སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡང་དག་བླངས་ནས་འགན་འཁྲི་འཁུར་ཏེ། ངར་སེམས་ཆེར་སྐྱེད་ཀྱིས་སྐྱོད་ལམ་གསར་པར་ཞུགས་དགོས།
2023.05.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

--སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་སྒོས་སྤེལ།

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་འཚོགས་རྗེས། སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་དངོས་གནས་གསར་གཏོད་ཡར་བརྩོན་གྱི་སྒུལ་ཤུགས་དང་ཕན་འབྲས་སུ་བསྒྱུར་དགོས།

སློབ་སྦྱོང་གཏིང་ཟབ་དང་གོ་བ་ཡང་དག་ལེན་པ་དང་། གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་ཏེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ།ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་བརྗོད་དོན་སློབ་གསོའི་དམིགས་འབེན་གྱི་བླང་བྱ་དེ་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་བྱ་བའི་ཕྱོགས་སོ་སོའི་ནང་འདྲེས་པར་བྱས་ནས་ལག་ལེན་གྱི་ཁྲིད་ཕྱོགས་དང་གནད་དོན་གྱི་ཁྲིད་ཕྱོགས་ལ་ཤུགས་སྣོན་པ་དང་། ཕན་འབྲས་ལ་སྣང་ཆེན་བྱེད་པ་དང་། སྤུས་ཚད་མཐོ་རུ་གཏོང་རྒྱུར་དམིགས་ཏེ། བློ་བརྟན་འགྱུར་མེད་སྒོས་གཞི་གཅིག་ཅན་གྱི་གཙོ་གནད་བྱེད་ཐབས་དོན་འཁྱོལ་ཟབ་མོ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པའི་རྨང་གཞིའི་སྟེང་། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་འབུར་དུ་བཏོད་དེ་སློབ་སྦྱོང་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་སྲུང་སྐྱོབ་དང་“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཇུས་འདོན་ལག་རོགས་པ་བཟང་པོ་བྱེད་དགོས།

སྔོན་ལ་ཇུས་འགོད་དང་གཅིག་གྱུར་གྱིས་མཐུན་སྦྱོར། ཁྲིད་སྟོན་ལ་ཤུགས་སྣོན། འགན་འཁྲི་དངོས་སྒྲུབ་བྱེད་པ་བཅས་བརྒྱུད་དེ། བརྗོད་དོན་སློབ་གསོའི་འགོ་ཡག་པོ་ཚུགས་པ་དང་། གོམ་པ་བཟང་པོ་སྤོ་བར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཞུང་སྒྲུབ་ཁང་ཡོངས་ཀྱི་སྐུལ་སློང་ཚོགས་འདུ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་སུ་གཅིག་བསྡུས་ཞིབ་འཇུག་གྲོས་སྡུར། ཆེད་དོན་ཟུར་ཁྲིད་སྙན་ཞུའི་ཚོགས་འདུ་བཅས་ཚོགས་ནས“སློབ་སྦྱོང་ཆེན་མོ་དང་། བརྟག་དཔྱད་ཆེན་མོ། སྦྱོང་བརྡར་ཆེན་མོ”རྩ་འཛུགས་དང་ལག་བསྟར་བྱས་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་འགན་འཁྲི་ཡག་པོར་འཁུར་བ་དང་ཞབས་ཞུ་ལྟེ་གནས་ཀྱི་བྱ་བའི་དངོས་ཡོད་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་སྒྲིག་གཞི་སྒྲིག་ཁོངས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱི་ཆེད་དོན་དཔེ་ཀློག་འཛིན་གྲྭ་དང་“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཡང་དག་པའི་ངོས་འཛིན་དང་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི”རིགས་པའི་གཞུང་ལུགས་སློབ་སྦྱོང་དང་སྙན་ཞུའི་ཚོགས་འདུ་ཚོགས་ཏེ། བརྗོད་དོན་སློབ་གསོ་སྤེལ་བ་དང་སྒྲིག་གཞི་བཅོས་སྒྱུར་དང་རྩ་འཛུགས་ལག་བསྟར་དམ་འཛིན་བྱེད་པ་སོགས་ལོ་ཧྲིལ་པོའི་ལས་འགན་གཙོ་བོ་དོན་འཁྱོལ་བྱ་རྒྱུར་གཅིག་གྱུར་བྱས་ཡོད།

