ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་རྒྱུག་འགྲན་གྱི་འགྲན་རིམ་བཞི་པ་སྟེ་ཧུའུ་ཀྲུའུ་ནས་མིན་ཡོན་བར་གྱི་འགྲན་སྡུར་སྤེལ།
2023.07.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 53

ཟླ་བདུན་པའི་ཚེས་བཅུ་གཉིས་ཉིན། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་གི་འགྲན་རིམ་བཞི་པ་སྟེ་ཧུའུ་ཀྲུའུ་ནས་མིན་ཡོན་བར་གྱི་འགྲན་སྡུར་སྤེལ། གནམ་རུབ་ནས་དྲོད་ཚད་སྔར་ལས་ཇེ་དམའ་རུ་སོང་ཡོད་ལ། འགྲན་ལམ་དུ་ཤུད་སླ་བས་འགྲན་སྡུར་གྱི་དཀའ་ཁག་བསྟུད་མར་ཇེ་ཆེར་སོང་ཡོད་ཀྱང་། འགྲན་ཞུགས་པ་དག་གི་བློ་སྤོབས་ཆེར་བསྐྱེད་ཀྱིས་ཕན་ཚུན་གཞོགས་འདེགས་བྱས་པ་དང་། ཕུགས་འདུན་སེམས་སུ་ཉར་ནས་ལྕགས་རྟའི་བང་ཁ་འགྲན།

འགྲན་རིམ་བཞི་བ་སྤེལ་སྐབས་ཀྱི་ནམ་ཟླ་དེ་འདྲ་བཟང་རྒྱུ་མེད་པ་དང་། ཆར་བ་བབས་ནས་འགྱེལ་སླ་བས་ལྕགས་རྟའི་ཁ་ལོ་བའི་ལག་རྩལ་དང་ཚོད་འཛིན་ནུས་པར་ཉམས་སད་ཆེན་པོ་བྱས་ཡོད་ལ། དེའི་ཞོར་དུ་མཚོ་འཕགས་མཐོ་བའི་ནམ་ཟླའི་ཆ་རྐྱེན་འོག་དྲོད་ཚད་ཇེ་དམའ་རུ་སོང་བ་དང་རླུང་ཆེན་གཡུགས་པ་རེད། སྤྱི་ཕྱོགས་ནས་བལྟས་ན། འགྲན་རིམ་འདི་ནས་བདེ་འཇགས་ངང་འགྲན་སྡུར་ཡོངས་འགྲུབ་བྱེད་པར་དཀའ་ཁག་ཆེན་པོ་ཡོད། འགྲན་རིམ་འདིའི་ལ་གྱེན་དུ་འགོ་བའི་སྐབས་སུ་སྨུག་པ་འཐིབ་ནས་མཐོང་ལམ་ལ་སྨིད་ལྔ་བཅུ་ཙམ་ལས་མེད་པ་དང་། དེ་ནས་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱི་འགྲན་ལམ་དམིགས་བསལ་བ་ཧུའུ་ཀྲུའུ་ཡི་དཀྱོགས་མཚམས་བཅུ་གཉིས་བརྒྱུད་པ་རེད།

ཐེངས་འདིའི་འགྲན་རིམ་གྱི་ཨང་དང་པོ་ནི་ཧི་ལན་གྱིCTལྕགས་རྟའི་རུ་ཁག་གི་འགྲན་ཞུགས་ཨང་རྟགས་གོ་བདུན་པ་པུའུ་ལོ་ཁི་ཧྥན་ཏིན་ཧྥོ་ལན་ཁི་ཡིན་པ་དང་། ཨང་གཉིས་པ་ནི་དབྱི་ཐཱ་ལེའི་ཁི་ལོ་ཏིས་ཁི་ལྕགས་རྟའི་རུ་ཁག་གི་འགྲན་ཞུགས་ཨང་རྟགས་རེ་གཅིག་པ་ཀན་ཏེན་སི་ཏིས་ཧྥུན་ཡིན། ཨང་གསུམ་པ་ནི་པུ་ལི་ཧྲིའི་ཐཱ་ཐི་ལོས་ཐའོ་ཨེ་སོ་ལོས་སི་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་དོན་གཉིས་པ་ཏུའུ་པང་ཏིས་མའོ་ཏིས་རེད། སྟོད་ལྭ་སེར་པོ་ཐོབ་མཁན་ཁོ་ལོམ་པུ་ཡཱའི་མེ་ཏི་ལིན་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་གོ་ལྔ་བ་བོ་ཨར་སི་ཀྲ་ཕཱ་ཐཱ་ཝེ་ཨར་མཱ་ཨན་ཏི་ལེ་སི་ཡིན་པ་དང་། སྟོད་ལྭ་ལྗང་ཁུ་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་གཅིག་པ་མུའུ་ལུའུ་པུའུ་ལན་ཧིན་ནོའུ་ཁི་ཡིན་ལ། སྟོད་ལྭ་ཁྲ་རིས་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་བཞི་བ་ལཱ་སི་ཐི་ལེ་ལུའུ་ཁཱ་དང་། སྟོད་ལྭ་སྔོན་པོ་ཐོབ་མཁན་ཀྲུང་གོའི་ཧྭ་ཞིན་གླིང་ཆེན་རུ་ཁག་གི་ཨང་རྟགས་གཉིས་པ་ལོས་ཞན་ཅིན་རེད།


བསོད་ནམས་ཚེ་རིང་གིས་བསྒྱུར།