ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གྲོལ།
2023.04.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 63

ཟླ་བཞི་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གྲོལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཀང་གིས་དཔེ་ཀློག་འཛིན་གྲྭ་གྲོལ་བའི་མཛད་སྒོར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། བརྗོད་དོན་སློབ་གསོ་མགོ་བཟང་བོ་ཞིག་ཚུགས་པའི་རྨང་གཞིའི་སྟེང་། དཔེ་ཀློག་འཛིན་གྲྭའི་གྲུབ་འབྲས་ལ་སྤྱི་བསྡོམས་ནན་མོ་བྱེད་པ་དང་བཀོལ་སྤྱོད་བཟང་བོ་བྱས་ཏེ། སློབ་སྦྱོང་ལས་བྱུང་བའི་སྤྲོ་སེམས་དེ་སྤོབས་པ་ཆེན་པོས་འཐབ་རྩོད་བྱེད་པ་དང་ལས་སྒྲུབ་ལས་སྤེལ་བྱེད་པའི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་དགོས་ལ། ཧུར་ཐག་སྒོས་སློབ་སྦྱོང་ལ་བརྟེན་ནས་བློ་སྦྱོང་བྱེད་པ་དང་སློབ་སྦྱོང་ལ་བརྟེན་ནས་རིག་སྟོབས་རྒྱས་པར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་བཏང་ནས། ཞིང་ཆེན་ཡོངས་ཀྱི་བརྗོད་དོན་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས། ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཝུའུ་ཞའོ་ཅུན་དང་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་དང་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་བཅས་མཛད་སྒོར་ཞུགས།

ཁྲིན་ཀང་གིས་བསྟན་དོན། ཐེངས་འདིའི་དཔེ་ཀློག་འཛིན་གྲྭས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་བསམ་བློའི་རྨང་གཞི་བརྟན་པོ་བཏིངས་ཞིང་བྱ་བ་སྔར་ལས་བཟང་བོར་སྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན་པ་དང་། དེ་ནི་སེམས་གཏིང་དུ་སིམ་པའི་བསམ་བློའི་སྦྱོང་བརྡར་ཞིག་དང་གསོན་ཉམས་ལྡན་ཞིང་གཏིང་ཟབ་པའི་ཆབ་སྲིད་ཀྱི་སྦྱོང་བརྡར་ཞིག སེམས་ཤུགས་གཅིག་ཏུ་སྒྲིལ་བའི་ལག་ལེན་གྱི་སྦྱོང་བརྡར་ཞིག གཏིང་ཟབ་ཅིང་གོ་རིམ་ལྡན་པའི་ཆེད་ལས་ཀྱི་སྦྱོང་བརྡར་ཞིག་ཡིན་པས། དགོངས་པ་སློབ་པའི་ཐད་བློ་རྒྱ་བསྐྱེད་པ་དང་ཏང་གཤིས་བསྐྱེད་པའི་ཐད་ནུས་ཤུགས་བསྩལ་ལ། ལག་ལེན་གཙིགས་སུ་འཛིན་པའི་ཐད་ཤེས་རྒྱ་བསྐྱེད་པ་དང་། བྱས་རྗེས་གསར་བ་འཇོག་པའི་ཐད་རྩལ་ཤུགས་བསྣན་ནས། ཏན་ཏན་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ཐད་ལ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་འདིང་བར་སྐུལ་འདེད་བཏང་།

