—ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོའི་སྐོར་གླེང་བ།
“དགོངས་དོན་ལག་བསྟར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ”ནི་ཐེངས་འདིའི་བརྗོད་དོན་སློབ་གསོའི་དམིགས་འབེན་གྱི་གྲས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དགོངས་དོན་ལག་བསྟར་བྱས་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ནི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་འཛུགས་པ་དང་། ཡོད་ཚད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་ཡོད་ཚད་མི་དམངས་ལ་བརྟེན་རྒྱུ་རྒྱུན་འཁྱོངས་བྱེད་པ། རང་རྟོགས་སྒོས་ཐབས་ཇུས་དམངས་ལ་འདྲི་བ་དང་དགོས་མཁོ་དམངས་ལ་འདྲི་བ། ཐོག་མཐའ་བར་གསུམ་དུ་མི་དམངས་དང་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་འབྲེལ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཏེ། དམངས་ཚིས་ལ་ཕན་པ་དང་དམངས་སེམས་དྲོ་བར་བྱེད་པ། དམངས་ཀྱི་འདོད་བློ་དང་བསྟུན་པའི་བྱ་བ་སྒྲུབ་ནས་མང་ཚོགས་ཡིད་ཚིམས་སུ་འཇུག་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཇེ་དྲག་ཏུ་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་ངེས་པ་དང་། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བའི་ཁྲོད་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་།
ང་ཚོའི་ཏང་ནི་མི་དམངས་ཁྲོད་འོང་ཞིང་མི་དམངས་ཁྲོད་དུ་རྩ་བ་ཚུགས་ཏེ།མི་དམངས་ལ་ཞབས་འདེགས་ཞུ་དགོས།བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ཏང་གི་རྩ་བའི་དམིགས་ཡུལ་ཡིན། དུས་རབས་གསར་པའི་ལོ་བཅུའི་ནང་། ང་ཚོས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། ཐམས་ཅད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་སྤྲད་ཡོད། འོན་ཀྱང་ང་ཚོས་མི་དམངས་མང་ཚོགས་ཀྱི་ཉིན་རེ་བཞིན་མཐོ་རུ་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་དང་དོན་དངོས་དབར་ད་དུང་ཧེ་བག་ཡོད་པ་དང་། མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་བསྡུར་ནས་སྔར་བཞིན་གནས་པའི་མང་ཚོགས་དང་ཁ་བྲལ་བའི་སྣང་ཚུལ་ཤེས་རྟོགས་དང་ཡོ་བསྲང་བྱེད་པ། མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་སྐབས་སྔར་བཞིན་དོན་དངོས་དང་མི་མཐུན་པ་དང་། སེམས་དང་མི་མཐུན་པ། ནུས་ཤུགས་གང་ཡོད་མི་འདོན་པ་བཅས་ཀྱི་གནད་དོན་ལ་དམིགས་ཏེ། ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བྱ་རྒྱུར་སློབ་གསོ་དང་ཁྲིད་སྟོན་བྱས་ནས། མི་དམངས་མང་ཚོགས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་སྒོས་མང་ཚོགས་དང་མཉམ་དུ་གནས་པ་དང་མང་ཚོགས་དང་མཉམ་དུ་སྒྲུབ་དགོས་ལ། མི་དམངས་མང་ཚོགས་ཀྱི་ཡིད་ཚིམས་མིན་ཏེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་བརྡར་གཅོད་བྱེད་པའི་གཞི་རྩའི་ཚད་གཞི་རུ་བཟུང་ནས། མི་དམངས་མང་ཚོགས་ཀྱི་ཆེས་ཐད་ཀར་དང་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བཟང་པོ་བྱས་ཏེ། དམངས་ཚིས་ལ་ཕན་པ་དང་དམངས་སེམས་དྲོ་བར་བྱེད་པ། དམངས་ཀྱི་འདོད་བློ་དང་བསྟུན་པའི་བྱ་བ་སྒྲུབ་ནས་མང་ཚོགས་ཡིད་ཚིམས་སུ་འཇུག་དགོས།
