མཚོ་སྐོར་ལྕགས་རྟ་རྒྱུག་འགྲན་གྱི་འགྲན་རིམ་གཉིས་པ་མདོ་བ་ནས་ཁྲི་ཀའི་བར་དུ་རྒྱུག
2023.07.11 ཁུངས། ཀློག་གྲངས། 23

ཟླ་བདུན་པའི་ཚེས་བཅུ་ཉིན། ཉིས་སྟོང་ཉེར་གསུམ་ལོའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་རྒྱུག་འགྲན་གྱི་འགྲམ་རིམ་གཉིས་པ་དེ་མདོ་བ་ནས་ཁྲི་ཀའི་བར་དུ་རྒྱུག

 འགྲམ་རིམ་ཁྲོད་དུ་ཨང་གསུམ་པའི་ཡན་གྱི་བྱ་དགའ་ཐོབ་མཁན། 

ལུའུ་ཞན་ཅིན་ལ་སྟོད་ལྭ་སྔོན་པོའི་གཟེངས་རྟགས་ཐོབ། 

ཁོ་ལོམ་པི་ཡའི་མེ་ཏི་ལིན་རུ་དཔུང་གི་འགྲན་ཞུགས་ཨང་རྟགས་བརྒྱ་དང་གོ་ལྔ་བ་ཝོ་ཨར་སི་ཀྲ་ཕ་ཐ་ལ་སྒོ་མེ་ཉག་གའི་HCརིམ་པའི་ལ་གཟར་དུ་འགོ་བའི་གཟེངས་བསྟོད་ཀྱི་སྟོད་ལྭ་ཁྲ་རིས་ཐོབ། 

 ཧི་ལན་གྱི་འགྲན་ཞུགས་པ་ཞིན་ཧྲི་ཁུ་ཡིས་མཐའ་མཇུག་གི་ས་ཚིགས་ནས་གློ་བུར་གདོང་མཆོང་བྱས། 

  ཚང་མ་མཇུག་མཐའི་ས་གནས་ལ་ཐོན། 

མདོག་ཅན་སྟོད་ལྭ་དང་གདོང་མཆོང་མཁན་གྱི་སྟོད་ལྭ་ལྗང་ཁུ་ལེན་པའི་ཁྲོད་དུ། ཁོ་ལོམ་པི་ཡའི་མེ་ཏི་ལིན་རུ་ཁག་གི་འགྲན་ཞུགས་ཨང་རྟགས་བརྒྱ་དང་གོ་ལྔ་བ་ཝོ་ཨར་སི་ཀྲ་ཕ་ཐ་ཡིས་སྒོ་མེ་ཉག་གའིHCརིམ་པའི་ལ་གཟར་ལ་འགོ་བའི་ཁྲོད་དུ་རྒྱལ་ཁ་བླངས་ཏེ་སྟོད་ལྭ་ཁྲ་རིས་བླངས། ཀྲུང་གོ་ཧྭ་ཞིན་མངའ་སྡེའི་རུ་ཁག་གི་འགྲན་ཞུགས་ཨང་རྟགས་གཉིས་པ་ལུའུ་ཞན་ཅིན་ལ་ཨེ་ཤ་ཡའི་ཆེས་ལེགས་པའི་ལྕགས་རྟ་སྐོར་མཁན་གྱི་སྟོད་ལྭ་སྔོན་པོ་ཐོབ། ནོར་ཝེ་ཡི་ཁོ་ཕུ་རུ་ཁག་གི་འགྲན་ཞུགས་ཨང་རྟགས་བརྒྱ་དང་གྱ་ལྔ་པ་ཟི་ཐན་ཟི་པིས་དང་ཁོ་ལིམ་པི་ཡའི་མེ་ཏི་ལིན་རུ་ཁག་གི་འགྲན་ཞུགས་ཨང་རྟགས་བརྒྱ་དང་གོ་ལྔ་པ་ཝོ་ཨར་སི་ཀྲ་ཕ་ཐ་གཉིས་ལ་རིམ་པ་བཞིན་ཨང་གཉིས་པ་དང་ཨང་གསུམ་པ་ཐོབ། 

