ཀྲུང་གོའི་སྲོལ་རྒྱུན་རིག་གནས་གྲོང་ཚོ། བྱུ་རུ་སྒང་སྡེ་བ།
2023.07.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 121


ཀྲུང་གོའི་སྲོལ་རྒྱུན་རིག་གནས་གྲོང་ཚོ། བྱུ་རུ་སྒང་སྡེ་བ།

—དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཤམ་བྷ་ལ་གྲོལ་རྡལ་བྱུ་རུ་སྒང་སྡེ་བའི་གནས་ཚུལ།

ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ང་ཚོ《གངས་ལྗོངས་ཀྱི་རྒྱང་སྐྱོད་གསར་པ》ཞེས་པའི་བཅར་འདྲི་ཚན་ཆུང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཤམ་བྷ་ལ་གྲོང་རྡལ་བྱུ་རུ་སྒང་སྡེ་བར་འབྱོར་བ་ན། གྲོང་རྡལ་དེ་རུ་བོད་རྒྱ་མི་རིགས་མཐུན་སྒྲིལ་དང་དམར་པོའི་གཞི་རྒྱུ་སྲུང་འཛིན་བྱེད་པའི་ཕྱག་ཕྲེང་རྫོང་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་རིག་གནས་གྲོང་ཚོའི་གསར་བརྗེའི་དྲན་གསོ་ཁང་ཞིག་འདུག་ལ། དྲན་གསོ་ཁང་དེ་ཡིས་གསར་བརྗེའི་རིག་གནས་རྒྱུན་འཛིན་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ཀྱི་བྱ་གཞག་ཐད་སྐུལ་ལྕག་གི་ནུས་པ་གལ་ཆེན་ཐོན་འདུག

གཅིག་དགུ་སོ་དྲུག་ལོའི་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་དམར་དམག་དཔུང་ཚོགས་དྲུག་པ་ཡོངས་སུ་ཕྱག་ཕྲེང་རྫོང་དུ་འབྱོར། སྐབས་དེར་དམར་དམག་རྣམས་ངལ་དུབ་དང་བཀྲེས་ལྟོགས་ཀྱིས་མནར་ཡོད་ལ། ས་གནས་མང་ཚོགས་ཀྱིས་ཁོ་ཚོར་རྒྱབ་སྐྱོར་དང་མཐུན་རྐྱེན་གང་ལེགས་བསྐྲུན་ནས་དཀའ་ངལ་ལས་ཐར་བར་བྱས། ཕྱིས་སུ། ཕྱག་ཕྲེང་རྫོང་གིས་དམར་དམག་གིས་ཉིན་བདུན་ལ་གནས་སྐབས་རྟེན་གཞི་བྱས་མྱོང་པའི་བོད་ཁང་དེ་དྲན་གསོ་ཁང་དུ་བཞེངས་སྐྲུན་བྱས་ཏེ། གསར་བརྗེ་སྲོལ་རྒྱུན་སློབ་གསོའི་བསླབ་གཞི་རུ་བྱས་འདུག  བྱུ་རུ་སྒང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བློ་བཟང་བསྟན་འཛིན་གྱིས་བཤད་རྒྱུར། “1936ལོའི་ཟླ5པའི་ཚེས15ཉིན། དམག་དཔོན་ཞའོ་ཁུ་དང་ཝང་ཀྲིན་གཉིས་ཀྱིས་དམར་དམག་གི་སྣེ་ཁྲིད་དེ་ས་ཆ་འདིར་ཡོང་ནས་ཉིན་བདུན་ལ་བསྡད། ཟླ5པའི་ཚེས20ཉིན་ཁོ་ཚོ་ལམ་ལ་ཆས་པའི་སྐབས་སུ་ས་གནས་མང་ཚོགས་ཀྱིས་འབྲུ་རིགས་དང་། ཕྱུགས་ཟོག་སོགས་འཚོ་བའི་མཁོ་ཆས་གང་ལེགས་མཁོ་སྤྲོད་བྱས་པར་མ་ཟད། བཟའ་མི་མང་པོའི་ཁྱིམ་ཚང་གིས་མི་སྣའང་དམག་གྲས་སུ་ཞུགས་སུ་བཅུག་ནས། དམར་དམག་རྒྱང་སྐྱོད་ཚོགས་པར་རྒྱབ་སྐྱོར་གང་ལེགས་བྱས།

ཉིས་སྟོང་བཅུ་གསུམ་ལོའི་ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན། བྱུ་རུ་སྒང་སྡེ་བ་སྐབས་གཉིས་པའི་ཀྲུང་གོའི་སྲོལ་རྒྱུན་སྡེ་བའི་མིང་ཐོའི་ཁྲོད་ཚུད་ལ། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བདུན་པའི་ཚེས་བཅུ་གསུམ་ཉིན། ཁྲིམས་འཛིན་པུའུ་དང་དམངས་སྲིད་པུའུ་ཡིས་བྱུ་རུ་སྒང་སྡེ་བ་སྐབས་བདུན་པའི་རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་ཁུལ་དུ་བདམས་ཐོན་བྱུང་།

ཤམ་བྷ་ལ་གྲོང་རྡལ་བྱུ་རུ་སྒང་སྡེ་བས་བོད་ཁང་དཀར་པོའི་གསར་བརྗེའི་དྲན་གསོ་ཁང་ལ་བརྟེན་ནས། དམར་དམག་གི་ཤུལ་བཞག་རིག་དངོས་ཉར་ཚགས་བྱས་ཏེ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་དམངས་དམག་བར་གྱི་བརྩེ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་ནུས་ཤུགས་བཏོན་དང་འདོན་བཞིན་འདུག

སྡེ་བའི་རྟེན་མཛོད་ཁང་དུ་བཞག་པའི་གནའ་བོའི་མེ་མདའ།

གསར་འགོད་པ།  ཕྱུག་ལོ། ཤ་བོ་རིན་མཚོ།

སྟོབས་ལྡན་རྒྱལ། སྐལ་བཟང་རྣམ་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། ཕྱུག་ལོ།

ལྟ་སྐུལ་བ། དབང་གྲགས་ཚེ་རིང་།