མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཟླ་བཞི་པའི་ཚེས་བཅུ་ཉིན་གྱི་ཕྱི་དྲོར་ཟི་ལིང་ནས་བསྡུས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་གྲོས་གཞི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ལ། ཞིང་ཆེན་ཡོངས་སུ་བརྗོད་དོན་སློབ་གསོ་སྤེལ་བར་སྐུལ་སློང་བཀོད་སྒྲིག་བྱས།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཐུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཀྲའོ་ཡུའེ་ཞ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས།
ཁྲིན་ཀང་གིས་བསྟན་དོན། ད་ལོ་ནི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་མགོ་བརྩམས་པའི་ལོ་ཡིན་པས། བརྗོད་དོན་སློབ་གསོ་སྤེལ་མགོ་རྩོམ་པའི་དུས་ཚོད་དམིགས་བསལ་ཡིན་པ་དང་དོན་སྙིང་ཆེན་པོ་ལྡན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་མཐོང་རྒྱ་ཆེ་ཞིང་དགོངས་པ་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་ལ། བརྗོད་དོན་སློབ་གསོ་སྤེལ་བའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས། ངོས་ཟིན་ཇེ་མཐོར་གཏོང་བ་དང་རྒྱུས་ལོན་ཟབ་མོ་བྱེད་པ། གོ་བ་ཡང་དག་བླངས་ནས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པའི་ཐད་ནས་རྒྱུན་མཐུད་ངང་འབད་འཐབ་བྱེད་པར་ཤུགས་སྣོན་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བསྐྱར་དར་གྱི་སྐྱོད་ལམ་སྟེང་ཁག་ཁུར་བྱེད་ཕོད་པར་བྱེད་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ནས་མཚམས་མི་འཇོག་པར། སྔར་ལས་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ན། སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་རྩ་བའི་ལས་འགན་ཚད་གཞིར་འཛིན་པ། དམིགས་འབེན་ལ་དམ་དུ་དམིགས་པ། བྱེད་ཐབས་གཙོ་བོ་ལག་བསྟར་བྱེད་པ། འབུར་ཐོན་གནད་དོན་ཐག་གཅོད་པ་བཅས་བྱས་ཏེ། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་སྟོབས་ལྡན་དུ་བསྒྱུར་བ་དང་བསམ་ཕྱོགས་ཇེ་གསལ་དུ་གཏོང་བ། བྱ་བ་བཟང་བོར་བསྒྲུབ་པ། སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་སྤྱོད་ཚུལ་ཇེ་བཟང་དུ་གཏོང་དགོས། གཞུང་ལུགས་སློབ་སྦྱོང་བྱེད་པ་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བའི་སྟེང་ཤུགས་འདོན་དགོས་ཏེ། མ་རྩོམ་ཀློག་པ་དང་མ་རྩོམ་སློབ་སྦྱོང་བྱེད་པ། བདེན་ལུགས་རྟོགས་པར་བྱེད་པ། མགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། ཡུན་རིང་བོར་སློབ་སྦྱོང་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་ཕུགས་འདུན་ཡིད་རྟོན་གྱི་སེམས་པ་གཅིག་ཏུ་བསྡུ་བ་དང་བློ་དཀར་བར་བྱས་ཏེ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མཐོར་འདེགས་སུ་གཏོང་དགོས། བརྟག་དཔྱད་ཞིབ་འཇུག་དང་དཀའ་ཁག་སེལ་བའི་སྟེང་ཤུགས་འདོན་དགོས་ཏེ། བརྟག་དཔྱད་ཞིབ་འཇུག་གི་གཙོ་ཐིག