ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་པའི་ཚུན་དུ། རང་ཞིང་གི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱས་པ་དང་། ཚང་མས་མཐའ་གཅིག་ཏུ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བྱེད་ཐབས་སྨྲ་བར་རྒྱུས་ལོན་གཏིང་ཟབ་བྱེད་པ་དང་། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བཀོལ་སྤྱོད་བཟང་བོ་བྱེད་པ། སློབ་སྦྱོང་ཁྲོད་ལག་ལེན་བྱེད་པ་དང་། ལག་ལེན་ཁྲོད་སློབ་སྦྱོང་བྱེད་པ། ཕྱོགས་གཅིག་ནས་བརྗོད་དོན་སློབ་གསོ་དམ་འཛིན་བྱེད་པ་དང་ཕྱོགས་གཅིག་ནས་རང་འཁྲིའི་བྱ་བ་དམ་འཛིན་བྱེད་པ། བྱ་བ་སྣ་ཚོགས་ལག་ལེན་མཐར་ཕྱིན་བྱེད་པའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་སྟེ། ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་དགོས་ཟེར།
མཚོ་སྔོན་ཁྲའོ་ཡང་དངོས་སྐྱེལ་ར་བའི་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཁྲིན་ཁྲུན་ལེ་ཡིས་བསྟན་དོན། བརྗོད་དོན་སློབ་གསོ་སྤེལ་བའི་གོ་རིམ་ཁྲོད། དོ་དམ་ཨུ་ཡོན་ལྷན་ཁང་གིས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་བརྗོད་དོན་སློབ་སྦྱོང་སློབ་གསོ་བརྒྱུད་དེ་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་དད་གུས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ། ཞན་ཆ་ཁ་གསབ་བྱེད་པ། ནུས་པ་དང་འཇོན་ཐང་ཇེ་མཐོར་གཏོང་བ་དང་། དེའི་ཁྲོད་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རྒྱུན་འཁྱོངས་དང་བཀོལ་སྤྱོད་བཟང་བོ་བྱེད་པ། བྱ་བའི་སྤྱོད་ཚུལ་བསྒྱུར་བ། ར་བའི་ཁུལ་གྱི་ཁེ་ལས་སུ་སོང་ནས་རྟོག་ཞིབ་བྱེད་པ། ཁེ་ལས་དང་ཚོང་གཉེར་བའི་དཀའ་ཁག་དངོས་སུ་ཐག་བཅད་དེ། འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།
ཟི་ལིང་གྲོང་ཁྱེར་མེ་འཁོར་ས་ཚིགས་ནུབ་མའི་སྲང་ལམ་གཞུང་སྒྲུབ་ཁྲུའུ་ཙོང་ཆུའི་འགྲམ་རྒྱུད་སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཝང་ཧའེ་ཡན་གྱིས་བསྟན་དོན། སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཞིག་ཡིན་པའི་ཆ་ནས། ཁོ་མོས་རང་འཁྲིའི་བྱ་བར་རྐང་འཛུགས་པ་དང་། ནམ་ཡང་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་ལ་དམིགས་ནས་བྱ་བ་སྤེལ་བ་དང་། སྤྱི་ཚོགས་སྟོབས་ཤུགས་སྔར་ལས་མང་པོ་སྡོད་ཁུལ་གྱི་འཛུགས་སྐྲུན་དང་བཅོས་སྐྱོང་། ཞབས་ཞུའི་ཁྲོད་ཞུགས་པར་སྐུལ་སློང་གཏོང་བ། ཧུར་ཐག་གིས་སྡོད་ཁུལ་གྱི་བཅོས་སྐྱོང་ཆུ་ཚད་མཐོར་འདེགས་གཏོངང་བ་དང་། ཁོངས་གཏོགས་ས་ཆའི་མི་སྡོད་ཁོར་ཡུག་ལེགས་སྒྱུར་བྱས་ནས། མི་དམངས་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་ཚོར་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ཟེར།
མཚོ་ཤར་གྲོང་ཁྱེར་ཕིན་ཨན་ཆུའུ་ཡི་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧྲི་ཚུན་རུའུ་ཡིས་བཤད་རྒྱུར། བསམ་བློ་དྲིལ་སྒྲོག་ཁྱབ་ཁོངས་ཀྱི་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མ་ལག་དང་གོ་དོན་གཙོ་བོ། ལག་ལེན་གྱི་རེ་བར་ཕྱོགས་ཡོངས་ནས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པ་དང་། དེའི་ཁྲོད་ཀྱི་འགོ་ཁྲིད་བྱེད་ཐབས་དང་བསམ་བློ་གཏོང་སྟངས། བྱ་བ་སྒྲུབ་སྟངས་བཅས་ལ་གོ་བ་ཟབ་མོ་ལེན་པ། འགན་སྒྲུབ་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཕིན་ཨན་ཆུའུ་ཡི་བསམ་བློ་དྲིལ་སྒྲོག་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།
མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ལེ་ཡིས་བཤད་རྒྱུར། གཞི་རིམ་ཏང་ཡོན་ལས་བྱེད་པ་ཞིག་ལ་མཚོན་ནས་བཤད་ན། མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དང་དམིགས་འབེན་ནམ་ཡང་མི་བརྗེད་པ་དང་། དུས་ནམ་ཡང་སེམས་གཏིང་ནས་མང་ཚོགས་ལ་བརྩི་བཀུར་བྱེད་པ་དང་། མང་ཚོགས་སེམས་ལ་འཛིན་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ། ཡོད་ཚད་མི་དམངས་བསམ་པའི་བསམ་བློ་རྒྱུན་འཁྱོངས་བྱེད་པ། དེ་དང་མཉམ་དུ་ཡུལ་དངོས་སུ་སོང་ནས། མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་དང་། གནས་ཚུལ་དངོས་ལ་ལྟ་ཞིབ་བྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་བཀོལ་ནས་གནས་ཚུལ་གསར་བར་ཞིབ་འཇུག་བྱེད་པ་དང་གནད་དོན་གསར་བ་ཐག་གཅོད་པ། ཉམས་མྱོང་གསར་བ་སྤྱི་སྡོམ་བྱེད་པ། མང་ཚོགས་ཀྱི་སེམས་ཁྲལ་དང་སེམས་ཁུར་བྱེད་པའི་བྱ་བ་ཐག་གཅོད་བཟང་བོ་བྱེད་པ། དངོས་གཉེར་འབད་འཐབ་བྱེད་པ་བརྒྱུད་དེ། མང་ཚོགས་ཀྱི་བསྔགས་བརྗོད་བརྩོན་ལེན་བྱེད་དགོས་ཟེར།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲི་ཀྲང་གཞོན་པ་ཝུའུ་ཧའོ་ཡིས་བསྟན་དོན། ད་ལ་ནི་རྨ་ལྷོ་ཁུལ་གྱི་སྲིད་གཞུང་བཙུགས་ནས་ལོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་གཙོ་གནད་ཐོད་བརྒལ་དང་ཕྱོགས་ཡོངས་མཐོར་འདེགས་བྱེད་པའི་མཁྲེགས་གཏོར་གྱི་ལོ་དེ་ལས་ཀྱང་ཡིན་པས། ཏང་ཀྲུང་དབྱང་གིས་ཏང་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་དེ་དུས་དང་འཚམ་ཞིང་ཧ་ཅང་གལ་ཆེ། འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། སྣེ་ཁྲིད་དེ་སྔོན་དུ་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་གཏིང་ཟབ་བྱེད་པ། གཏན་ཕབ་གཉིས་ལ་གོང་བཀུར་བྱེད་པ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་པ། དེ་དང་མཉམ་དུ་བརྟག་བཤེར་ཞིབ་འཇུག་གི་དར་སྲོལ་དར་སྤེལ་གཏོང་བ་དང་། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་ཁྲོད་མིག་དཔེ་བྱེད་དགོས། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་གླེང་ཕྱོགས་ཀྱི་སྣེ་ཁྲིད། རིག་གནས་ཀྱི་གྲོང་ཁྱེར་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། དྲིལ་སྒྲོག་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་བཏང་སྟེ། གྲོང་གསེབ་དར་སྤེལ་འཐབ་ཇུས་ལ་སྐུལ་འདེད་གཏོང་ཆེད་དགོངས་དོན་གྱི་སྒུལ་ཤུགས་ཆེར་བསྐྱེད་དགོས། སེམས་ཤུགས་གཅིག་ཏུ་བསྡུ་བ་དང་མི་རིགས་མཐུན་སྒྲིལ་གྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་སུ་བཏང་ནས། གྲོང་གསེབ་དར་སྤེལ་འཐུབ་ཇུས་ལ་སྐུལ་འདེད་གཏོང་ཆེད་འབད་འཐབ་མདུན་སྐྱོད་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུ་དགོས། མཐུན་སྒྲིལ་འབད་འཐབ་ཀྱི་དུས་རབས་ཀྱི་བརྗོད་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དུ་གཏོང་བ། མཐུན་སྒྲིལ་ལ་སྐུལ་འདེད་བཏང་སྟེ། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་དགོས།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ལས་ཞུགས་ཞབས་ཞུ་ཅུའུ་མི་ཤུགས་ཐོན་ཁུངས་ཚོང་རའི་འགན་ཁུར་མི་སྣ་མཱ་ཝུན་ཆིན་གྱིས་བཤད་རྒྱུར། དམངས་ཚིས་སྡེ་ཁག་ཞིག་ཡིན་པའི་ཆ་ནས། ཁོ་ཚོས་བརྩེ་སེམས་དང་སྟོབས་ཤུགས་བཏོན་ནས་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་པ་དང་། འབད་འཐབ་ཀྱི་སྟོན་གྲངས་དེ་མང་ཚོགས་ཀྱི་བདེ་སྐྱིད་ཀྱི་སྟོན་གྲངས་སུ་བསྒྱུར་ནས། མང་ཚོགས་ཀྱི་ཐོབ་ཚོར་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་སྐྱིད་སྣང་སྔར་ལས་རྒྱུན་བསྲིང་བ། བདེ་སྣང་ལ་སྔར་ལས་འགན་སྲུང་བཟང་བོ་བྱེད་དགོས་ཟེར།
རིན་ཆེན་མཚོས་བསྒྱུར།