མི་དམངས་ལ་ཞབས་འདེགས་ཞུ་བར་སྤྱོད་ཚུལ་ལེགས་སྒྱུར་བྱེད་པར་ཤུགས་རྒྱག་དགོས། སྤྱོད་ཚུལ་ལེགས་སྒྱུར་བྱ་རྒྱུ་ནི་ཏང་ཡོན་ལས་བྱེད་པར་བསྡུར་ཞིབ་བྱེད་པའི་མ་མཐའི་ཚད་གཞི་ཡིན་ཞིང་། སྤྱོད་ཚུལ་བཟང་པོ་ནི་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ལས་སྐྲུན་བྱེད་པའི་རྨང་རྡོ་ལྟ་བུ་ཡིན། དངོས་ཡོད་ཀྱི་ཁྲོད་དུ་ལས་བྱེད་པ་ཉུང་ཤས་ལ་དམངས་ལ་བདེ་སྐྱིད་སྐྲུན་པའི་འགན་འཁྲི་དང་བྱས་རྗེས་འཇོག་པའི་སེམས་ཤུགས་མེད་པ་དང་། ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་། འཕེལ་རྒྱས་ཀྱི་དུས་རིམ། དོན་དངོས་ལ་ཚོད་འཛིན་བཅས་བྱ་རྒྱུར་དགའ་པོ་ཡོད་པས། གཞི་རིམ་དང་ལས་དོན་ཐད་ཉི་མ་འཁྱོལ་ཐབས་བྱེད་པ་དང་ཐ་ན་དཔོན་པོ་ཁོ་ན་བྱེད་པ་ལས་བྱ་བ་སྒྲུབ་འདོད་མེད་པའི་སྣང་ཚུལ་ལ་དམིགས་ནས“སྤྱོད་ངན་བཞི”ཡོ་བསྲང་དང་བཅོས་སྐྱོང་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཙོ་གནད་ཀྱིས་བཅོས་སྐྱོང་བྱས་ནས། སྤྱོད་ཚུལ་ནན་མོ་དར་སྤེལ་ཤུགས་ཆེན་གཏོང་དགོས་ལ། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས་ནས་བྱ་བ་ཏན་ཏིག་གིས་སྒྲུབ་པ་དང་། སེམས་སུ་འདོད་རྔམ་བཅངས་པ་གཏན་འགོག་བྱས་ཏེ། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཡུན་རིང་ལ་ཕན་པའི་དོན་དག་མང་པོ་སྒྲུབ་པ་དང་། མང་ཚོགས་ལ་སྲུང་སྐྱོབ་དང་དམངས་ཚིས་ལེགས་བཅོས་བྱེད་པའི་དོན་དག་མང་པོ་སྒྲུབ་པ། དམངས་ལ་ཕན་པའི་དོན་དག་མང་པོ་སྒྲུབ་སྟེ། བྱ་སྤྱོད་བརྟན་སྲུང་བྱས་ནས་དམངས་ཀྱི་འགན་འཁྲི་ལེགས་པོར་སྒྲུབ་པ་དང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
མདུན་སྐྱོད་ཀྱི་བགྲོད་ལམ་སྟེང་། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་རང་སྣང་གི་འཇིག་རྟེན་དང་ཕྱི་རོལ་ཡུལ་གྱི་འཇིག་རྟེན་སྒྱུར་བཀོད་བྱེད་པའི་བསམ་བློའི་དྲག་ཆས་སྟོབས་ཆེན་ཞིག་དང་། ལྷག་པར་དུ་དགོངས་པ་གལ་ཆེན་འདིའི་འཇིག་རྟེན་ལྟ་བ་དང་། བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་བསམ་བློའི་མཚོན་ཆ་ཞིག་ཏུ་འགྱུར་བར་བྱས་ནས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ་དང་། དམངས་ཀྱི་ཆེད་དུ་བརྩེ་སེམས་བཅངས་བ། དམངས་ཀྱི་ཆེད་དུ་ཁེ་ཕན་སྒྲུབ་པ་བཅས་བྱས་ཏེ། བཅོས་སྒྱུར་འཕེལ་རྒྱས་ཀྱི་ཕན་འབྲས་ཏན་ཏིག་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཏང་སྲོལ་སྲིད་སྲོལ་བཟང་པོར་བརྟེན་ནས་མི་དམངས་ཀྱི་ཡིད་ཆེས་ཐོབ་པར་བྱེད་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།