ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བའི་ཚུན་ལ། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་པས“རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུར་སྔར་ལས་མཐོང་ཆེན་དང་རིགས་དབྱེ་མཛུབ་སྟོན་ལ་སྔར་ལས་མཐོང་ཆེན། རྨང་གཞིར་སྔར་ལས་མཐོང་ཆེན། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ལ་སྔར་ལས་མཐོང་ཆེན། མགོ་ཁྲིད་མཛུབ་སྟོན་ལ་སྔར་ལས་མཐོང་ཆེན་བཅས་བྱེད་དགོས”ཞེས་པར་དམ་པོར་དམིགས་ཏེ། ཧུའུ་པེ་དང་ཧུའུ་ནན་ཞིང་ཆེན་གཉིས་དང་མཉམ་དུ་བརྗོད་དོན་གཅིག་ལ་ལན་གཅིག་མཚུངས་འདེབས་པ་དང་མཉམ་དུ་ཤུགས་བཏོན་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་གང་ཐུབ་བྱས།
བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་དངོས་སུ་སྤེལ་བ་ནས་བཟུང་། ཀྲུང་དབྱང་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་བཅུ་པས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དེ་ལས་འགན་གཙོ་བོར་བརྩིས་ནས་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་ཧུའུ་པེ་རུ། “བསམ་བློས་སྣེ་འདོམས་བྱེད་པ་དང་སློབ་སྦྱོང་སྔོན་ལ་འཛིན་པའི”ལམ་སྲོལ་སྔར་ལས་ཇེ་དམ་དུ་བཏང་ནས། ཧུའུ་པེ་ཡི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་མགོ་ཁྲིད་ཚན་ཁག་ཉིས་སྟོང་ལྔ་བརྒྱ་ལྔ་བཅུ་ལ་དཔེ་ཀློག་འཛིན་གྲྭ་སྤེལ་བར་སྐུལ་ཁྲིད་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཧུའུ་པེའི་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ནན་ཏན་བྱས། སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་ཧུའུ་ནན་དུ། “ཟླ་རེར་སློབ་ཚན་རེ་དང་ལག་ལེན་རེ”ཞེས་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱེད་སྒོར་སྤྱི་སྡོམ་ནན་མོ་བྱེད་པའི་ཐབས་ཤེས་བཟང་བོ་ཤེས་རྟོགས་བྱུང་བ་དང་། ཧུའུ་ནན་གྱིས་གཞི་རིམ་ཏང་རྩ་འཛུགས་ཀྱི་གཞུང་ལུགས་སློབ་སྦྱོང་ཁྲོད་དངོས་སུ་བཀོལ་རྒྱུར་མཛུབ་སྟོན་བྱས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱི་བརྗོད་དོན་སློབ་གསོའི་དམིགས་འབེན་རང་བཞིན་དང་དངོས་ཕན་རང་བཞིན་མངོན་སུམ་གྱིས་ཆེ་རུ་བཏང་།
སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གིས་ད་དུང་སྔ་གཞུག་ཏུ་ཧུའུ་པེ་དང་ཧུའུ་ནན་གྱི་རྫོང་དང་གྲོང་ཁྱེར་དང་ཆུས་བཅས་དོན་གཉིས་དང་། ཡུལ་ཚོ་དང་གྲོལ་རྡལ། སྲང་ལམ། སྡེ་བ། སྡེ་ཁུལ། སློབ་གྲྭ། སྨན་ཁང་། ཁེ་ལས་སོགས་གཞི་རིམ་ལས་ཁུངས་ཡོད་སར་སོང་ནས། ཡུལ་དངོས་ནས་རྟོག་ཞིབ་བྱས་ཏེ། ཏང་ཡོན་དཀྱུས་མ་དང་མང་ཚོགས། འཐབ་ཕྱོགས་དང་པོའི་ལས་བཟོ་པ་སོགས་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས་ནས། བསམ་འཆར་དང་གྲོས་གཞི་བསྡུ་ལེན་རྒྱ་ཆེར་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།