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་བྱེད་པའི་སྟེང་འཇོག་པ་དང་། གནད་དོན་ལ་ཐད་ཀར་ཁ་ཕྱོགས་པ་དང་དཀའ་གནད་ལ་ཐད་ཀར་ཁ་ཕྱོགས་པ། ལག་བསྟར་ལ་ཐད་ཀར་ཁ་ཕྱོགས་ནས། བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་གཞུང་ལུགས་སློབ་སྦྱོང་གིས་ལག་ལེན་ཐད་ཤུགས་འདོན་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱོད་ཚུལ་བསྒྱར་བའི་སྟེང་ཤུགས་འདོན་དགོས་ཏེ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་བསམ་བློ་བརྟན་པོ་འཛུགས་པ་དང་། དམངས་ཚིས་ལ་ཕན་འདོགས་པ་དང་དམངས་སེམས་ལ་དྲོད་ཁོལ་སྦྱིན་པ། དམངས་ཀྱི་འདོད་བློ་དང་བསྟུན་པའི་བྱ་བ་བཟང་བོར་བསྒྲུབ་པ། རྨང་གཞི་འདིང་བ་དང་ཡུན་རིང་ལ་ཕན་པའི་བྱ་བ་མང་པོ་བསྒྲུབ་པ། མང་ཚོགས་ཀྱིས་གོང་བཀུར་བྱེད་པ་དང་དམངས་ཚིས་ལེགས་སྒྱུར་བྱེད་པའི་བྱ་བ་མང་པོ་བསྒྲུབ་པ། མི་རབས་རྗེས་མར་ཕན་པའི་བྱ་བ་མང་པོ་བསྒྲུབ་དགོས། གནད་དོན་ལ་ལྟ་ཞིབ་བྱེད་པ་དང་དག་ཐེར་བཅོས་སྐྱོང་བྱེད་པའི་སྟེང་ཤུགས་འདོན་དགོས་ཏེ། རང་ཉིད་དེའི་ཁྲོད་འཇོག་པ་དང་། འགན་འཁྲི་དེའི་ཁྲོད་འཇོག་པ། བྱ་བ་དེའི་ཁྲོད་བཞག་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པའི་ཕྱོགས་ནས་ཇི་མ་ཇི་བཞིན་དུ་ལག་བསྟར་བྱེད་པ་དང་ལག་བསྟར་བྱེད་ཚད་མི་འདང་བའི་གནད་དོན་འཚོལ་བ། དག་ཐེར་ལེགས་བཅོས་ནན་མོ་བྱེད་པ་དང་ཐག་གཅོད་བཟང་བོ་བྱས་ཏེ། བརྗོད་དོན་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་དགོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་དང་ལག་བསྟར་བྱས་ནས་གྲུབ་འབྲས་ལེན་པའི་སྟེང་ཤུགས་འདོན་དགོས་ཏེ། བརྗོད་དོན་སློབ་གསོའི་ཁྲོད་ཀྱི་བྱེད་ཐབས་བཟང་བོ་དང་ཉམས་མྱོང་བཟང་བོ་དུས་ཐོག་ཏུ་ལམ་ལུགས་ཀྱི་རྣམ་པ་སྤྱད་དེ་གཏན་ཁེལ་བྱེད་པ་དང་། སྒྲིག་གཞི་དང་རྐྱེན་སྲོལ་སྟེང་ཉིན་རྒྱུན་དུ་གླེང་བ་དང་ཉིན་རྒྱུན་དུ་དག་ཐེར་བྱས་ཀྱང་ཡང་བསྐྱར་འབྱུང་བའི་གནད་དོན་ཐག་བཅད་དེ། བརྗོད་དོན་སློབ་གསོའི་ཐད་ནས་གྲུབ་པའི་ཡུན་ཕན་རྐྱེན་སྲོལ་བརྟན་པོ་འཛུགས་པ་དང་ཡུན་རིང་བོར་ལག་བསྟར་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས།
ཁྲིན་ཀང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པ་དང་བརྗོད་དོན་སློབ་གསོའི་ལས་འགན་སྣ་ཚོགས་ལག་བསྟར་བྱེད་པ་འབྲེལ་མཐུད་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དེ་མཚོ་སྔོན་གྱི་ལག་ལེན་གྱི་འདྲེན་བྱེད་དུ་བྱས་ནས། ཡར་ཐོན་མངོན་གསལ་འབྱུང་བ་དང་ཤུགས་ཡོད་པའི་སྒོ་ནས་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེ་ལག་བསྟར་གྱི་སྒྲིག་སྲོལ་ཞིབ་ཕྲའི་དགོངས་དོན་ལག་བསྟར་བྱེད་པ་མགོ་ཚུགས་ས་རུ་བྱེད་པ། ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་དཔོན་པོར་བཅོས་སྐྱོང་ནན་མོ་བྱེད་པ། གནད་དོན་ལ་མཐོང་ཆེན་བྱེད་པའི་རང་རྟོགས་དང་གྲི་དངོ་ནང་དུ་གཏོད་པའི་སྙིང་སྟོབས་སྲུང་འཛིན་བྱེད་པ། ཏང་གི་སྒྲིག་སྲོལ་སྒྲིག་ལམ་སློབ་སྦྱོང་བྱེད་རྒྱུ་དེ་ཏང་གཤིས་སློབ་གསོའི་ནང་དོན་གཙོ་བོར་བརྩི་བ། སློབ་སྦྱོང་བྱེད་ཞོར་དུ་བསམ་གཞིགས་གཏོང་བ་རྒྱུན་འཁྱོངས་བྱེད་པ། རྟོག་ཞིབ་བྱེད་ཞོར་དུ་རྟོག་སེལ་བྱེད་པ། སྤྱོད་ཚུལ་གནད་དོན་བཅོས་སྐྱོང་བྱེད་པ། རུལ་སུངས་ཀྱི་བྱ་སྤྱོད་ལ་ཆད་གཅོད་ནན་མོ་བྱས་ནས། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་བོ་བསྐྲུན་དགོས། རྒྱལ་དོན་གལ་ཆེན་རང་འགན་དུ་བརྩི་བ་དང་། སྐྱེ་ཁམས་གཙོར་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་རྟོགས་སྒོས་མཚོ་སྔོན་འཕེལ་རྒྱས་སུ་གཏོང་རྒྱུ་དེ་རྒྱལ་ཡོངས་ཀྱི་སྤྱིའི་བྱ་བའི་ཁྲོད་བཞག་ནས་གཟིགས་ཞིབ་དང་འཆར་འགོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་རུ་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཆའི་མ་ལག་འཛུགས་པའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཏེ། བློ་བརྟན་འགྱུར་མེད་སྒོས་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་གསར་བ་གཏོད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པ་དམིགས་འབེན་དུ་བྱེད་པ་དང་། སྤྱི་ཚོགས་བཅོས་སྐྱོང་དང་ཡུན་སྐྱོང་བདེ་འགོད་ལ་སྐུལ་འདེད་གཏོང་བ། ཏང་ནང་ཁུལ་གྱི་སློབ་གསོའི་སྣེ་ཁྲིད་དང་སྤྱི་ཚོགས་ཡོངས་ཀྱི་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་པར་བརྟེན་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཁས་ལེན་ལྔ་ཇེ་དྲག་ཏུ་གཏོང་བ་དང་། མཚོ་སྔོན་གྱི་ཆོས་ལུགས་ཞི་འཇམ་དང་མི་རིགས་འགྲིག་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་རྣམ་པ་བཟང་བོ་སྲ་བརྟན་དུ་གཏོང་དགོས།
ཁྲིན་ཀང་གིས་བརྗོད་དོན་སློབ་གསོའི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། གོང་དཔེ་འོག་སྟོན་བྱེད་པ་དང་འགན་འཁྲི་ནན་དཀྲི་བྱེད་པ། གཅིག་འདོམས་ལ་དོ་སྣང་བྱེད་པ་དང་དམིགས་འབེན་ལ་གཏད་དེ་བྱེད་ཐབས་སྤྱོད་པ། མཛུབ་སྟོན་ལ་ཤུགས་སྣོན་པ་དང་སྤུས་ཚད་ཇེ་མཐོར་གཏོང་བ། དྲིལ་སྒྲོག་དམ་འཛིན་བྱེད་པ་དང་སྣང་ཚུལ་བསྐྲུན་པ། ཆབ་སྲིད་ཀྱི་རང་རྟོགས་མཐོན་པོ་དང་བྱ་བའི་བྱེད་ཐབས་བཟང་བོ། སྒྲིག་ལམ་སྤྱོད་ཚུལ་དམ་པོས་བརྗོད་དོན་སློབ་གསོ་མགོ་ཚུགས་ས་མཐོན་པོ་ནས་སྤེལ་མགོ་རྩོམ་པ་དང་ཚད་གཞི་མཐོ་བའི་སྒོ་ནས་སྤེལ་བ། སྤུས་ཚད་མཐོ་བའི་སྒོ་ནས་ཕན་འབྲས་ལེན་པར་ཁག་ཐེག་བྱེད་པ། བརྗོད་དོན་སློབ་གསོའི་ཐད་ནས་བྱུང་བའི་ཡིད་ཆེས་དང་ངར་སེམས། སྟོབས་ཤུགས་དེ་དྲིན་གཟོ་མདུན་སྐྱོད་དང་མཐུན་སྒྲིལ་འབད་འཐབ་ཀྱི་སྒུལ་ཤུགས་ཆེན་པོ་འགྱུར་བར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས་པའི་རེ་བ་བཏོན།
