ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གོ·མཚོ་སྔོན་ལྗང་མདོག་འཕེལ་རྒྱས་ཚོང་གཏམ་གྲོས་ཚོགས་སྐབས་ཉེར་བཞི་པའི། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཚོང་འགུགས་དངུལ་འདྲེན་འོས་སྦྱོར་དང་མཉམ་ལས་ལས་གཞི་གལ་ཆེན་ལ་གན་རྒྱ་འཇོག་པའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་དང་། ཁྱོན་བསྡོམས་ལས་གཞི་སུམ་ཅུར་གན་རྒྱ་བཞག་པ་དང་། གན་འཇོག་དངུལ་འབོར་སྒོར་ཐེར་འབུམ་དྲུག་དང་དུང་ཕྱུར་གཅིག་བྱེ་བ་བདུན་ལ་སླེབས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་གན་རྒྱ་འཇོག་པའི་མཛད་སྒོར་ཞུགས།
ད་ཐེངས་ཀྱི་གན་རྒྱ་བཞག་པའི་ལས་གཞི་སུམ་ཅུའི་ཁྲོད་དུ། ནུས་ཁུངས་གསར་པ་དང་ཁྱད་ལྡན་ཞིང་འབྲོག་ལས། གཞི་གྲངས་ཆེན་མོའི་ཐོན་ལས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་ཆས་སོགས་ཁྱབ་ཁོངས་མང་པོ་འདུས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།