ཟླ་བཞི་པའི་ཚེས་བཅུ་ཉིན། ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་པ་དང་། རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་མཐའ་གཅིག་ཏུ་བསྟན་དོན། སྤོབས་པས་ཁེངས་པའི་ཆབ་སྲིད་ཀྱི་བརྩེ་སེམས་དང་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་ལ་བརྟེན་ནས་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་སྤེལ་བ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་སློབ་སྦྱོང་བརྟེན་ནས་རིག་སྟོབས་རྒྱས་པར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། དུས་དང་རྣམ་པ་ཀུན་ཏུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ངར་སེམས་ཆེར་བསྐྱེད་དང་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ་དང་། དཀའ་སྤྱད་འབད་འཐབ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་མདོ་བ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཚེ་རིང་བཀྲ་ཤིས་ཀྱིས་བཤད་རྒྱུར། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། དེའི་ཁྲོད་དུ་འདུས་པའི་གཏིང་ཟབ་ཅིང་རྒྱང་རིང་བའི་ཆབ་སྲིད་ཀྱི་ཉམས་སད་དང་རྔམ་མཐུག་པའི་ཆབ་སྲིད་ཀྱི་གཏན་ཚིགས། གཏིང་ཟབ་པའི་ཆབ་སྲིད་ཀྱི་འདོད་བློ་བཅས་ཁོང་དུ་ཆུད་པར་བྱེད་པ་དང་། ཐེངས་འདིའི་བརྗོད་དོན་སློབ་གསོ་དེ་དེང་སྐབས་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་དུ་བཞག་སྟེ་རྩ་འཛུགས་ཞིབ་མོ་བྱས་ནས་ལག་བསྟར་བྱེད་པ་དང་། བརྗོད་དོན་སློབ་གསོའི་གོང་འོག་མཉམ་འབྲེལ་བྱེད་པ་དང་སྐྱེ་ལྡན་འབྲེལ་མཐུད་བྱེད་པ། ཏན་ཏིག་སྒོས་སྐུལ་འདེད་གཏོང་བར་འགན་སྲུང་བྱེད་པ། སློབ་གསོ་ཡིས་གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོའི་ཁྲོད་དུ་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་ནུས་པ་མཐོར་འདེགས་སུ་གཏོང་བ། སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་ཁྲིད་སྟོན་བྱེད་པ། ཧུར་ཐག་སྒོས་སློབ་སྦྱོང་གི་གྲུབ་འབྲས་དེ་འགྱུར་བ་མེད་པའི་ཕུགས་འདུན་འདུ་ཤེས་དང་གཏིང་ཟབ་པའི་དམངས་དོན་བརྩེ་སེམས། ཤུགས་དྲག་པའི་འགན་འཁྲིའི་ཁག་ཁུར། བྱང་ཆུབ་པའི་བྱ་བའི་ནུས་པ་བཅས་སུ་སྒྱུར་དགོས།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་མཐོན་པོ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཡུང་ཅུན་གྱིས་བཤད་རྒྱུར། བརྗོད་དོན་སློབ་གསོ་སྤེལ་བའི་བརྒྱུད་རིམ་ནི་རང་ཉིད་གཙང་དག་དང་རང་ཉིད་འཐུས་ཚང་། རང་ཉིད་སྒྱུར་བཅོས། རང་ཉིད་མཐོར་འདེགས་སུ་གཏོང་བའི་བརྒྱུད་རིམ་ཞིག་ཡིན་པས། མི་དམངས་བླ་ན་མེད་པ་རྒྱུན་འཁྱོངས་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དང་མཉམ་དུ་ལངས་ཤིང་ཕྱོགས་གཅིག་ལ་བསམ་གཞིགས་གཏོང་བ་དང་། མཉམ་དུ་ཤུགས་བསྐྱེད་དགོས། ཁེངས་སྐྱུངས་གཟབ་ནན་དང་དཀའ་སྤྱད་འབད་འཐབ་བྱེད་པ་དང་། ནུས་ཤུགས་ཡོད་རྒུ་བཏོན་ནས་དོན་དངོས་སྒྲུབ་པ་དང་བྱེད་ཐབས་འདོན་པ། དངོས་ཕན་བརྩོན་ལེན་བྱས་ནས། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཉེན་ཁ་འགོག་སེལ་དང་ཞི་འཇགས་སུ་གཏོང་བའི་ནུས་པ་ཇེ་ཆེར་གཏོང་དགོས།