ཝང་ཅོང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་མཐིལ་ཕྱིན་བྱས་ནས། བརྗོད་དོན་སློབ་གསོའི་ལས་འགན་སོ་སོ་དངོས་འབེབ་བྱེད་དགོས། གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་མཐོན་པོས་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་སྤེལ་བའི་ཆབ་སྲིད་ཀྱི་དོན་སྙིང་དང་གཞུང་ལུགས་ཀྱི་དོན་སྙིང་། ལག་ལེན་གྱི་དོན་སྙིང་ཆེན་པོ་བཅས་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། རྒྱ་ཆའི་ཏང་ཡོན་དང་ལས་བྱེད་རྣམས་ཀྱིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་ཡོང་བར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་སྒྲིལ་བློ་སྦྱོང་བྱས་ཏེ། ཏང་ཡོངས་ཀྱིས་གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པར་སྐུལ་འདེད་གཏོང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་སྒྲུབ་པ་བཅས་བྱས་ཏེ། སྔར་ལས་རང་རྟོགས་ཀྱིས་བསམ་བློ་དང་བྱ་སྤྱོད་ཀྱི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གསེད་བཀྲོལ་དང་སློབ་སྦྱོང་། ལག་བསྟར་བཅས་བྱས་ནས། རང་རྟོགས་སྒོས་དཔེ་ལྟ་དཔེ་སྡུར་བྱེད་པ་དང་། བྱ་བ་སྐུལ་སྤེལ་བྱེད་པའི་འཇུག་གནས་དང་གནད་དོན་ཐག་གཅོད་པའི་ཤུགས་འདོན་ས་ཡང་དག་པར་བཙལ་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བ་དང་། གནད་དོན་དག་ཐེར་བཅོས་སྐྱོང་བྱེད་རྒྱུ་ཏན་ཏིག་གིས་དམ་འཛིན་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པར་འཕེལ་རྒྱས་གསར་བ་དང་གྲུབ་འབྲས་གསར་བ་ལེན་དགོས། གཉིས་ནས་སྤྱིའི་བླང་བྱ་དམ་འཛིན་བྱས་ཏེ་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། དགོངས་པ་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་བ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དམ་འཛིན་དང་དེར་ངོས་འཛིན་ཡང་དག་བྱས་ཏེ། བརྗོད་དོན་སློབ་གསོའི་བྱ་བ་སོ་སོར་འཆར་འགོད་ཞིབ་ཚགས་བྱས་ནས། ཕན་འབྲས་ལེན་པར་ཁག་ཐེག་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བ་དེ་དཀྱིལ་སྙིང་ལ་དམིགས་པ་དང་། ཆེ་ཕྱོགས་ལ་ཞབས་འདེགས་ཞུ་བར་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྟེང་བཏོན་པའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་དམ་པོ་བྱས་ནས། ཏང་ཀྲུང་དབྱང་གིས་བསྩལ་བའི་འགན་ནུས་དང་ལས་འགན་ཁྲོད་དུ་བར་ཁྱད་བཙལ་ནས། དངོས་འབེབས་དམ་འཛིན་བྱེད་པ་དང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་དཀྱིལ་སྙིང་ལས་འགན་ལེགས་འགྲུབ་འབྱུང་ཆེད་སྒུལ་ཤུགས་སྟོབས་ལྡན་འདོན་སྤྲོད་བྱེད་དགོས། གསུམ་ནས་རྩ་བའི་ལས་འགན་ལ་དམ་དུ་དམིགས་ནས་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དངོས་འབེབས་བྱེད་པའི་རྩ་བའི་ལས་འགན་དེ་གཙོ་ཐིག་བྱས་ཏེ། བྱ་བའི་བཀོད་སྒྲིག་ཡོད་ཚད་དང་བྱེད་ཐབས་ཡོད་ཚད། རེ་བ་ཡོད་ཚད་བཅས་ཚང་མ་གཙོ་ཐིག་གི་མཐའ་བསྐོར་ནས་སྤེལ་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་རྣམས་ཀྱིས་དངོས་སུ་སྦྱངས་པ་དང་གོ་བ་ཟབ་མོ་ལེན་པ། དངོས་སུ་ཡིད་རྟོན་བྱེད་པ་དང་དངོས་སུ་སྤྱོད་པ་བཅས་ཀྱི་ཕྱོགས་སུ་སྐུལ་འདེད་བཏང་ནས། ལག་ལེན