ཉིས་སྟོང་ཉེར་གསུམ་ལོའི་སྐབས་ཉེར་གཉིས་བའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་གྱི་འགྲན་རིམ་གཉིས་པའི་ལམ་ཐག་ཧྲིལ་བོར་སྤྱི་ལེ་བརྒྱ་དང་སོ་གཉིས་ཡོད་པ་དང་། ལྕགས་རྟ་ཞོན་མཁན་རྣམས་ཟི་ལིང་གྲོང་ཁྱེར་ཧོང་ཀྲུང་ཆུས་མདོ་བ་མཐོ་སྒང་སྦྱོང་བརྡར་རྟེན་གཞི་ནས་མགོ་བརྩམས་ཏེ། མཐའ་མཇུག་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་རྨ་འགག་ལམ་ཆེན་དུ་འབྱོར། 

ལ་གཟར་ལ་འགོ་བའི་སྔོན་གྱི་སྤྱི་ལེ་གསུམ་གྱི་ནང་ལ། ཁོ་ལོམ་པི་ཡའི་མེ་ཏི་ལིན་རུ་ཁག་གི་འགྲན་ཞུགས་པ་ཝོ་ཨར་སི་ཀྲ་ཕ་ཐ་དང་དབྱི་ཐ་ལིའི་པ་ཏིས་ཡ་ཉི་རུ་ཁག་གི་འགྲན་ཞུགས་ཨང་རྟགས་གྱ་བཞི་པ་ལ་སི་ཐི་ལིས་གཉིས་ཀྱིས་གློ་བུར་དུ་ཇེ་མགྱོགས་སུ་བཏང་ནས། མདུན་དུ་རྒྱུག་པའི་འགྲན་ཞུགས་པ་གཉིས་ཀྱི་སྔུན་བླངས། མཐའ་མཇུག་ཁོ་ལོམ་པི་ཡའི་འགྲན་ཞུགས་པ་ཝོ་ཨར་སི་ཀྲ་ཕ་ཐ་ཡིས་ལ་གཟར་ལ་འགོ་བའི་མཚམས་དང་པོ་ནས་ཨང་དང་པོ་བླངས། ལ་སི་ཐི་ལིས་ལ་ཨང་གཉིས་པ་ཐོབ། ཟི་ཐན་ཟི་པིས་ལ་ཨང་གསུམ་པ་ཐོབ། 

འགྲན་སྡུར་རིམ་གྱིས་མཐའ་མཇུག་གི་ས་ཚིགས་ལ་སླེབས་སྐབས། མཇུག་མཐའི་སྤྱི་ལེ་ལྔའི་ནང་དུ། རུ་ཁག་གཉིས་ཀྱི་བར་དུ་སྔར་བཞིན་སྐར་མ་གཅིག་དང་སྐར་ཆ་བདུན་ཡོད་པ་དང་། རྒྱལ་ཁའི་དར་ཆ་དེ་ཡང་ཐུའུ་ཝེ་སྡེ་ཚོགས་ཀྱི་འགྲན་ཞུགས་པ་གསུམ་གྱི་ཕྱོགས་སུ་གཟུར། ཧི་ལན་གྱི་ཨ་བྷི་ལོ་ཁུ་སེ་ཁྲེ་རུ་ཁག་ལ་མཐའ་མཇུག་གི་རྒྱལ་ཁ་ལེན་པའི་སྐལ་བ་ཉག་ཕྲ་བར་གྱུར། འགྲམ་རིམ་གཉིས་པའི་ཁྲོད་དུ་ཧི་ལན་གྱི་འགྲན་ཞུགས་པ་ཞིན་ཧྲི་ཁུ་ཡིས་མཐའ་མཇུག་གི་ས་ཚིགས་ལ་ཐོན་ལ་ཉེ་དུས་ཇེ་མགྱོགས་སུ་བཏང་ནས། འགྲན་ཞུགས་པ་གཉིས་ཀྱི་སྔུན་བླངས་རྗེས་བྱ་དགའ་ཨང་དང་པོ་ཐོབ། དེ་ནི་ཁོས་ལྕགས་རྟ་འགྲན་སྡུར་ཁྲོད་དུ་བྱ་དགའ་ཨང་དང་པོ་ལེན་ཐེངས་དང་པོ་རེད། ཟི་ཐན་ཟི་པིས་དང་ཝོ་ཨར་ཀྲ་ཕ་ཐ་གཉིས་སྔ་རྗེས་བྱས་ཏེ་སླེབས་བྱུང་ལ། འགྲམ་རིམ་ཁྲོད་ཨང་གཉིས་པ་དང་གསུམ་པ་རེད། 

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།