ཏང་ཡོངས་སུ་བརྟག་དཔྱད་ཞིབ་འཇུག་ཆེས་ཆེར་བྱ་རྒྱུ་ནི་ཐེངས་འདིའི་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་ཞིག་ཡིན། རྒྱལ་ཁབ་འཕེལ་རྒྱུས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས“ལག་ལེན་གཙོ་བོར་འཛིན་པའི”ཐད་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་འཐབ་ཇུས་གལ་ཆེན་དང་། འཆར་འགོད་གལ་ཆེན། སྲིད་ཇུས་གལ་ཆེན། བཅོས་སྒྱུར་གལ་ཆེན། ལས་གཞི་གལ་ཆེན་སོགས་ཀྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཁྱབ་ཁོངས་སོ་སོ་རུ་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་ཟབ་མོ་བྱས་ནས་གནད་དོན་མཐིལ་རྟོགས་བྱེད་པ་དང་། བྱ་བ་ལེགས་སྒྱུར་བྱེད་པར་འཕེལ་རྒྱས་དང་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོབ་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད། དམངས་སྲིད་པུའུ་ཡིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་དང་དམངས་སྲིད་ཞབས་ཞུ་བྱ་ཡུལ་དུ་བསྐྱོད་དེ། གནས་ཚུལ་ངོ་མ་ཁོང་དུ་ཆུད་པ་དང་། བར་ཁྱད་འཚོལ་བ། དཀའ་གནད་ཐག་གཅོད་བཅས་བྱས། ནོར་སྲིད་པུའུ་ཡིས་ནོར་སྲིད་བྱ་བའི་དོན་དངོས་དང་ཟུང་འབྲེལ་དམ་པོ་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་སྐབས་དོན་ངོ་མར་སློབ་པ་དང་། དོན་ངོ་མར་གོ་བ་ལོན་པ། དོན་ངོ་མར་ཡིད་ཆེས་པ། དོན་ངོ་མས་སྤྱོད་ཐུབ་པར་བྱེད་པ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་དོན་དངོས་དང་འབྲེལ་བ་དང་། གཞི་རིམ་དུ་ཟབ་ཞུགས། མང་ཚོགས་ཁྲོད་ཟབ་ཞུགས་བཅས་བྱས་ཏེ། འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་དཀའ་གནད་སེལ་བ་དང་དམངས་ཀྱི་སེམས་ཁྲལ་སེལ་དགོས་པའི་བླང་བྱ་བཏོན་ཡོད།

སློབ་སྦྱོང་གི་གྲུབ་འབྲས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་བར་བྱེད་དགོས། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་དང་ཤུགས་རྐྱེན་ཐེབས་པའི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། བརྗོད་དོན་སློབ་གསོའི་ཕན་འབྲས་དེ་བྱ་གཞག་སྤུས་ཚད་མཐོན་པའི་སྒོ་ནས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་བདེ་འགོད་སྟེང་མཚོན་པར་བྱེད་དགོས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་འགྲིམ་འགྲུལ་གྱི་རྒྱལ་ཁབ་སྟོབས་ཆེན་མྱུར་མོར་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་བཏང་སྟེ། འགྲིམ་འགྲུལ་སྐྱེལ་འདྲེན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་ཕན་འབྲས་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་དགོས། ཆུ་བེད་པུའུ་ཡིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སོ་སོ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཟུང་འབྲེལ་བྱས་ནས་རྣམ་པ་གསར་པ་དང་བྱེད་སྟངས་གསར་པར་བརྟེན་ནས་ཆུ་བེད་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་བླངས་ཡོད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་བཟང་པོར་སྤེལ་ནས་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་བྱ་གཞག་སྤུས་ཚད་མཐོན་པའི་སྒོ་ནས་འཕེལ་རྒྱས་གཏོང་བར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་དུ་སྤེལ་རྒྱུ་དེ་ཐབས་ཇུས་བློ་འདྲིའི་ཞིབ་འཇུག་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བའི་གོ་སྐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་བླ་སྲོག་སྐྲུན་རྒྱུར་འབད་བརྩོན་ལྷོད་མེད་བྱས།

བརྗོད་དོན་སློབ་གསོའི་དམིགས་འབེན་དང་བླང་བྱ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ནས་རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་འགན་སྲུང་བྱེད་དགོས། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགོ་ཁྲིད་ཚན་ཁག་གིས་ལས་ཁུངས་ཀྱི་ལས་བྱེད་པར་སྣེ་ཁྲིད་དང་། ལས་ཁུངས་ཀྱིས་ཁོངས་གཏོགས་ལ་སྣེ་ཁྲིད་བྱེད་པ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་བུད་མེད་རྣམས་ལ་སྣེ་ཁྲིད་བཅས་བྱས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོའི་ཕྱི་སྡོད་རང་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་མིག་སྔའི་བྱ་བའི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་པ་དང་། འགན་འཁྲི་གཙོ་བོ་ཏན་ཏིག་གིས་སྒྲུབ་པ། གཙོ་གནད་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པ། བརྗོད་དོན་སློབ་གསོའི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་རྒྱུན་མི་ཆད་པར་ཆེ་རུ་གཏོང་བ། ཕྱི་སྡོད་རང་མིའི་བློས་ཐུབ་ཀྱི་གྲོགས་པོ་དང་ཕྱི་སྡོད་རང་མིའི་བྱ་བ་དངོས་སྒྲུབ་མཁན་ཡག་པོ་བཅས་བྱེད་དགོས། ཀྲུང་གོའི་གསར་འགོད་པ་མཐུན་ཚོགས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ལྟེ་བའི་བྱ་བར་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་བྱས་ནས་དྲིལ་བསྒྲགས་ལ་ཤུགས་སྣོན་བརྒྱབ་སྟེ། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་གཞི་རིམ་དུ་ཟབ་སྤེལ་བྱེད་པ་དང་། མང་ཚོགས་ཁྲོད་སྐྱོད་པ། མི་སེམས་སུ་ཟུག་པ་བཅས་བྱས་ནས་འབད་འབུངས་ཡར་བརྩོན་གྱི་སྐྱོད་ལམ་གསར་བའི་སྟེང་བསམ་བློའི་འགན་སྲུང་དང་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་བཏོད་དགོས།

ཡིག་སྒྱུར་བ། ཚེ་རིང་སྒྲོལ་མ།