མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ལ་ཚུར་སྣང་ཆེན་པོ་བྱུང་།
2023.04.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 64

ཟླ་བཞི་པའི་ཚེས་བཅུ་ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་པ་དང་།  དེར་རང་ཞིང་གི་ཁེ་ལས་དང་ལས་དོན་སྡེ་ཁག་དང་། མཐོ་རིམ་སློབ་གླིང་སོ་སོའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ཆེན་པོ་བྱུང་། ཚང་མས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱས་པ་དང་རྒྱུས་ལོན་གསལ་བོ་བྱས། ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལག་བསྟར་ནན་མོ་བྱེད་པ། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད་ཞུགས་པ། ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་བརྗོད་དོན་སློབ་གསོ་སྤེལ་བ། དགོངས་པ་སློབ་སྦྱོང་བྱེད་པ་དང་ཏང་གཤིས་ཇེ་བརྟན་དུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག་པའི་སྤྱིའི་བླང་བྱ་ཁོང་དུ་ཆུད་པར་བྱེད་པ། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བཅས་འབྲེལ་མཐུད་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་འདོད་བློ་གཅིག་གྱུར་བྱེད་པ། འགུལ་སྐྱོད་གཅིག་གྱུར་བྱས་ཏེ། ཧུར་ཐག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་ལེའུ་འབྲི་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས།

ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱིས་བསྟན་དོན། གཞུང་ལུགས་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བའི་སྟེང་ཤུགས་འདོན་པ་དང་། མ་རྩོམ་ཀློག་པ་དང་མ་རྩོམ་སློབ་སྦྱོང་བྱེད་པ། རྩ་བའི་རིགས་པར་གོ་བ་ཟབ་མོ་ལེན་པ། སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ཟབ་མོ་བྱེད་པ། ཡུན་རིང་བོར་སློབ་སྦྱོང་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་དད་མོས་དང་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་གོ་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་གཏོང་དགོས།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ནད་ལྕི་མོའི་གསོ་རིག་ཚན་ཁག་གི་ཀྲུའུ་རིན་གཞོན་པ། སྐོར་ཁག་ཉེར་གཅིག་པའི་ཀྲུང་གོ་མཚོ་སྔོན་གྱི་པུའུ་ལུང་ཏེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི་སྤྱིའི་རུ་དཔོན་སུང་པིན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཁྲོད་མྱུར་དུ་ཞུགས་པ་དང་། བརྗོད་དོན་སློབ་གསོ་དང་ཕྱི་ཕྱོགས་ལ་སྨན་བཅོས་རོགས་སྐྱོར་བྱེད་པའི་བྱ་བ་གཉིས་ཟུང་འབྲེལ་བྱེད་དགོས། ཕྱི་ཕྱོགས་ལ་སྨན་བཅོས་ཐད་ནས་རོགས་སྐྱོར་བྱེད་པའི་ལས་རྐང་སྟེང་རྒྱལ་དོན་གལ་ཆེན་གྱི་སེམས་རྒྱ་ཁྱེར་ནས། ཧུར་ཐག་གིས་ཀྲུང་གོའི་སྨན་བཅོས་རུ་ཁག་གི་སྙིང་སྟོབས་ལག་བསྟར་བྱེད་པ་དང་། བྱ་བའི་གྲོས་འབྲས་ལ་བརྟེན་ནས་བློ་དཀར་བ་དང་ཁག་ཁུར་མངོན་པར་བྱེད་པ། ཞི་བདེའི་ཕོ་ཉ་བྱེད་པ་དང་ཚེ་སྲོག་གི་སྲུང་སྐྱོབ་པ་བྱེད་པ། བྱམས་སེམས་སྤྱོད་བཟང་ལ་བརྟེན་ནས་ས་དེའི་མི་དམངས་ལ་བདེ་སྐྱིད་བསྐྲུན་པ། བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་བཟང་བོར་བཤད་དགོས།

མཚོ་སྔོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ན་གཞོན་དགེ་རྒན་དབྱང་ཞང་ཅུན་གྱིས་བཤད་རྒྱུར། དུས་རབས་གསར་བའི་མཐོ་རིམ་སློབ་གླིང་གི་ན་གཞོན་དགེ་རྒན་ཞིག་ཡིན་པའི་ཆ་ནས། གཞུང་ལུགས་སློབ་སྦྱོང་གི་མདུན་གྲལ་དམག་བྱེད་དགོས། དུས་ཐོག་ཏུ་ཏང་གི་གཞུང་ལུགས་གསར་གཏོད་ཀྱི་གོམ་སྟབས་ཀྱི་རྗེས་བསྙེག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ནང་དོན་གཙོ་བོར་རྒྱུས་ལོན་གསལ་བོ་བྱེད་པ། དེའི་ཁྲོད་ཁྱབ་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བར་ཕྱོགས་ཡོངས་ནས་གོ་བ་ཟབ་མོ་ལེན་པ། གཞུང་ལུགས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། ནམ་ཡང་གཞུང་ལུགས་ཀྱི་མདུན་གྲས་དང་བསམ་བློའི་སྔོན་གྲས་སུ་ལངས་དགོས། དེ་དང་མཉམ་དུ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྤྱད་དེ་གནས་ཚུལ་དངོས་ལ་འབྲེལ་འདྲིས་བྱེད་པ་དང་གནད་དོན་ཐག་གཅོད་པ། བྱ་བར་སྐུལ་འདེད་གཏོང་བར་དོ་སྣང་བྱས་ནས། སློབ་སྦྱོང་དང་རྒྱུས་ལོན། བཀོལ་སྤྱོད་བཅས་སྦྲེལ་མཐུད་བྱེད་དགོས།

ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཝང་ཡུང་ཅིན་གྱིས་བཤད་རྒྱུར། ཞིབ་འཇུག་ཁང་གི་ཏང་ཨུས་བརྗོད་དོན་སློབ་གསོ་བྱ་བའི་འགན་འཁྲི་མི་སྣ་དང་པོ་ཡིན་པའི་ཆ་ནས། གཞུང་ལུགས་སློབ་སྦྱོང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་དང་མཚོ་སྔོན་ཚྭ་མཚོ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཐའ་གསལ་མཐིལ་རྟོགས་བྱས་ནས་སློབ་སྦྱོང་བྱེད་དགོས། ཚྭ་མཚོའི་ཚན་རིག་ཞིབ་འཇུག་གི་གྲུབ་ཚུལ་ལེགས་བསྒྱུར་བྱེད་པ་དང་། ཅི་ཞིག་བྱེད་འདོད་པ་དང་ཅི་ཞིག་བྱེད་ཐུབ་ནས་ཅི་ཞིག་བྱེད་དགོས་པར་བསྒྱུར་ནས། ཚྭ་མཚོའི་ཚན་རྩལ་གསར་གཏོད་ཐད་ཀྱི་གནད་དོན་དང་དཀའ་གནད་ཐག་གཅོད་པའི་སྟེང་ཤུགས་འདོན་དགོས། མཚོ་སྔོན་གྱི་ཚྭ་མཚོ་རྫས་འགྱུར་བཟོ་ལས་ཐོན་ལས་མུ་ཐག་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། གནད་འགག་ལག་རྩལ་མཉམ་དུ་བརྒལ་གཏོར་བྱས་ཏེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་ཆེད་རྒྱལ་ཁབ་ཀྱི་འགན་ཁུར་ཕྲག་ཏུ་ལེན་དགོས།

ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཁག་ཚད་ཡོད་ཀུང་ཟིའི་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧན་ཡུང་ལེན་གྱིས་བཤད་རྒྱུར། བརྗོད་དོན་སློབ་གསོ་བརྒྱུད་དེ། ལས་གཉེར་ལས་སྐྲུན་གྱི་གསོན་ཤུགས་ཆེར་སྐྱེད་པ། བསམ་བློ་དང་འགུལ་སྐྱོད་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ། མཐོ་སྒང་གི་ལྕགས་ལམ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་གཏམ་རྒྱུད་བཟང་བོར་བཤད་པ། ཞབས་ཞུ་དང་མཐོ་སྒང་གི་ལྕགས་ལམ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ། མཐོ་སྒང་གི་ལྕགས་ལམ་སྐྱེལ་འདྲེན་ཐད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ་དང་གྲངས་ཚད་ལུགས་མཐུན་སྒོས་འཕར་སྣོན་གཏོང་བར་སྐུལ་འདེད་གཏོང་བ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་དགོས་མཁོ་སྐོང་ཐབས་བྱས་ཏེ། མཚོ་སྔོན་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ལྕགས་ལམ་གྱི་སྟོབས་ཤུགས་འབུལ་དགོས།

མཚོ་སྔོན་མི་རིགས་སློབ་ཆེན་གྲ་སྒྲིག་སློབ་གསོ་སློབ་གླིང་གི་སྤྱི་ཁྱབ་ཏང་ཀྲི་པུའུ་ཧྲུའུ་ཅི། ཡོན་ཀྲང་རིག་འཛིན་གྱིས་བཤད་རྒྱུར། ང་ཚོས་ཀུན་སྤྱོད་བཙུགས་ནས་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བྱེད་པ་དང་ཤེས་ལྡན་མི་སྣའི་སྐྱེད་སྲིང་བྱེད་པའི་སྤུས་ཚད་མཐོར་འདེགས་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ། ཞིང་ཆེན་ཡོངས་ཀྱི་གྲ་སྒྲིག་སློབ་གླིང་ཆེན་པོ་བསྒྲུབ་པར་དམིགས་ནས། བརྟག་བཤེར་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་རྒྱུ་ཡིན། ཏན་ཏིག་ཕན་ལྡན་གྱི་བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་དེ། འགོ་ཁྲིད་ལས་བྱེད་པ་དང་རྒྱ་ཆེའི་ཏང་ཡོན་གྱི་ཏང་གཤིས་བློ་སྦྱོང་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སློབ་གླིང་གི་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་ནས། སྔ་མོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྤུས་ལེགས་མི་རིགས་སློབ་ཆེན་འཛུགས་པའི་ཐད་བྱས་རྗེས་འཇོག་དགོས།

