སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུ་དེ་མཚོ་སྔོན་གྱི་ལག་ལེན་བྱེད་ཐབས་སུ་བརྩི་དགོས།
2023.05.06 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 34

—རང་ཞིང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ།

ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་བརྗོད་དོན་སློབ་གསོ་སྤེལ་བའི་ཇུས་ཆོད་བཀོད་སྒྲིག་གཏན་འཁེལ་བྱས་རྗེས། ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། བརྗོད་དོན་སློབ་གསོ་ཏན་ཏིག་སྒོས་གཏིང་ཟབ་ཏུ་སྤེལ་བར་སྐུལ་སློང་དང་བཀོད་སྒྲིག་བྱས། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱིས་སྔ་གཞུག་ཏུ་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས་ཏེ། བརྗོད་དོན་སློབ་གསོ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་དང་པོར་བརྩིས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དང་ཟུང་འབྲེལ་དམ་པོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱེད་པ་སོགས་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོ་ལག་བསྟར་བྱེད་པ་དང་ཟུང་འབྲེལ་དམ་པོ་བྱས་ནས། སྤྱིའི་རེ་བ་ཁོང་དུ་ཆུད་པར་བྱེད་པ་དང་། ཧུར་ཐག་སྒོས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་བྱེད་པ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་པ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ནས། དཀའ་སྤྱད་འབད་འཐབ་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་གསར་པའི་ཐད་ལ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན།

བསམ་བློ་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ། དངོས་སྒྲུབ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་ནན་གྱིས་བསྟན་དོན། ཞབས་ཞུ་དང་འཕེལ་རྒྱས་ཐད་ལ་ཤུགས་བསྐྱེད་དེ་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་བར་རོགས་འདེགས་བྱེད་དགོས། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་བཙོག་བཟོ་འགོག་བཅོས་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཞབས་ཞུ་དང་འཕེལ་རྒྱས་ཀྱི་སྲིད་ཇུས་རབ་དང་རིམ་པ་དང་རྒྱུན་མཐུད་བྱེད་ཐབས་ལག་བསྟར་བྱས་ཏེ་ཕན་འབྲས་ཐོབ་པ་དམ་འཛིན་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་ལས་གཞི་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་རྨང་གཞིའི་སྒྲིག་ཆས་ཀྱི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས། རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་ཤུགས་སྣོན་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མུ་རི་གཏེར་ཁུལ་དང་དེ་མིན་མདོ་ལ་རི་བོའི་ལྷོ་རྒྱུད་ཀྱི་མཚོ་སྔོན་ཕྱོགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དག་ཐེར་བཅོས་སྐྱོང་མཇུག་བསྡུ་བའི་བྱ་བ་སོགས་དམ་འཛིན་བྱེད་དགོས། རྒྱུན་མཐུད་སྒོས་གནམ་ས་གཞི་གཅིག་ཅན་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་རྒྱའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ལྟ་ཞིབ་དག་ཐེར་བཅོས་སྒྱུར་དང་ལྟ་སྐུལ་དོ་དམ་ཁྲིམས་སྐྱོང་སྐུལ་སྤེལ་བྱས་ནས། ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་སྲུང་གཙོ་གཞིའི་འགན་འཁྲི་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་དགོས།

བློ་སྒྲིལ་སེམས་བསྐྱེད་ལ་དཀྱིལ་སྙིང་ཡོད་པ་དང་། དངོས་སྒྲུབ་འགན་འཁྲི་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡིས་བསྟན་དོན། དཀྱིལ་སྙིང་བྱ་བར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་དང་མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཚོགས་པ་འཛུགས་སྐྲུན་བྱེད་པ། གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་སྒྱུར། ནགས་རྩྭའི་ཐོན་ཁུངས་དོ་དམ་སྲུང་སྐྱོབ་སོགས་ཀྱི་བྱ་བ་གཙོ་བོར་སྐུལ་འདེད་གཏོང་བ་དང་། རྒྱུན་ཆད་མེད་པར་གསར་སྐྲུན་བྱས་ཏེ་མཚོ་སྔོན་གྱི་ནགས་རྩྭའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག མི་དམངས་མང་ཚོགས་ཀྱི་འདོད་ཚུལ་དང་བསམ་ཕྱོགས་དེ་བྱ་བའི་བརྒྱུད་རིམ་ཧྲིལ་བོ་དང་འདྲེས་པར་བྱེད་པ་དང་། ཤུགས་ཆེན་པོས་ལྗང་མདོག་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་སྲིད་ཇུས་དངོས་འབེབས་བཟང་བོ་བྱེད་པ། སེམས་ཤུགས་གཅིག་ཏུ་སྒྲིལ་ནས་མང་ཚོགས་ཀྱི་དཀའ་ཁག་སྣ་ཚོགས་ཐག་གཅོད་བཟང་བོ་བྱེད་དགོས།

