མཚོ་སྔོན་ཞིང་ཆེན་ས་གཤིས་རྩད་ཞིབ་ཅུའུ་ཏང་ཨུ་ཡིས་བརྗོད་དོན་སློབ་གསོ་དེ་བདེ་འཇགས་ཐོན་སྐྱེད་དང་སྦྲེལ་ནས་སྤེལ།
2023.05.12 ཁུངས། ཀློག་གྲངས། 75

མཚོ་སྔོན་ཞིང་ཆེན་ས་གཤིས་རྩད་ཞིབ་ཅུའུ་ཏང་ཨུ་ཡིས་བརྗོད་དོན་སློབ་གསོ་དེ་ཕྱོགས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེ་བྱ་བ་དང་ཟུང་འབྲེལ་བྱས་ཏེ། འགན་འཁྲི་ནན་དཀྲི་དང་ཉེན་ཁར་གྲལ་བཤེར་བཅོས་སྐྱོང་ནན་མོ་བྱས་ནས། སློབ་གསོའི་གསབ་སྦྱོང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཏེ། བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་ནན་མོ་བྱས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་དམར་ཐིག་དང་ཚད་མཐའ་བརྟན་སྲུང་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་རྣམ་པ་བརྟན་འཇགས་ཡིན་ལ་ཚོད་འཛིན་བྱེད་ཐུབ་པར་ཁག་ཐེག་བྱས།

ཕྱོགས་ཡོངས་ནས་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་བྱ་བ་གཙིགས་སུ་བཟུང་ནས། རྣམ་ཀུན་ལྷོད་གཡེང་མི་བྱེད་པའི་འགན་འཁྲིའི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་སྲུང་འཛིན་བྱས་ཏེ། ཐོན་སྐྱེད་བདེ་འཇགས་བྱ་བ་ཤུགས་ཡོད་ནན་འཛིན་བྱས། ཅུའུ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཐོན་སྐྱེད་བདེ་འཇགས་ཆེད་དོན་གྲོས་ཚོགས་བསྡུས་ནས། ཕྱོགས་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་རྣམ་པར་གཏིང་ཟབ་སྒོས་དབྱེ་ཞིབ་བྱས་པ་དང་། གནད་དོན་གྱི་སྦས་ཤུགས་མང་པོ་ལ་སྔོན་ནས་ཞིབ་འཇུག་བརྡར་གཅོད་བྱས་ཏེ། ཕྱོགས་སོ་སོའི་བདེ་འཇགས་ཀྱི་བྱེད་ཐབས་དངོས་འབེབས་བྱས།

ཏང་སྲིད་འགན་གཅིག་དང་ལས་རྐང་གཅིག་ལ་འགན་འཁྲི་གཉིས། མཉམ་འཛིན་མཉམ་སྡོམ། ལས་ཤོར་འགན་འཁྲི་རྗེས་འདེད་བཅས་དང་། དོ་དམ་གསུམ་དང་ངེས་པར་གསུམ་གྱི་རེ་བ་དངོས་འབེབས་ནན་མོ་བྱས་ནས། ཏང་ཨུས་ཐོན་སྐྱེད་བདེ་འཇགས་ལ་མགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་གཙོ་བོ་མཐའ་གཅིག་ཏུ་ཕྲག་ལ་བླངས་ནས། འགན་འཁུར་བ་གཙོ་བོས་བདེ་འཇགས་ཐོན་སྐྱེད་བྱ་བར་ཕྱོགས་ཡོངས་ནས་འགན་ཁུར་བ་དང་། འགན་ཁུར་བ་གཞན་དག་གིས་རང་གི་འགན་ནུས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་འགན་འཁུར་རྒྱུའི་ཁྲིམས་སྲོལ་གཏན་འབེབས་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་བྱ་བའི་འགན་ཁུར་འདུ་ཤེས་དང་རང་རྟོགས་རང་བཞིན་ཇེ་དྲག་ཏུ་བཏང་། དེ་དང་མཉམ་དུ་བདེ་འཇགས་ཐོན་སྐྱེད་ལམ་ལུགས་དེ་རིམ་པ་དགར་ཞིང་། བྱ་བར་འགན་ཁུར་མཁན་ཡོད་པ་དང་། བྱེད་ཐབས་འཐུས་ཚང་ཡིན་པ། མཉམ་འཛིན་མཉམ་སྡོམ་བྱེད་པ་བཅས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དོ་དམ་རྣམ་པ་གྲུབ་པར་བྱས།

