ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་སྐར་མ་ལྔ་བཅུའི་སྟེང་། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་གི་འགྲན་རིམ་ལྔ་པ་སྟེ་མིན་ཡོན་ནས་མདོ་ལའི་བར་གྱི་འགྲན་སྡུར་དངོས་སུ་སྤེལ་མགོ་བརྩམས། ལུས་རྩལ་པ་བརྒྱ་དང་ཉེར་དྲུག་འགྲན་སྡུར་ལ་ཞུགས་ཡོད། གསེར་མདོག་གི་མིན་ཡོན་ནས་མདོ་ལ་ལྷ་ཡི་ཞིང་ཁམས་བར་གྱི་འགྲན་རིམ་འདིར་དཀའ་ཚེགས་ཀྱི་ཚད་ཅུང་ཇེ་དམའ་རུ་སོང་ཡོད་པ་དང་། ནམ་ཟླ་ཡང་རིམ་བཞིན་ཇེ་བཟང་དུ་སོང་ཡོད།
འགྲན་རིམ་སྔོན་མ་འགའི་གནས་ཚུལ་ལ་གཞིགས་ནས་ཕྱོགས་སྡོམ་བྱས་ན། ལྕགས་རྟའི་རུ་ཁག་སོ་སོའི་བར་གྱི་དྲག་ཞན་ཁྱད་པར་དེ་ཅུང་མངོན་གསལ་ཡིན་པ་དང་། འགྲན་ཞུགས་ལྕགས་རྟའི་རུ་ཁག་གི་ཆུ་ཚད་ལའང་ཁྱད་པར་ཆེན་པོ་ཡོད། ཡིན་ཡང་འགྲན་ཞུགས་པ་ཚང་མ་གང་འདོད་དུ་ཕྱིར་སྣུར་བྱེད་མི་སྲིད། ཁྱད་པར་དུ་ཐུར་ལམ་ནས་ལུས་རྩལ་པ་དག་གིས་རྗེས་འདེད་ཀྱི་གོ་སྐབས་བཟང་བོ་མ་བསྐྱུར་བར། གྱེན་ལམ་ནས་ཤོར་བའི་དུས་ཚོད་ཁ་གསབ་བྱེད་ཅི་ཐུབ་བྱས།
ད་ལོ་ནི་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་དེ་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་གྱི་ལས་རིགས་འགྲན་སྡུར་རིམ་པར་འཕར་རྗེས་ཀྱི་ཐོག་མའི་འགྲན་སྡུར་ཡིན་པ་དང་། དེ་ནི་གོ་སྐབས་ཤིག་ཡིན་པར་མ་ཟད་འགྲན་རྩོད་ཅིག་ཀྱང་ཡིན། ཇི་ལྟར་སྔར་ལས་ལྷག་པའི་སྒོ་ནས་འགྲན་སྡུར་གྱི་འགན་སྲུང་ཆུ་ཚད་མཐོར་འདེགས་བྱེད་པ་དང་། ལུགས་མཐུན་གྱིས་མཁོ་སྒྲུབ་ཁྱབ་ཁོངས་རྒྱ་བསྐྱེད་པ། སྔར་ལས་ལྷག་པའི་སྒོ་ནས་འགྲན་སྡུར་གྱི་རྣམ་པ་ལེགས་བསྒྱུར་བྱེད་པ་སོགས་ཀྱང་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱིས་གོ་སྐབས་དམ་འཛིན་བྱས་ཏེ་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་བསམ་བློ་གཏོང་དགོས་པའི་གནས་ཡིན།
ཐེངས་འདིའི་འགྲན་རིམ་གྱི་ཨང་དང་པོ་ནི་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་འགྲན་ཞུགས་ཨང་རྟགས་གྱ་བདུན་པ་ཀྲང་ནོང་སེ་ལོ་ཨིན་ལི་ཁི་ཡིན་པ་དང་། ཨང་གཉིས་པ་སི་ཕན་གྱི་པཱ་སི་ཁི་གློག་འཕྲིན་ལྕགས་རྟའི་རུ་ཁག་གི་ཨང་རྟགས་དོན་གཉིས་པ་ལོ་ཕའེ་ཙི་ཏི་ཨ་པེ་ཐི་ཞུའུ་ཁི་ཨན་ཏའོ་ནེ་ཡིན། ཨང་གསུམ་པ་ནི་ཧི་ལན་གྱིCTལྕགས་རྟའི་རུ་ཁག་གི་འགྲན་ཞུགས་ཨང་རྟགས་གོ་གཅིག་པ་ཡའོ་ཧན་ཉིང་ཁི་ཡེ་ལེ་རེད། སྟོད་ལྭ་སེར་པོ་ཐོབ་མཁན་ཁོ་ལོམ་པུ་ཡཱའི་མེ་ཏི་ལིན་ལྕགས་རྟའི་རུ་ཁག་གི་ཨང་རྟགས་བརྒྱ་དང་གོ་ལྔ་བ་བོ་ཨར་སི་ཀྲ་ཕཱ་ཐཱ་ཝེ་ཨར་མཱ་ཨན་ཏི་ལེ་སི་ཡིན་པ་དང་། སྟོད་ལྭ་ལྗང་ཁུ་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་གཅིག་པ་མུའུ་ལུའུ་པུའུ་ལན་ཧིན་ནོའུ་ཁི་ཡིན་ལ། སྟོད་ལྭ་ཁྲ་རིས་ཐོབ་མཁན་དབྱི་ཐཱ་ལེའི་པཱ་ཏིས་ཡཱ་ནེ་ལྕགས་རྟའི་རུ་ཁག་གི་ཨང་རྟགས་གྱ་བཞི་བ་ལཱ་སི་ཐི་ལེ་ལུའུ་ཁཱ་དང་། སྟོད་ལྭ་སྔོན་པོ་ཐོབ་མཁན་ཀྲུང་གོའི་ཧྭ་ཞིན་གླིང་ཆེན་རུ་ཁག་གི་ཨང་རྟགས་གཉིས་པ་ལོས་ཞན་ཅིན་རེད།
བསོད་ནམས་ཚེ་རིང་གིས་བསྒྱུར།