ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྐོར་ཐེངས་གཉིས་པ་སྤེལ་འགོ་བརྩམས་པའི་ཚུན་ལ། ས་གནས་སོ་སོས་ཏང་ཡོན་ལས་བྱེད་པར་ཕུགས་བསམ་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པར་བྱེད་པ། གསར་འབྱེད་ཡར་བརྩོན་བྱེད་པ། འགན་འཁྲི་འཁུར་ཕོད་པར་བྱེད་པ་བཅས་ཀྱི་ཐད་སློབ་གསོ་ཁྲིད་སྟོན་གང་ལེགས་བྱས་ནས། བརྗོད་དོན་སློབ་གསོ་འཚོལ་ཞིབ་ཀྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོ་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་མུ་མཐུད་སྐུལ་འདེད་བཏང་།
བོད་ལྗོངས་ཉིང་ཁྲི་སྨིན་གླིང་གྲོང་ཁྱེར་གྱིས་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་ལས་ཀའི་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། མང་ཚོགས་ཀྱི་དགོས་མཁོར་བསམ་གཞིག་གཏོང་བ། དུས་རབས་གསར་པའི“ཧྥུན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ།“ཚུགས་གཅིག་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་སྒྲིག་ལྟེ་གནས་འབད་པས་བསྐྲུན་པ་བཅས་བྱས།
ཅང་སུའུ་ནན་ཅིན་ཀའོ་ཁྲུན་ཆུས་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ་ཡིས། ཁེ་ལས་ཞབས་ཞུ་དང་ཐོན་ལས་ཕྲེང་འབྲེལ་འཕེལ་རྒྱས་སོགས་གཙོ་གནད་ནང་དོན་ལ་དམ་པོར་དམིགས་ནས། རླངས་འཁོར་ལྷུ་ལག་ཐོན་ལས་འཕེལ་རྒྱས་དང་།“ཆེད་ལས་དང་ཉིང་བསྡུས། ཁྱད་ལྡན། གསར་རྐྱང”བཅས་ཀྱི་ཁྱད་ཆོས་ལྡན་པའི་ཁེ་ལས་གསོ་སྐྱོང་སོགས་ཀྱི་རྟོག་ཞིབ་བྱ་གཞི་གཏན་འཁེལ་བྱས་ནས། ཁེ་ལས་སུ་འཚམས་འདྲིར་བསྐྱོད་པའི་བྱ་སྤྱོད་དངོས་སྤེལ་བ་རེད།
ཀོས་ཀྲིག་ཧྥུའུ་ཆོན་གྱིས་ཐོན་ལས་འདུས་ཚོགས་ཀྱི་ལེགས་ཆ་གཞིར་བཟུང་ནས།“སློབ་སྦྱོང་དང་ལས་སྒྲུབ། ལེགས་བཅོས”བཅས་ལ་དམ་པོར་དམིགས་ནས་སེམས་ནུས་ཡོད་རྒུ་བཏོན་ཏེ། ཁེ་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུས། ལས་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་ཤིང་ཡང་དག་པར་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲུབ་འབྲས་དངོས་ཐོན་པར་བྱེད་པ་བཅས་ཀྱི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་བར་འབད་ཀྱིན་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།