ཟླ12པའི་ཚེས27 ཉིན། ཞིང་ཆེན་ཡོངས་ཀྱི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས། གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་འབྲེལ་ཡོད་ཚོགས་འདུ་དང་། གཞི་རིམ་དུ་བསྐྱོད་པ་བཞིའི་བཞུགས་མོལ་ཚོགས་འདུའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ལ། ཉམས་མྱོང་དང་བྱེད་ཐབས་བརྗེ་རེས་དང་། གནད་དོན་ལ་དབྱེ་ཞིབ་བྱས་ཏེ་རིམ་པ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཡུའེ་ཞ་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ནུས་ལྡན་མཛུབ་ཁྲིད་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག ས་གནས་སོ་སོས་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གསར་བ་དང་བླང་བྱ་གསར་བའི་རྗེས་འབྲངས་ནས་གཞུང་ལུགས་ལ་མུ་མཐུད་དུ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། གཞི་རིམ་དུ་བསྐྱོད་པ་བཞི་དོན་འཁྱོལ་བྱེད་པ། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ལེགས་སྒྱུར་ལ་སྐུལ་འདེད་གཏོང་བ། ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལེགས་སྒྲིག་ལེགས་བཅོས་དམ་འཛིན་དང་། མང་ཚོགས་ཀྱིས་དོ་སྣང་དང་ཐུགས་ཁུར་བྱེད་པའི་གནད་དོན་སྐོར་ཞིག་ཐག་བཅད་ནས་བརྗོད་དོན་སློབ་གསོའི་ཐད་གྲུབ་འབྲས་གསར་བ་བླངས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཚད་གཞི་ཇེ་དམའ་རུ་མི་གཏོང་བ་དང་། ངར་ཤུགས་མི་ལྷོད་པ། མགོ་རྔ་ཡོད་པའི་སྒོ་ནས་བརྗོད་དོན་སློབ་གསོ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། སྤུས་ལེགས་ཚད་ལྡན་གྱིས་སློབ་སྦྱོང་གི་འགན་འཁུར་ལེགས་སྒྲུབ་དང་དགོངས་དོན་སློབ་པའི་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་གི་མཇུག་ལེགས་པར་སྐྱོང་བ་དང་། གཞི་རིམ་དུ་བསྐྱོད་པ་བཞིའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དར་སྤེལ་བཏང་སྟེ།གནད་དོན་ལ་གཞིགས་ནས་བྱེད་ཐབས་འདོན་པ་དང་། བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་ལེགས་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས། འབུར་ཐོན་གནད་དོན་ཡོ་བསྲང་བྱེད་པར་དམིགས་པ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནད་དོན་དག་ཐེར་ལེགས་པོ་བྱེད་པ་དང་། དག་ཐེར་ཡོ་བསྲང་དང་ཆེད་དོན་ལེགས་བཅོས་བྱེད་པ་དམ་འཛིན་ནན་མོ་བྱས་ནས། དག་ཐེར་ལེགས་བཅོས་ཀྱི་འགན་འཁྲི་ལྷག་ལུས་མེད་པར་འགྲུབ་པར་ཁག་ཐེག་བྱེད་དགོས། སྤྱི་ཡོངས་དང་གཙོ་བོར་དམིགས་ནས་ལས་དོན་དངོས་གཉེར་དང་། ཡོམ་འགོག་རྒུད་སྐྱོབ་ཀྱི་ལས་ཡུལ་དང་པོ་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་དང་། ལོ་ཧྲིལ་བོའི་དམིགས་ཚད་དང་འགན་འཁྲི་ཡོངས་སུ་འགྲུབ་པར་འགན་ལེན་བྱས་ཏེ་མང་ཚོགས་ཀྱི་བྲེལ་དཀའ་ཁྲེལ་སྒུག་གི་གནད་དོན་ཐག་གཅོད་དགོས། མཐུན་སྦྱོར་གཅིག་འདོམས་ལ་ཤུགས་སྣོན་པ་དང་། ཆེད་དོན་དམངས་གཙོའི་འཚོ་བའི་གྲོས་ཚོགས་དང་ཕྱོགས་སྡོམ་དཔྱད་འཇོག་སོགས་ཀྱི་བྱ་བ་གཙོ་བོ་དམ་འཛིན་བྱས་ནས། བརྗོད་དོན་སློབ་གསོ་བདེ་ལེགས་ངང་མཇུག་བསྡུ་བར་ཁག་ཐེག་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།