སེམས་ཞིབ་མོས་འཆར་འགོད་བྱེད་པ་དང་གནད་ལ་འཁེལ་བའི་ནུས་ཤུགས་བཏོན་ཏེ། རྒྱུན་ཆད་མེད་པར་དངོས་འབེབ་དམ་འཛིན་བྱེད་དགོས། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ཡིས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྲུང་སྐྱོབ་དང་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན། ལྗང་མདོག་འཕེལ་རྒྱས་སོགས་བརྗོད་དོན་སློབ་གསོའི་ལག་ལེན་གྱི་ནང་དོན་དུ་བཞག་ནས། བྱ་བ་གཙོ་བོའི་ཐད་ནས་ཡར་ཐོན་མངོན་གསལ་འབྱུང་བ་དང་ནུས་ལྡན་སྒོས་མཐོར་འདེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ཐད་ལ་སྔར་ལས་ཤུགས་བསྐྱེད་པ་དང་། རི་ཆུ་ནགས་གསུམ་དང་ཞིང་ས་དང་མཚེའུ། རྩྭ་ས་དང་བྱེ་ས་སོགས་ལ་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་གོ་རིམ་ལྡན་པར་བཅོས་སྐྱོང་བྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་སྒོས་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཐད་ལ་སྔར་ལས་ཤུགས་བསྐྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་དེ་ཚད་གཞི་མཐོ་བའི་སྒོ་ནས་གསར་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་ཐད་སྔར་ལས་ཤུགས་བསྐྱེད་དེ། མཚོ་སྔོན་པོ་ས་ཁུལ་གྱི་ཐོན་ལས་སྒྲིག་གཞི་དང་བར་སྟོང་སྒྲིག་གཞིའི་ཚུལ་སྒྱུར་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས།

སློབ་སྦྱོང་གི་ཁྲོད་ཐོག་མའི་བསམ་འདུན་ཇེ་བརྟན་དུ་གཏོང་བ་དང་། ཞིབ་བརྟག་ཁྲོད་གནད་དོན་བཙལ་བ། བྱ་བའི་ཁྲོད་གྲུབ་འབྲས་མངོན་པ་བཅས་བྱེད་དགོས། མཚོ་སྔོན་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་གྱིས་བསྟན་དོན། རང་བྱུང་ཐོན་ཁུངས་ལས་ཁུངས་ཀྱི་ཞབས་ཞུའི་འགན་སྲུང་ནུས་པ་ཧུར་ཐག་སྒོས་འདོན་སྤེལ་བཟང་བོ་བྱས་ཏེ། འཛུགས་སྐྲུན་ལས་གཞི་གཙོ་བོ་མགྱོགས་མྱུར་དང་བདེ་བླག་ངང་དངོས་འབེབས་བྱེད་དགོས། སྐོར་ཐེངས་གསར་བའི་འཐབ་ཇུས་རང་བཞིན་གྱི་གཏེར་འཚོལ་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་ཞིང་། རང་ཞིང་དུ་ཡོད་པའི་སྦས་ཤུགས་འཐབ་ཇུས་རང་བཞིན་གྱི་གཏེར་ཁ་དང་ལྷག་པར་དུ་རྒྱལ་ཁབ་ཏུ་དཀོན་པའི་གཏེར་ཁ་གཅིག་སྡུད་བྱེད་པ་དང་རྩད་ཞིབ་ཤུགས་ཚད་སྔར་ལས་ཇེ་ཆེར་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོན་ཁུངས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས། རང་ཞིང་གི་རིམ་བཞི་རིགས་གསུམ་གྱི་རྒྱལ་ཁོངས་བར་སྟོང་འཆར་འགོད་མ་ལག་མྱུར་དུ་འཐུས་ཚང་དུ་བཏང་ནས། ཞིང་ཆེན་རིམ་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ལག་བསྟར་ལྟ་སྐུལ་ཆ་འཕྲིན་མ་ལག་དུས་མཉམ་དུ་འགྲུབ་པར་བྱེད་དགོས། ཆེས་གཟབ་ནན་ཡིན་པའི་ཞིང་ས་སྲུང་སྐྱོབ་ལམ་ལུགས་དངོས་འབེབས་བཟང་བོ་བྱས་ནས། ཞིང་ས་སྲུང་སྐྱོབ་ཀྱི་ཞིང་དཔོན་ལམ་ལུགས་ཚོད་ལྟའི་ངང་ལག་བསྟར་བྱེད་དགོས། དམངས་ཚིས་འགན་སྲུང་བྱས་ཏེ། གཏིང་ཟབ་དང་ཞིབ་ཕྲ་སྒོས་ཞིང་ཆེན་ཡོངས་ཀྱི་ས་གཤིས་གནོད་འཚེའི་ཉེན་ཁར་ཞིབ་བཤེར་བྱེད་པ་དང་། ཏན་ཏིག་སྒོས་ཆུ་ལོག་རྒྱུག་པའི་སྐབས་སུ་ས་གཤིས་གནོད་འཚེ་འགོག་བཅོས་བྱ་བ་བཟང་བོར་སྒྲུབ་དགོས།

ཡིག་སྒྱུར་བ། ཤ་བོ་རིན་མཚོ།