མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་ཟི་ལིང་ལ་སྐོར་བ་རྒྱག་པའི་འགྲན་སྡུར་ཁྲོད་པི་ལི་ཧྲིའི་འགྲན་ཞུགས་པ་ཏུའུ་པང་ཏིས་མོ་ཏིས་ལ་ཆེས་མཐོའི་བྱ་དགའ་ཐོབ།
2023.07.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 55

ཟླ་བདུན་པའི་ཚེས་དགུ་ཉིན་གྱི་ཆུ་ཚོད་བཅུ་གཉིས་དང་སྐར་མ་བཞི་བཅུའི་སྟེང་།   ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོ་ལུས་རྩལ་རྒྱན་ཤོག་མཚོ་སྐོར་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་རྒྱུག་འགྲན་སྐབས་ཉེར་གཉིས་པས་ཐོག་མའི་འགྲན་རིམ་གྱི་ཟི་ལིང་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་འགྲན་སྡུར་སྤེལ།    འགྲན་སྡུར་ལ་ཞུགས་པའི་རུ་ཁག་ཉེར་གཉིས་ཀྱི་འགྲན་ཞུགས་པ་154ཡིས་འགྲན་རྩོད་དྲག་པོ་བྱས་ཤིང་།   ལུས་རྩལ་པ་རྣམས་ཀྱིས་གྲོང་ཁྱེར་ལ་སྐོར་བ་རྒྱག་པའི་འགྲན་སྡུར་གྱི་མྱུར་ཚད་དང་ངར་ཤུགས་ཉམས་སུ་མྱངས་པར་མ་ཟད།   གཞུང་ལམ་ལྕགས་རྟ་འགུལ་སྐྱོད་ཀྱི་འཛད་མེད་གསོན་ཤུགས་ཕྱིར་མངོན།

རྒྱུག་འགྲན་གྱི་གོ་རིམ་ཐད་ནས་བལྟས་ན།   གོ་རིམ་ཧྲིལ་བོ་བདེ་འཇགས་བདེ་བླག་ཡིན་པ་དང་།   ལམ་བར་གྱི་སྐོར་བ་གཉིས་པ་དང་བཞི་པ།   དྲུག་པ་བཅས་སུ་བཀོད་སྒྲིག་བྱས་ཡོད་པའི་མཐའ་མའི་གདོང་མཆོང་བྱེད་ས་དེ་ལུས་རྩལ་པ་མང་པོ་ཞིག་གི་ངེས་པར་དུ་བརྩོན་ལེན་བྱ་དགོས་པའི་གནས་ཤིག་ཡིན་པ་དང་།   གདོང་མཆོང་བྱེད་སའི་གསོག་སྐར་འཕྲོག་རྩོད་བྱེད་ཚད་ཀྱང་སྔར་བཞིན་ཅུང་ཛ་དྲག་རེད།   དེ་མིན།  དུས་སྐབས་མང་ཤོས་ཤིག་ལ།   ལྕགས་རྟ་རུ་ཁག་སོ་སོས་ཕན་ཚུན་འགོག་ཐབས་སྤྱོད་པ་དང་།  ཕན་ཚུན་ཚོད་བགམ་བྱེད་བཞིན་ཡོད་ལ། དེ་ནི་དུས་རིམ་རྗེས་མའི་འགྲན་སྡུར་ལ་ཉམས་མྱོང་གསོག་འཇོག་བྱེད་པ་རེད།

རྒྱུག་འགྲན་གྱི་མཇུག་འབྲས་ལ་བལྟས་ན། པི་ལི་ཧྲིའི་ཐཱ་ཐི་ལེ་ཐོ་ཨེ་སོ་ལེ་སི་ལྕགས་རྟ་རུ་ཁག་གི་འགྲན་ཞུགས་ཨང་རྟགས172པ་སྟེ་ཕུལ་བྱུང་གདོང་མཆོང་མཁན་ཏུའུ་པང·ཏིས་མོ་ཏིས་ཀྱིས་འགྲན་རིམ་གྱི་ཆེས་མཐོའི་བྱ་དགའ་བླངས་པ་དང་། ཁོར་དབང་བའི་མཚན་སྙན་དང་ཐེངས་འདིའི་མཚོ་སྐོར་འགྲན་སྡུར་གྱི་ཆེས་ཐོག་མའི་སྟོད་ལྭ་སེར་པོ་དང་ལྗང་ཁུ་བླངས།

སྟོད་ལྭ་སེར་པོ་དང་ལྗང་ཁུ་ལས་གཞན། ཆེས་རེ་ལྟོས་བྱེད་སའི་འཐུས་ཚབ་དེ་ཨེ་ཤ་ཡའི་ཁྱད་འཕགས་མཚོན་བྱེད་ཀྱི་ཚི་ལེན་སྔོན་པོ་དེ་ཐའེ་གོ་རྒྱལ་ཁབ་རུ་ཁག་གི་འགྲན་ཞུགས་ཨང་རྟགས37པ་ཁྲའེ་ཡ་སུང་པ་ཐི·ཐཱ་ན་ལ་ཐོབ་རྒྱུ་དེ་ཡིན་ལ། ཁོས་ལམ་བར་གྱི་གདོང་མཆོང་དང་མཇུག་མཐའི་གདོང་མཆོང་ལ་བརྟེན་ནས། མཚན་སྙན་དེ་ཐོབ་པར་བྱས།

རྒྱུག་འགྲན་མཇུག་བསྒྲིལ་རྗེས། སི་ཕེན་གྱི་པུའུ་ཨར་ཀི་སིBHལྕགས་རྟ་རུ་ཁག་གི་སྐར་འབྲས་འགྲན་ཞུགས་རུ་ཁག་ཡོངས་ཀྱི་ཨང་དང་པོར་གྱུར་པ་དང་། ཀྲུང་གོའི་རྒྱལ་ཁབ་གཞུང་ལམ་ལྕགས་རྟ་རུ་ཁག་གིས་ཨེ་ཤ་ཡའི་རུ་ཁག་བཅུ་གཅིག་ཁྲོད་ཀྱི་ཨང་དང་པོ་བླངས།