ཟླ་བཞི་པའི་ཚེས་བཅུ་བཞི་ཉིན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་ཚོགས་ཆེན་བསྡུས་ཏེ། ཅུའུ་ཁོངས་གཏོགས་སུ་བརྗོད་དོན་སློབ་གསོ་སྤེལ་བའི་ཚ་རླབས་འཕྱུར་བར་བྱས།
ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད་རྒྱུར། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱ་ལྟར། ཅུའུ་ཏང་ཙུའུ་ཡིས་དུས་ཐོག་ཏུ་ཏང་ཙུའུ་གྲོས་ཚོགས་བསྡུས་ཏེ་ཅུའུ་ཁོངས་གཏོགས་སུ་བརྗོད་དོན་སློབ་གསོ་སྤེལ་བར་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཅུའུ་ཡོངས་ཀྱི་གོང་འོག་ཚང་མས་སྤྱོད་ཚུལ་ནན་མོ་དང་བྱེད་ཐབས་ནུས་ལྡན། བཀོད་སྒྲིག་ཞིབ་ཚགས་བཅས་ལ་བརྟེན་ནས་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དངོས་ལ་བརྟེན་ནས་ནགས་རྩྭ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་དགོས་ཟེར།
ཞིང་ཆེན་ཡོངས་ཀྱི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་། རྒྱལ་དོན་གྱི་ཆེ་ཕྱོགས་འགན་འཁྲི་རུ་བྱས་ཏེ་སྐྱེ་ཁམས་སྔོན་དུ་འགྲོ་བ་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རང་རྟོགས་སྒོས་མཚོ་སྔོན་གྱི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་ལྟ་ཞིབ་དང་འཆར་འགོད་བྱེད་པ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་པའི་ཐད་གྲུབ་འབྲས་བཟང་བོ་བླངས་ཏེ་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་ཞིག་ཏུ་བསྐྱོད་དགོས་ཞེས་བསྟན་ཡོད།
ལིས་ཞའོ་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་གོ་རིམ་ཁྲོད་དུ། ཅུའུ་ཡོངས་ཀྱིས་བྱ་བ་གཙོ་བོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་མདོ་དབུས་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་བྱེད་པ། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར། ནགས་རྩྭ་ཐོན་ཁུངས་དོ་སྲུང་། ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་བྱ་བ་གཙོ་བོར་སྐུལ་འདེད་ནན་མོ་བཏང་སྟེ་སྤུས་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་དང་ལངས་གནས་མཐོ་བའི་འཐབ་ཇུས་འཆར་འགོད། ཆུ་ཚད་མཐོ་བའི་མ་ལག་འཆར་འགོད། ཚད་གཞི་མཐོ་བའི་ཚན་རིག་སྐུལ་འདེད། ཕན་ནུས་མཐོ་བའི་རྩ་འཛུགས་བཅས་ལ་བརྟེན་ནས་ནགས་རྩྭ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
སློབ་སྦྱོང་དང་ཞིབ་བསྡུར། ལྟ་ཞིབ། དག་ཐེར་བཅས་བྱེད་ཞོར་དུ་གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་སྦྲེལ་དགོས། དེར་མ་ཟད། མི་དམངས་མང་ཚོགས་ཀྱི་འདོད་བློ་དང་རེ་བ་ནགས་རྩྭ་བྱ་བའི་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་། སྐྱེ་ཁམས་ཐོན་ཁུངས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ། ལྗང་མདོག་དམངས་ཕྱུག་ཐོན་ལས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཕན་ནུས་ཀྱི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བཟང་བོ་བྱེད་པ་བཅས་བྱས་ཏེ་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་བཟང་བོ་བྱེད་དགོས།
ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་མི་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ལིས་ཆིན་ཧྥིན་གྱིས་བཤད་རྒྱུར། ཏང་ཡོན་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས། ཆབ་སྲིད་ཀྱི་སྤྲོ་སེམས་ཆེན་པོ་དང་བསམ་པའི་རྣམ་པ་བཟང་བོ། བྱ་བའི་སྤྱོད་ཚུལ་བཟང་བོ་བཅས་བརྗོད་དོན་སློབ་གསོའི་ཁྲོད་འདྲེས་པར་བྱེད་པ་དང་། དགོངས་པ་སློབ་སྦྱོང་དང་ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་གཙིགས་སུ་འཛིན་པ། བྱས་རྗེས་གསར་པ་འཇོག་པ་བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་སྐབས། མིག་དཔེ་བརྩོན་ལེན་དང་དཔེ་བཟང་བརྩོན་ལེན། མདུན་གྲལ་དུ་བསྐྱོད་ཐུབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་བརྗོད་དོན་སློབ་གསོ་སྤེལ་ཏེ་ཅུའུ་ཁོངས་གཏོགས་ཀྱི་འཇོན་མིའི་དཔུང་སྡེ་འཛུགས་སྐྲུན་སོགས་བྱ་བ་བཟང་བོར་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།
ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཏང་ཙུའུ་ཁོངས་མི། ཅུའུ་ཀྲང་གཞོན་པ་ཝང་ཨུན་ཀོང་གིས་བསྟན་དོན། ཞིང་ཆེན་ནགས་རྩྭ་ཁོངས་གཏོགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་དེ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་འཛུགས་པ་དང་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་སྟེང་སྔོན་ཐོན་དང་དཔེ་བཟང་བརྩོན་ལེན་དང་བྱས་རྗེས་གསར་པ་འཇོག་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལག་ལེན་གྱི་མཐོ་ས་བསྐྲུན་རྒྱུ་སྤྱི་འདོམས་སུ་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྣེ་ཁྲིད་པ་བཟང་བོ་བྱས་ཏེ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཐད་མཚོ་སྔོན་གྱི་རིག་སྟོབས་ཕུལ་ནས་ཀྲུང་ཧྭའི་ཆུ་གཏེར་སྲུང་སྐྱོབ་དང་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་པར་མཚོ་སྔོན་གྱི་སྟོབས་ཤུགས་འབུལ་དགོས།
ལྷ་མོ་ཚེ་རིང་གིས་བསྒྱུར།