ཟླ་བཞི་པའི་ཚེས་བཅུ་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཚོང་དོན་ཐིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་བསྡུས་ཏེ་ཐིན་ཡོངས་ཀྱི་བརྗོད་དོན་སློབ་གསོའི་བྱ་བར་བཀོད་སྒྲིག་བྱས་ནས། ཚོང་དོན་ཁོངས་གཏོགས་སུ་བརྗོད་དོན་སློབ་གསོ་སྤེལ་བའི་ཚ་རླབས་འཕྱུར་བར་བྱས།
ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཞིང་ཆེན་ཚོང་དོན་ཐིན་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ། བརྗོད་དོན་སློབ་གསོ་སྤེལ་སྐབས་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་པའི་སྟེང་ཤུགས་འདོན་པ་དང་ཚད་གཞི་མཐོ་བའི་སྒོ་ནས་རིགས་གཞུང་སློབ་སྦྱོང་དམ་འཛིན་བྱེད་པ། མ་རྩོམ་ཀློག་པ་དང་མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དེའི་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་ལྟ་བར་རྒྱུས་ལོན་ཟབ་མོ་བྱས་ཏེ་སློབ་སྦྱོང་གི་གྲུབ་འབྲས་དེ་ཚོང་དོན་བྱ་བའི་འཕེལ་རྒྱས་ཀྱི་ཡང་དག་པའི་བསམ་ཕྱོགས་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་བྱེད་ཐབས་དང་། གནད་དོན་ཐག་གཅོད་པའི་གྲུབ་འབྲས་དངོས་བཅས་སུ་བསྒྱུར་དགོས་ཞེས་བསྟན།
ཕན་འབྲས་བཟང་བོ་ཐོབ་རྒྱུར་ཤུགས་བསྣན་ནས་སྤུས་ཚད་མཐོན་པོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱས། ཚོང་དོན་གྱི་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་འདྲེས་པར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། ཆ་ཚང་ཞིང་ཡང་དག་པ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་རྒྱུན་ལོན་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་ཞུ་བ་དང་དེའི་ཁྲོད་འདྲེས་པར་བྱེད་པ། ཚོང་དོན་བྱ་བའི་ངེས་གནས་གལ་ཆེན་གསུམ་ལ་རྐང་བཙུགས་ཏེ་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཚད་མཐའ་བརྟན་སྲུང་བྱེད་པ་བཅས་བྱས་ནས་མཚོ་སྔོན་གྱི་ཚོང་དོན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།
གྲོས་ཚོགས་སྟེང་། ཞིང་ཆེན་ཚོང་དོན་ཐིན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་ཆད་ལུས་མེད་པར་ལག་བསྟར་དོན་འཁྱོལ་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་པ། བྱ་བ་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་པ་བཅས་བྱས་ཏེ་བརྗོད་དོན་སློབ་གསོ་དང་ཚོང་དོན་བྱ་བ་གཉིས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་གཉིས་ཀར་གྲུབ་འབྲས་བཟང་བོ་ཐོབ་རྒྱུར་འབད་པ་བྱེད་དགོས་པའི་བླང་བྱ་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།