མཚོ་སྔོན་ནུབ་རྒྱུད་ཆུ་གློག་ཚད་ཡོད་ཀུང་ཟིའི་ཏང་ཨུའི་ཧྲུའུ་ཅི། སྤྱི་ཁྱབ་འགན་འཛིན་པ་ཀྲང་ཅུན་ཅེ་ཡིས་བསྟན་དོན། བརྗོད་དོན་སློབ་གསོས་ལས་བཟོ་བ་ཡོངས་ཀྱི་ཡིད་ཆེས་དང་ངར་སེམས། སྟོབས་ཤུགས་སྔར་ལས་ཆེར་སྐྱེད་ངེས། ཀུང་ཟིས་བློ་བརྟན་འགྱུར་མེད་ཀྱིས་ལྗང་མདོག་དང་ཐཱན་དམའ། སྤུས་ཚད་མཐོ་བའི་ཚུལ་བསྒྱུར་འཕེལ་རྒྱས་ཀྱི་གཙོ་ཐིག་གཞིར་འཛིན་པ་དང་། ཐོན་སྐྱེད་ཚོང་གཉེར་དང་བདེ་འཇགས་ཐོན་སྐྱེད་ཀྱི་དཀྱིལ་སྙིང་བྱ་བར་དམ་དུ་དམིགས་ནས། སྤྱིའི་གློག་སྒོ་ཇེ་དམ་དུ་གཏོང་བ་དང་ཤུགས་འདོན་ས་ཡང་དག་འཚོལ་དགོས། ལས་བཟོ་བ་ཡོངས་ཀྱི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་པར་ཤུགས་སྣོན་པ་དང་། ཁེ་ལས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། སེམས་པའི་རྣམ་པ་བཟང་བོས་འགྲན་རྩོད་གསར་བར་ཁ་གཏད་པ། ཁེ་ལས་རྒྱུན་མཐུད་དང་བདེ་ཐང་། སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བ་བརྩོན་ལེན་བྱས་ཏེ། བརྗོད་དོན་སློབ་གསོ་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་གཏོང་དགོས།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལྗང་མདོག་ཐོན་ལས་འཕེལ་རྒྱས་ར་བའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཆོས་དབྱངས་ཀྱིས་བཤད་རྒྱུར། ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། བརྗོད་དོན་སློབ་གསོའི་ཁྲོད་ར་བའི་ཁུལ་གྱི་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་མདུན་དུ་ལྷགས་པའི་གནད་དོན་སྔོག་འདོན་བྱེད་པ་རྒྱུན་འཁྱོངས་བྱེད་པ། མང་ཚོགས་ཀྱི་བསམ་འཆར་ཡར་ཞུ་བྱེད་པ། མང་ཚོགས་ཀྱི་ཉམས་མྱོང་སྤྱི་སྡོམ་བྱེད་པ། དཀའ་ཁག་ཐག་གཅོད་པའི་བྱེད་ཐབས་བཟང་བོ་ཕྱིར་འདོན་པ། ཁེ་ལས་ཀྱི་དཀའ་ཁག་སེལ་བ་དང་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་བྱ་བར་ཕྱིར་ལན་འདེབས་པ། གཞི་རིམ་ལ་སྟོབས་ཤུགས་སྦྱིན་པ་དང་ཕན་འབྲས་ཇེ་མཐོར་གཏོང་བར་དོ་སྣང་བྱེད་པ། བྱ་བའི་གྲུབ་འབྲས་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས་ཏེ། སྤུས་ཚད་མཐོ་བའི་ངང་གུང་ཧོ་གཞུང་ས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

མཚོ་སྔོན་དགེ་ཐོན་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ན་གཞོན་དགེ་རྒན་ཝང་ཡན་ཧུང་གིས་བཤད་རྒྱུར། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བརྗོད་དོན་སློབ་གསོ་བརྒྱུད་དེ། སློབ་སྦྱོང་དང་རྒྱུས་ལོན་བྱེད་པའི་ཁྲོད་འགྱུར་མེད་དམ་བཅའི་ཕུགས་འདུན་ཡིད་རྟོན་བསྡུ་ལེན་བྱེད་པ་དང་ཁག་ཁུར་འབད་འཐབ་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། མཐོ་རིམ་སློབ་གླིང་གི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས། ངས་མུ་མཐུད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཞིབ་འཇུག་འགྲེལ་བཤད་དང་དྲིལ་སྒྲོག་ཁྱབ་གདལ་བྱ་བ་བཟང་བོ་བསྒྲུབ་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པའི་རང་རྟོགས་མཐོན་པོ་བསྒྱུར་བ་དང་། རང་འགན་བྱ་བ་བཟང་བོར་བསྒྲུབ་པ་དང་མཐོ་རིམ་སློབ་གླིང་གི་སློབ་གསོ་ལས་དོན་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་བཟང་བོར་བསྒྱུར་རྒྱུ་ཡིན།

རིན་ཆེན་མཚོས་བསྒྱུར།