གླིང་སོ་སོས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཟབ་སྦྱོང་དང་ལས་རིགས་བདེ་ཐང་སློབ་གསོའི་ཟབ་སྦྱོང་། མེ་འགོག་བདེ་འཇགས་སློབ་གསོའི་ཟབ་སྦྱོང་། གསར་དུ་ལས་ཞུགས་བྱས་པ་རྣམས་ཀྱི་ལས་ཁུངས་རིམ་པའི་སློབ་གསོའི་ཟབ་སྦྱོང་བཅས་སྤེལ་ནས། ལས་བྱེད་པ་དང་ལས་བཟོ་བའི་བདེ་འཇགས་འདུ་ཤེས་དང་བདེ་འཇགས་ནུས་པ་མཐོར་འདེགས་སུ་བཏང་། དུས་ཚོད་གལ་ཆེན་གྱི་མཚམས་ཚིགས་སུ་ཅུའུ་དང་ལས་ཁུངས་རིམ་པའི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་བཤེར་ཆེན་མོ་དང་ལྟ་རྟོག་ཆེན་མོ་ཐེངས་བཅུ་བཞིར་བྱས་ནས། གཏེར་རི་དང་འགྲིམ་འགྲུལ། སོལ་རླངས། རྩད་ཞིབ་ལྟེ་གནས། གཞུང་ལས་ཁང་། གནས་གཞིའི་གཞིས་ཁུལ། སློབ་ཆེན་གྱི་ཉལ་ཁང་། གསོག་ཉར་ཁང་། གླ་གཏོང་ཚོང་ཁང་བཅས་ཁྱབ་ཁོངས་གཙོ་བོ་དག་ལ་དམིགས་བཙུགས་ནས། གནད་དོན་གྱི་རྐྱེན་ངན་དོན་བརྒྱད་ལྷག་གསར་རྙེད་བྱུང་ནས། འཚོལ་ཞིབ་ཀྱིས་མ་མཐོང་ས་དང་མ་ལུས་ས་མེད་པར་ཕྱོགས་ཡོངས་ལ་ཁེབས་པར་བྱས། ཐོན་སྐྱེད་བདེ་འཇགས་བྱ་བ་དེ་འཕྲེད་གཞུང་ཀུན་ཏུ་ལེགས་པོར་སྒྲུབ་པ་དང་། ཡང་དང་བསྐྱར་དུ་ལྟ་སྐུལ་ཞིབ་བཤེར་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། གནད་དོན་གྱི་སྦས་ཤུགས་གྲལ་བཤེར་དང་དག་ཐེར་ལེགས་བཅོས་བྱེད་པའི་དངོས་འབེབས་ལྔའི་རེ་བ་མཐའ་གཅིག་ཏུ་ལག་བསྟར་བྱས།

ལས་རིགས་བྱ་བ་དང་བདེ་འཇགས་བྱ་བ་ཟུང་འབྲེལ་དམ་པོ་བྱས་ཏེ་མཉམ་དུ་སྤེལ་བ་དང་། གླིང་ཁུལ་སོ་སོའི་ཕྱི་འགྲོ་མི་སྣས་མིང་ཐོ་འགོད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ནས། རུ་ཁག་ཕྱི་ལ་འགྲོ་བའི་འཆར་གཞི་གཏན་འབེབས་ནན་མོ་བྱས་ཏེ། ལས་གཞིའི་རུ་ཁག་སོ་སོས་བདེ་འཇགས་མི་སྣའི་ཞོར་འགན་འཁུར་བ་དང་། བདེ་འཇགས་སློབ་གསོའི་ཟབ་སྦྱོང་དང་། ལས་རིགས་བདེ་ཐང་བརྟག་བཤེར། ཉེན་ཚབ་གཉིས་ཉོ་བ། མེ་འགོག་སྒྲིག་ཆས་འཛུགས་པ། ཕྱིའི་སྡོད་གནས་འདེམ་པ། ཕྱི་སྐྱོད་རླངས་འཁོར་དོ་དམ་བཅས་ཀྱི་ཕྱོགས་ནས་བདེ་འཇགས་བྱ་བ་ནན་མོར་སྒྲུབ་པ་དང་། ཁྱད་པར་དུ་སྐབས་འཕྲལ་གདན་ཞུ་དང་དུས་ཚིགས་རང་བཞིན་གྱི་ལས་བཟོ་བའི་རིམ་པ་གསུམ་པའི་བདེ་འཇགས་སློབ་གསོ་ལ་ཤུགས་སྣོན་པ་དང་། ཕྱི་ནས་གླས་པའི་རླངས་འཁོར་དང་ཁ་ལོ་བའི་འགག་སྒོ་ནན་འཛིན་བྱས་ནས། རླངས་འཁོར་ཞིག་གསོ་དངGPSསྙོམས་སྒྲིག་བྱས་ནས། བདེ་འཇགས་སྒོས་ཕྱི་ལ་བསྐྱོད་པར་ཁེག་ཐེག་བྱས།

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།