི་འགན་ཁུར་མི་སྣ་དང་པོ་དང་གླེང་མོལ་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཀོས་ནན་རྫོང་གིས་ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་མོ་བྱས་པ་དང་། རྫོང་གི་གནས་ཚུལ་དངོས་དང་བསྟུན་ནས་བརྗོད་དོན་སློབ་གསོ་དམ་འཛིན་བྱས་ལ། བྱ་བ་ཁག་ནོར་བ་མེད་པ་དང་གོ་རིམ་ལྡན་པ། གསོན་ཤུགས་འཛོམས་པ། ཕན་འབྲས་ལྡན་པར་བྱས་ཏེ། སྟོབས་དང་ལྡན་པའི་འགོ་ཁྲིད་དང་འགོ་ཁྲིད་གཙོ་བོས་ཚན་གཙོའི་འགན་ཁུར་བ། སྣེ་ཁྲིད་ནས་བཀོད་སྒྲིག་དང་སློབ་སྦྱོང་། ཞིབ་འཇུག་བྱེད་པ། བྱ་བ་ཁག་གི་མགོ་ཡག་པོར་བརྩམས་ནས་སྐུལ་འདེད་ཤུགས་ཆེན་གཏོང་བ། བསམ་པའི་མཐོ་ཚད་ནས་གཙིགས་ཆེན་བྱས་ཏེ་རྫོང་ཡོངས་ཀྱི་ཏང་རྩ་འཛུགས176དང་ཏང་ཡོན་བཞི་སྟོང་སུམ་བརྒྱ་དོན་དགུ་ཡིས་མྱུར་མོར་འགུལ་སྐྱོད་སྤེལ་ནས་རྗེས་ཆོད་པར་བྱེད་པ་དང་གཅིག་འདོམས་ལ་ཤུགས་སྣོན་པ། སེམས་ཞི་བར་གནས་ནས་སློབ་པ་དང་སེམས་རྣལ་ལ་ཕབ་ནས་སློབ་པ། སེམས་ནང་ལ་བཀུག་ནས་སློབ་པ་སྟེ། བསླབ་པ་འབྲས་བུར་སྨིན་པ་དང་བསླབ་པར་དམིགས་བྱ་ཡོད་པར་བྱས། དམངས་ཚིས་དང་དམ་པོར་དམིགས་ནས་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པའི་ཁྱད་ཆོས་དང་བླང་བྱར་གོ་བར་ཡང་དག་བླངས་ནས་གནད་འགག་དམ་འཛིན་བྱེད་པ་དང་། མང་ཚོགས་ཀྱིས་བཏོན་པའི་དམངས་ཚིས་གནད་དོན་གཙོ་བོར་ཤུགས་བསྣན་ནས་དཀའ་གནད་ཐག་བཅད་པས། རིགས་སོ་སོའི་མང་ཚོགས་ཀྱི་དགའ་བསུ་ཐོབ།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་ལྟེ་བའི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་ཆབ་སྲིད་ངོས་ཟིན་དང་བསམ་པའི་ངོས་ཟིན། གཞུང་ལུགས་ངོས་ཟིན། བརྩེ་བའི་ངོས་ཟིན་བཅས་མཐོར་འདེགས་གཏོང་བ་དང་། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་ཕུགས་བསམ་རྟག་བརྟན་དང་ཏང་གཤིས་འགྱུར་མེད། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བར་བྱེད་དགོས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་། བརྗོད་དོན་སློབ་གསོ་གོ་སྐབས་སུ་བྱས་ཏེ་མ་ལག་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པའི་རྨང་གཞིའི་སྟེང་བློ་གྲོས་རྩལ་དུ་སྤྲུགས་པ་དང་ནུས་པ་མཐོར་འདེགས་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་ཁྲིད་སྟོན་དུ་བྱས་ནས་ཞིང་ཆེན་གྱི་ཆེས་ཆེ་བ་གསུམ་གྱི་ངེས་གནས་ལ་རྐང་བཙུགས་ནས་ཁུལ་དང་རྫོང་གི་གནས་ཚུལ་དངོས་དང་བསྟུན་ནས་ཀོས་ནན་གྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། མཐོ་སྒང་གི་རླུང་འོད་གློག་གི་ལྷད་མེད་ཀྱི་གཏམ་རྒྱུད་བཟང་བོར་བཤད་དགོས། ལས་ཡུལ་དང་པོར་སོང་ནས་མང་ཚོགས་དང་འབྲེལ་འདྲིས་དམ་ཟབ་བྱས་ཏེ། བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གིས་བཅད་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གྲུབ་འབྲས་ཀྱིས་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་དཔྱད་ཞིབ་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།