ཐུན་ཏེ་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་དབང་ཕྱུག་གིས་བཤད་རྒྱུར། ཐུན་ཏེ་རྫོང་གིས་བརྗོད་དོན་སློབ་གསོ་སྤེལ་ཏེ། རིགས་གཞུང་སློབ་སྦྱོང་དང་ཆབ་སྲིད་བྱང་ཚད། བྱ་བའི་ནུས་པ་སོགས་ཕྱོགས་དྲུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་ངེས་ཡིན། ཏང་གི་གསར་སྐྲུན་རིགས་གཞུང་ཧུར་ཐག་སྒོས་དྲིལ་སྒྲོག་བྱེད་མཁན་དང་ཏང་གི་འདུ་ཤེས་འཛིན་སྟངས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་ལ་ཁྲིད་སྟོན་བྱེད་པའི་སྣེ་ཁྲིད་དམག་མི་བཟང་བོ་ཞིག་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་གཏོང་ངེས་ཡིན།
མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་ཆི་ཀྲི་ཕིན་གྱིས་བཤད་རྒྱུར། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ངས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་བྱེད་པ་དང་། ཧུར་ཐག་སྒོས་བརྗོད་དོན་སློབ་གསོའི་ཁྲོད་ཞུགས་ཏེ། གོ་བ་ཟབ་མོ་ལེན་པ་དང་གྲོས་ཚོགས་ཀྱི་དགོངས་དོན་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ཞིབ་བཤེར་དང་ཞིབ་འཇུག་ཟབ་མོ་བྱེད་པ། གཞི་རིམ་དུ་བསྐྱོད་ཅིང་མི་དམངས་ཀྱི་ལངས་ཕྱོགས་དང་མཉམ་གནས་བྱེད་པ་དང་། མང་ཚོགས་ཀྱི་ལྟ་བ་ཆགས་པར་བྱེད་པ། མང་ཚོགས་ལམ་ཕྱོགས་ལག་བསྟར་བཟང་བོ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་དུ་འཇུག་པ་དང་། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་ཕན་འབྲས་བཟང་བོ་ཐོབ་པར་སྐུལ་འདེད་གཏོང་ངེས་ཡིན།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་ལས་བྱེད་པ་ཧན་པེན་གྱིས་བཤད་རྒྱུར། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མ་ལག་དང་ཉིང་བཅུད་དོན་སྙིང་། ལག་ལེན་རེ་བ་བཅས་ཁོང་དུ་ཆུད་པར་བྱས་ཏེ། རྩ་འཛུགས་བཟང་བོ་བྱས་ནས་རིགས་གཞུང་སློབ་སྦྱོང་དང་དྲིལ་སྒྲོག་སྒྲོག་འགྲེལ་བྱེད་པ་དང་། ཏན་ཏན་ཏིག་ཏིག་སྒོས་རྩ་འཛུགས་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་པ། ཏང་གི་གསར་སྐྲུན་གཞུང་ལུགས་གཞི་རིམ་དུ་བསྐྱོད་པ་དང་མང་ཚོགས་ལ་ཤེས་སུ་འཇུག་པར་སྐུལ་འདེད་གཏོང་བ། ན་གོར་མོ་གྲོང་ཁྱེར་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་མཐུན་སྒྲིལ་འབད་འཐབ་བྱེད་པར་སྐུལ་མ་གཏོང་དགོས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཚེ་དབང་གིས་བཤད་རྒྱུར། དངོས་སྒྲུབ་ཁག་ཁུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས། ད་ལྟ་ང་ཚོ་སྤོབས་པ་ཆེར་བསྐྱེད་སྒོས་སྐྱོད་ལམ་གསར་བར་སྐྱོད་བཞིན་ཡོད་པས། ཏང་ཡོན་ལས་བྱེད་པའི་གདོང་ལེན་གྱི་ནུས་པ་སྔར་ལས་འདོན་སྤེལ་བྱེད་དགོས་པ་དང་། དཀའ་གནད་དང་ཉེན་ཁའི་མདུན་དུ་སྤོབས་པ་ཆེ་རུ་བསྐྱེད་ནས་ཚོད་ལྟ་བྱེད་པ་དང་བྱ་བ་སྒྲུབ་པར་མ་ཟད་སྟོབས་ཤུགས་ཡོད་རྒུ་བཏོན་ནས་རང་གི་འགན་འཁྲི་བཟང་བོར་སྒྲུབ་དགོས། བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡི་ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཁེ་ལས་ཁྲོད་དུ་སོང་ནས་རྒྱུ་ཆ་དང་པོ་འཚོལ་སྡུད་བྱེད་པ་དང་། བྱ་བའི་ཁྲོད་དུ་གནས་པའི་གནད་དོན་དང་མི་འདང་ས་བཙལ་བ། བྱ་བའི་ཁྲོད་ཀྱི་བློ་གྲོས་དང་སྟོབས་ཤུགས་དང་ལེན་བྱེད་པ། གནད་དོན་ཐག་གཅོད་པའི་བྱེད་ཐབས་དང་ཐབས་ལམ་བཙལ་ནས། ཁེ་ལས་ལ་ཞབས་འདེགས་ཞུ་བའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་དགོས །
བཀྲ་ཤིས་འབུམ་གྱིས་བསྒྱུར།