་དངོས་འབེབས་ཀྱི་སྟེང་ནས་འཕེལ་རྒྱས་གསར་བ་དང་གྲུབ་འབྲས་གསར་བ་ལེན་དགོས། བཞི་ནས་ཞིབ་ཕྲའི་དམིགས་འབེན་ལ་དམིགས་ནས་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། དམིགས་འབེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ལ་དམ་དུ་སྦྲེལ་ནས། ཞིབ་ཕྲའི་དམིགས་འབེན་གྱིས་སྣེ་ཁྲིད་པ་དང་། གནད་དོན་ཐག་གིས་གཅོད་རྒྱུ་དམ་འཛིན་བྱེད་པ། གནད་འཁེལ་ཤུགས་འདོན་བྱས་ནས། ཕྱོགས་སོ་སོའི་བྱ་བ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཞིབ་ཕྲའི་དམིགས་འབེན་གྱི་ཕུན་སུམ་ཚོགས་པའི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ནས། ཏང་གིས་དུས་རབས་གསར་བའི་ཏང་ཡོན་དང་། ལས་བྱེད་པའི་ཆབ་སྲིད་དང་བསམ་བློ། སྤྱོད་ཚུལ། ནུས་པ། སྤྱོད་གཙང་བཅས་ཕྱོགས་ཀྱི་རྩ་བའི་རེ་བ་ཡང་དག་པར་སྟངས་འཛིན་བྱས་ཏེ། བྱེད་ཐབས་གཏན་འབེབ་དང་དངོས་འབེབ་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད་དུ་རང་རྟོགས་སྒོས་དཔེ་ལྟ་དཔེ་སྡུར་བྱེད་པ་དང་། དུས་ལྟར་བར་ཁྱད་འཚོལ་ཞིབ་བྱས་ནས། བརྗོད་དོན་སློབ་གསོའི་རྣམ་པ་དང་ངོ་བོ་མི་འགྱུར་བར་བྱེད་དགོས། ལྔ་ནས་བྱེད་ཐབས་གཙིགས་སུ་བཟུང་ནས་དངོས་འབེབས་ལ་སྐུལ་འདེད་གཏོང་དགོས། མ་ལག་གི་བསམ་བློ་བཀོལ་སྤྱོད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞུང་ལུགས་སློབ་སྦྱོང་དང་རྟོག་དཔྱོད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དག་ཐེར། སྒྲིག་ལུགས་དང་ལམ་ལུགས་བཟོ་བ་བཅས་མཉམ་འབྲེལ་བྱས་ནས། གཞི་མཐུན་མཉམ་འདྲེས་དང་གཅིག་བསྡུས་སྐུལ་སྤེལ་བྱེད་པ་དང་། བྱ་བ་ཡོད་ཚད་འབད་པ་ཆེན་པོས་ཏན་ཏིག་དང་དོན་འཁྱོལ་ངང་སྒྲུབ་དགོས། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཆུང་བཅུ་བཞི་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱས་ནས། ཏང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཉམ་དུ་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ། མཛུབ་སྟོན་བྱ་བ་དེ་ཞབས་ཞུའི་ཁྲོད་འདྲེས་པར་བྱས་ཏེ། གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། བྱ་བར་བསམ་འཆར་འདོན་དགོས། གོ་རིམ་ཧྲིལ་བོར་མཛུབ་སྟོན་དང་ཁྱོན་ཡོངས་ལ་མཛུབ་སྟོན་བྱེད་པའི་དུས་མཉམ་དུ། ཁ་གཏད་གཙོ་བོ་འབུར་ཐོན་དང་། བྱེད་ཐབས་གཙིགས་སུ་བཟུང་ནས། རེ་བ་གཙོ་བོ་འབུར་ཐོན་ཡོང་བར་བྱེད་པ་དང་། དཔེར་མཚོན་རྙེད་པ་དང་སྤྱི་སྡོམ་བྱེད་པར་དོ་སྣང་བྱས་ནས། བརྗོད་དོན་སློབ་གསོའི་ཟབ་མོ་དང་རྣལ་མར་སྤེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་དབྱང་གི་གཏན་ཁེལ་བརྒྱད་དང་དེའི་ལག་བསྟར་བྱེད་ཐབས་ཞིབ་ཕྲའི་ནང་དོན་བརྩི་སྲུང་ནན་མོ་བྱས་ནས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་གི་སྣང་བརྙན་བཟང་བོ་མངོན་པར་བྱེད་དགོས།
ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱལ་ཆེའི་ཏང་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཐེངས་འདིའི་གྲོས་ཚོགས་ཀྱི་བླང་བྱ་ལྟར། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲིའི་བསམ་པ་དང་དངོས་འཚོལ་དངོས་སྒྲུབ་ཀྱི་སྤྱོད་ཚུལ་གྱིས་བརྗོད་དོན་སློབ་གསོར་དངོས་སུ་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲིའི་ཁག་ཁུར་གྱིས་གཏན་ཕབ་གཉིས་ལ་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོང་གཉིས་སྒྲུབ་སྟེ། ཆབ་སྲིད་ཀྱི་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་བཅས་མུ་མཐུད་མཐོར་འདེགས་སུ་གཏོང་དགོས། བརྗོད་དོན་སློབ་གསོའི་ཁྲོད་སེམས་ཤུགས་བཏོན་ནས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་སློབ་སྦྱོང་ལ་བརྟེན་ནས་ཤེས་རབ་འཕེལ་བར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་བཟང་སྐྱོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་དགོས། དགོངས་པ་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བཟང་བོ་བྱེད་པ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་པ། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ལྟ་ཞིབ་བཅོས་སྒྱུར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བསམ་བློའི་སློབ་གསོ་ཐེབས་པ་དང་ནུས་པ་ཇེ་ཆེར་གཏོང་བ། བྱ་བའི་ཐད་གྲུབ་འབྲས་ཐོབ་པར་བྱེད་རྒྱུ་བཅས་མངོན་འགྱུར་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་དང་། མིག་སྔའི་ལས་དོན་ཁག་སོ་སོ་དང་ཟུང་འབྲེལ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་མཚོ་སྔོན་ནས་དངོས་འབེབས་བྱེད་པར་ཧུར་ཐག་གིས་སྐུལ་འདེདགཏོང་དགོས།
གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་ལ། གྲོང་ཁྱེར་རམ་ཁུལ་དང་རྫོང་ངམ་ཆུའུ་རིམ་པ་གཉིས་སུ་ཡན་ལག་ཚོགས་ར་བཙུགས། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་གཞོན་པ་དང་། ཁོངས་མི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་རིམ་པའི་བློ་མཐུན་རྒན་པ་སྐོར་ཞིག་བཅས་ཚོགས་ར་གཙོ་བོ་རུ་ཚོགས་འདུར་ཞུགས། སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། འདེམ་སྒུག་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གླིང་། ཞིང་ཆེན་ཁོངས་གཏོགས་ཁེ་ལས་བཅས་ཀྱི་ཏང་ཙུའུ་འགན་ཁུར་བློ་མཐུན་གཙོ་བོ། དམངས་གཙོ་ཏང་ཁག་སོ་སོ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན། ཏང་ཁག་གང་ལ་ཡང་མི་གཏོགས་པའི་མི་སྣའི་འཐུས་ཚབ། ཀྲུང་དབྱང་ཐད་གཏོགས་སྡེ་ཁག་དང་ཁེ་ལས་དང་ལས་དོན་སྡེ་ཁག་སྐོར་ཞིག་གི་འགན་ཁུར་བློ་མཐུན་གཙོ་བོ། ཞིང་ཆེན་ཏང་ཨུའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མཛུབ་སྟོན་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མི་བཅས་ཚོགས་ར་གཙོ་བོ་ནས་གྲོས་ཚོགས་ལ་ཞུགས།
རིན་ཆེན་མཚོ་དང་སྐལ་བཟང་རྣམ་རྒྱལ། མི་ཕམ་མགོན་པོ་བཅས་ཀྱིས་བསྒྱུར།