ཁྲིན་ཀང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནི་ད་ལོའི་ཏང་གི་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ཡིན་པས། རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་སེམས་སྒྲིལ་བློ་སྐྱེད་བྱེད་པ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆབ་སྲིད་ཁས་ལེན་དང་བསམ་བློའི་ཁས་ལེན། རིགས་གཞུང་ཁས་ལེན། བརྩེ་སེམས་ཁས་ལེན་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་བར་མ་ཟད། རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་སྤེལ་བ་དེ་དཀྱིལ་སྙིང་བྱ་བར་སྐུལ་འདེད་གཏོང་བ་དང་ཟུང་དུ་སྦྲེལ་ཞིང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དང་དངོས་འབེབས་བྱེད་པ་དང་དོན་དངོས་ཀྱི་བྱ་བར་སྐུལ་འདེད་གཏོང་བ་དང་ཟུང་དུ་སྦྲེལ་ཏེ། སློབ་སྦྱོང་ཁྲོད་དུ་བྱ་བའི་སྒྲུབ་སྟངས་ཁོང་དུ་ཆུད་པར་བྱེད་པ་དང་། བྱ་བའི་ཁྲོད་དུ་སློབ་སྦྱོང་གི་གྲུབ་འབྲས་ལ་ཞིབ་བཤེར་ཚད་ལེན་བྱེད་དགོས་པར་མ་ཟད། ཏང་གི་གསར་གཏོད་གཞུང་ལུགས་དེ་བྱེ་བྲག་གི་བྱ་བ་བཟང་བོར་སྒྲུབ་པའི་བསམ་ཕྱོགས་གསར་པ་དང་བྱེད་ཐབས་གསར་པ། སྒྲུབ་སྟངས་གསར་པར་བསྒྱུར་བ་དང་། གསར་སྐྲུན་རང་བཞིན་གྱི་སྒོ་ནས་མཚོ་སྔོན་གྱི་དོན་དག་བཟང་བོར་སྒྲུབ་པ་དང་མཚོ་སྔོན་གྱི་བྱ་བ་གང་ལེགས་སྒོས་སྒྲུབ་ནས། ཏང་འཛུགས་དང་ལས་སྒོ་ཟུང་འབྲེལ་བཟང་བོ་བྱེད་དགོས། དམིགས་འབེན་ལས་འགན་དང་དམ་པོར་སྦྲེལ་ཏེ། སྤོབས་པ་ཆེན་པོས་འཐབ་རྩོད་སྙིང་སྟོབས་དར་སྤེལ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་འབྱུང་སྲིད་པའི་ཕྱི་ཚུལ་རིང་ལུགས་ཀྱི་སྣང་ཚུལ་སྣ་ཚོགས་ཁྱད་སེལ་བྱེད་པ། བློ་ཐག་རྦད་ཆོད་སྒོས་འབྱུང་སྲིད་པའི་སྒྱིད་ལུག་གི་སྤྱོད་ཚུལ་དང་སླ་སྒྱུར་བྱེད་པ། རྣམ་པ་སྒྱུར་བ་སོགས་ཀྱི་གནད་དོན་སྣ་ཚོགས་གཏན་འགོག་བྱེད་དགོས་ཤིང་། གཟབ་ནན་གྱི་སྤྱོད་ཚུལ་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་ཐད་ནས་ཕན་འབྲས་ངོ་མ་ཐོབ་པར་འགན་སྲུང་བྱས་ཏེ། རྣམ་པ་ཙམ་སྟོན་པ་དང་སླ་སྒྱུར་བྱེད་པར་གཏན་འགོག་བྱེད་དགོས། རིགས་བགར་མཛུབ་སྟོན་ལ་ཤུགས་བསྣན་ཏེ། འགན་བགོས་ཁྱབ་ཁོངས་དང་དེའི་ཁོངས་སུ་གཏོགས་པའི་ལས་ཁུངས་དང་ལས་རིགས་ཀྱི་ཁྱད་ཆོས་ལྟར། ཡུལ་བབ་དང་བསྟུན་པ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ། དོན་དངོས་ལྟར་བྱེད་ཐབས་སྤྱོད་པ་དང་གནད་འཁེལ་ཇུས་བསྟར་བྱེད་དགོས་ལ། གཏན་འཁེལ་བྱས་པའི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་རང་གི་འགན་འཁྲི་དང་ལེན་བཟང་བོ་བྱས་ནས་ཕན་འབྲས་ཐོབ་པར་བྱེད་པ། བརྗོད་དོན་སློབ་གསོ་སྤེལ་བའི་ཕྱི་ཚུལ་ཙམ་མི་སྟོན་པ་དང་ཕན་འབྲས་ཐོབ་པར་འགན་སྲུང་བྱས་ནས། དོན་དངོས་དང་མཐུན་པར་འཆར་གཞི་འགོད་དགོས། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱས་ཏེ། བརྗོད་དོན་སློབ་གསོ་དམ་འཛིན་བྱེད་པ་དང་། དངོས་སུ་འཆར་འགོད་དང་ཡུལ་དངོས་ནས་བཀོད་འདོམས་བྱེད་པ་དང་། འགན་འཁྲི་དང་ལེན་བཟང་བོ་བྱེད་པ། བརྗོད་དོན་སློབ་གསོ་དེ་ཁྱབ་ཁོངས་སོ་སོ་དང་རིམ་པ་སོ་སོ་ནས་སྤེལ་ཚུལ་མི་འདྲ་བ་འབྱུང་བར་གཏན་འགོག་བྱེད་དགོས་པར་མ་ཟད། ཞིང་ཆེན་ཡོངས་སུ་གོང་འོག་མཉམ་འབྲེལ་བྱེད་པ་དང་གཡས་གཡོན་མཉམ་འབྲེལ་བྱེད་པ། སྤྱི་ཡོངས་ལ་སྐུལ་འདེད་གཏོང་བའི་སྣང་ཚུལ་བཟང་བོ་བསྐྲུན་ནས། གོང་འོག་ལ་ཁྱད་པར་མེད་པར་བྱེད་དགོས། རྒྱུན་འཁྱོངས་མཐིལ་ཕྱིན་བྱས་ཏེ། བརྗོད་དོན་སློབ་གསོ་ཉིན་རྒྱུན་གྱི་བྱ་བའི་ཁྲོད་འདྲེས་པར་བྱས་ཏེ། རྒྱུན་དུ་དམ་འཛིན་བྱེད་དགོས་པ་དང་། བསམ་བློའི་སྟེང་ལྷོད་གཡེང་མི་བྱེད་པ། ཚད་གཞི་ལས་དམའ་བར་མི་བྱེད་པ། ཤུགས་ཚད་སྟེང་ཇེ་གཉོམ་དུ་མི་གཏོང་བ། དག་ཐེར་ལེགས་བཅོས་ཐད་རྩོད་གླེང་མི་བྱེད་པ་བཅས་བྱས་ཏེ། བརྗོད་དོན་སློབ་གསོ་ཐོག་མཐའ་བར་གསུམ་དུ་ལེགས་ཕྱོགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པ་དང་། མགོ་ཡོད་མཇུག་མེད་ཅིག་ཏུ་མི་འགྱུར་བར་སྔོན་འགོག་བྱེད་དགོས། མངོན་གསལ་སྒོས་བརྗོད་དོན་སློབ་གསོ་དམ་འཛིན་བྱས་ནས། མང་ཚོགས་ཟབ་ཞུགས་བྱེད་ཚད་ཆེ་རུ་གཏོང་དགོས་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས་ལ། མང་ཚོགས་ལ་དཔྱད་འཇོག་བྱེད་དུ་བཅུག་ནས། ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་བཏང་ནས། ཏང་གི་གསར་གཏོད་གཞུང་ལུགས་དེ་རྒྱ་ཆེའི་མི་སེར་གྱི་ཁྱིམ་དུ་ཁྱབ་གདལ་དུ་གཏོང་དགོས།

དཔེ་ཀློག་འཛིན་གྲྭ་ཚོགས་པའི་སྐབས་སུ།   ཀྲུང་དབྱང་ཏང་གི་སློབ་གྲྭ་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་།   རྒྱལ་ཡོངས་དམངས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་།   ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་བཅས་ཀྱི་ཆེད་མཁས་པ་རྣམས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཏང་ཕྱོགས་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ།    མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ།    སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་བརྗོད་དོན་ལ་དམིགས་ཏེ་ཆེད་དོན་ཟུར་ཁྲིད་བྱས།  སློབ་མ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དང་ཏང་གི་སྒྲིག་ཡིག   ཞི་ཅིན་ཕིང་གི་གསུང་རྩོམ་འདེམ་ཀློག  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་རྩ་གནད།   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སློབ་སྦྱོང་རྩ་གནད་སོགས་ངེས་ཀློག་དཔེ་ཆ་དང་འདེམས་ཀློག་དཔེ་ཆ།  རང་འདེམས་ནང་དོན་བཅས་ལ་དམིགས་ཏེ་དཔེ་ཀློག་དང་སློབ་སྦྱོང་བྱས་པ་དང་།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་པར་མ་ཟད།   ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།  ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ།   ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ།   དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ།   ལག་ལེན་འཛིན་པ།    བྱས་རྗེས་འཇོག་པ་བཅས་ཀྱི་བརྗོད་དོན་ལ་དམིགས་ཏེ་ཆེད་དོན་བགྲོ་གླེང་བྱས་ཤིང་།    དུས་རབས་གསར་པ་ཞེས་པ་སོགས་ཆེད་དོན་བརྙན་རིས་ལ་བལྟས་པ་དང་།   མཚོ་སྔོན་རྡུལ་ཕྲན་མཁར་རྗེས་དྲན་ཁང་དང་མཚོ་སྔོན་མདེལ་གཉིས་སྐར་གཅིག་ལས་བྱེད་པའི་སློབ་གླིང་དུ་སོང་སྟེ་ཡུལ་དངོས་སློབ་སྦྱོང་བྱས་ནས་ཏང་གཤིས་སློབ་གསོ་སྤེལ། དཔེ་ཀློག་འཛིན་གྲྭས་དོ་དམ་ནན་མོ་བྱེད་པ་དང་གོ་རིམ་ཧྲིལ་བོར་བཀག་སྡོམ་རྣམ་པའི་དོ་དམ་བྱེད་ཐབས་ལག་བསྟར་བྱས་པ་དང་།    སློབ་སྲོལ་བཟང་བོར་བརྟེན་ནས་སྤྱོད་ཚུལ་ནན་མོ་སྦྱོར་བརྡར་དང་སྤྱོད་ཚུལ་ནན་མོར་བརྟེན་ནས་གྲུབ་འབྲས་བཟང་བོར་འགན་སྲུང་བྱས་ཏེ་གནད་འགག་ཉུས་ཤས་ཀྱིས་མང་ཆེ་བར་ཁྲིད་སྟོན་བྱེད་ཐུབ་པར་བྱས།

སློབ་མ་ཡོངས་ཀྱིས་གཅིག་གྱུར་གྱིས་བལྟས་ན།    ཐེངས་འདིའི་དཔེ་ཀློག་འཛིན་གྲྭ་ནི་བློ་རྩེ་གཅིག་སྒྲིམ་གྱིས་དཔེ་ཀློག་བྱེད་པ་དང་སེམས་བདེ་མོས་སློབ་སྦྱོང་བྱེད་པའི་ཉམས་ཞིབ་ཐེངས་ཤིག་ཡིན་པ་དང་།   སློབ་མ་ཡོངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་སོགས་གཙོ་གནད་དང་དཀའ་གནད་ལ་བསམ་གཞིགས་ནན་མོ་བྱས་པ་དང་རྒྱུས་ལོན་གཏིང་ཟབ་བྱས་ལ།   ཁོ་ཚོའི་འགན་འཁྲི་ཁུར་དུ་བཟང་བོར་ལེན་པ་དང་རང་འགུལ་འབད་འཐབ་བྱེད་པའི་ནང་གནས་སྒུལ་ཤུགས་ནུས་ཡོད་སྒོས་ཆེ་རུ་བསྐྱེད་སོང་ཟེར།   ཚང་མས་ལང་ལོང་གིས་བསྟན་དོན།   དཔེ་ཀློག་འཛིན་གྲྭའི་སློབ་སྦྱོང་གྲུབ་འབྲས་སྔར་ལས་སྲ་བརྟན་དུ་གཏོང་བ་དང་རྒྱ་བསྐྱེད་དེ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིད་ལ་དམ་པོར་འཛིན་པ་དང་ཆབ་སྲིད་ཀྱི་གཙོ་གནད་དམ་པོར་འཛིན་པ།  ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ལ་རྒྱུས་ལོན་ཟབ་མོ་བྱེད་པ།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བྱ་བའི་བསམ་ཕྱོགས་དང་གྲུབ་འབྲས་དངོས་སུ་བསྒྱུར་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་གཙང་བོའི་འབྱུང་ཡུལ་གྱི་ས་གཞིའི་སྟེང་བཟང་བོར་འབྲི་ངེས་ཡིན་ཟེར།

དཔེ་ཀློག་འཛིན་གྲྭ་གྲོལ་བའི་མཛད་སྒོའི་སྟེང་ཞིང་ཆེན་ཏང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་ཁོངས་མི་དང་ཏང་ཡོན་མིན་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་པ།    ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་དགོངས་པ་སློབ་པ་དང་ཏང་གཤིས་བསྐྱེད་པ། ལག་ལེན་འཛིན་པ།   བྱས་རྗེས་འཇོག་པ་བཅས་ཀྱི་བརྗོད་དོན་ལ་དམིགས་ཏེ་ཡུལ་དངོས་དང་ཡིག་ཐོག་གི་གཏམ་བཤད་རྣམ་པ་སྤྱད་པ་དང་རང་རང་གི་སློབ་སྦྱོང་བྱ་བའི་དོན་དངོས་དང་སྦྲེལ་ཏེ་ཚང་མར་སློབ་སྦྱོང་གི་མྱོང་ཚོར་མཉམ་སྤྱོད་བྱས།