མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་བས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་ཁྲིད་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོའི་ཏང་གིས་ལོ་རྒྱུས་གསར་སྐྲུན་དང་། འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པར་བྱེད་པའི་ཉམས་མྱོང་གལ་ཆེན་ཞིག་ཡིན། ཐེངས་འདིའི་བརྗོད་དོན་སློབ་གསོའི་ནང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་བརྗོད་དོན་གཙོ་བོར་གཏན་འཁེལ་བྱས་པ་དང་། དེ་ནི་ཏང་ཡོངས་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་ཁྲིད་སྟོན་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད། ང་ཚོས་ངེས་པར་དུ་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་བདེན་འཚོལ་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས། བརྗོད་དོན་སློབ་གསོར་དངོས་གནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྗོད་དོན་སློབ་གསོའི་བྱ་བའི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས། བརྗོད་དོན་སློབ་གསོ་སྤེལ་བའི་དོན་སྙིང་གལ་ཆེན་དང་དམིགས་འབེན་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་བ་དང་། བརྗོད་དོན་སློབ་གསོའི་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ཆུ་ཚད་མཐོ་ཞིང་གཟིགས་རྒྱང་རིང་བ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་པས། ཆབ་སྲིད་ཀྱི་རང་བཞིན་དང་། བསམ་བློའི་རང་བཞིན། མཛུབ་སྟོན་གྱི་རང་བཞིན་བཅས་ཆེན་པོ་ལྡན་ཡོད་ལ། ཏང་ཡོངས་སུ་བརྗོད་དོན་སློབ་གསོ་སྤེལ་བར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པ་དང་། དེ་ནི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན།
ཐེངས་འདིའི་བརྗོད་དོན་སློབ་གསོ་སྤེལ་དོན་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྒྲིལ་སེམས་བསྐྱེད་བྱེད་པ་དང་། ཏང་ཡོངས་ཀྱིས་སྔར་ལས་རང་རྟོགས་ངང“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་རྒྱུར་སྐུལ་འདེད་བཏང་ནས།“འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་།“རང་རྟོན་བཞི”ཇེ་བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་བཅས་བྱས་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ང་ཚོས་བརྗོད་དོན་སློབ་གསོ་དེ་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་བྱ་བ་སོ་སོ་དང་འགན་འཁྲི་གཙོ་བོ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། “དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་པ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་བརྗོད་དོན་སློབ་གསོའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་ལེན་པ་དང་། དགོངས་པ་དེའི་གཞི་རྩའི་ལྟ་བ་དང་ཚན་རིག་གི་མ་ལག་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་ནས། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཡོན་ལས་བྱེད་པར་ཁྲིད་སྟོན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་ཏེ་ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་བྱ་བ་སྣ་ཚོགས་འཕེལ་རྒྱས་དང་རྣམ་པ་གསར་པའི་མཐོ་རིམ་རིག་མཛོད་འཛུགས་སྐྲུན་གྱི་བྱེ་བྲག་གི་ལག་ལེན་ལ་སྐུལ་འདེད་བྱས་ནས། རིག་གཞུང་གི་ཤུགས་རྐྱེན་ནུས་པ་དང་ཐབས་ཇུས་ཀྱི་ཤུགས་རྐྱེན་ནུས་པ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ནུས་པ་བཅས་རིམ་སྤར་བྱེད་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས།
བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་དགོས་ན། སྤྱིའི་བླང་བྱ་ཁོང་དུ་ཆུད་པ་དང་། གཞི་རྩའི་ལས་འགན་མཚོན་པ། ཞིབ་ཕྲའི་དམིགས་འབེན་ལ་དམིགས་པ། གཙོ་གནད་བྱ་ཐབས་དོན་འཁྱོལ། འབུར་ཐོན་གནད་དོན་ཐག་གཅོད་བཅས་བྱས་ནས། ཏང་ཡོན་ལས་བྱེད་པའི་ཆབ་སྲིད་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་། བསམ་ཕྱོགས་ཇེ་ལེགས་སུ་གཏོང་བ། བྱ་བ་ཏན་ཏིག་སྒྲུབ་པ། སྒྲིག་ཁྲིམས་གཟབ་ནན་དུ་གཏོང་བ། སྤྱོད་ཚུལ་ཇེ་བརྟན་དུ་གཏོང་བ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཏང་ཡོན་ལས་བྱེད་པས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་པ། རང་འགུལ་ངང་བྱས་རྗེས་འཇོག་པ། རང་འགན་གཙང་སྒྲུབ་ཀྱི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སེམས་ནུས་གཅིག་སྒྲིལ་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ལས་གནས་ལ་གཞི་ཚུགས་ནས་ལེགས་སྐྱེས་འབུལ་བ། སློབ་སྦྱོང་ལ་བརྟེན་ནས་སེམས་ཤུགས་བསྐྱེད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་གྲོས་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཕན་འབྲས་དངོས་ཐོན་པར་བྱེད་དགོས། རྒྱུད་རིམ་ལྡན་པའི་སློབ་སྦྱོང་ནན་མོ་བྱས་པ་བརྒྱུད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལྟེ་བའི་དོན་སྙིང་ཡང་དག་པར་ཁོང་དུ་ཆུད་པ་བྱེད་པ་དང་། འབད་འཐབ་ཀྱི་འབྱུང་ཁུངས་དང་ལེན་ལྷོད་མེད་བྱེད་པ། སློབ་སྦྱོང་དང་བསམ་བློ་གཏོང་བ། ལག་ལེན་དང་གོ་རྟོགས་སད་པའི་ཆབ་སྲིད་ཀྱི་བློ་གྲོས་ཆེ་རུ་གཏོང་བ་བཅས་བྱས་ནས་རུལ་རྒོལ་འགྱུར་འགོག་གི་རགས་བརྟན་པོ་ཞིག་བསྐྲུན་དགོས། མ་ལག་གི་འདུ་ཤེས་བཀོལ་སྤྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ཞིབ་བཤེར་དག་ཐེར། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ཟུང་དུ་སྦྲེལ་བ་དང་། མཉམ་འདྲེས་དམ་ཚགས་དང་། མཉམ་དུ་སྐུལ་སྤེལ་བྱས་ཏེ། འབད་བརྩོན་གྱིས་བྱ་བ་སྣ་ཚོགས་ཏན་ཏིག་གིས་སྒྲུབ་དགོས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་ཡང་དག་པར་ཁོང་དུ་ཆུད་པ་དང་། ལོ་རྒྱུས་ཀྱི་གོ་སྐབས་སྣ་ཚོགས་དམ་འཛིན་དང་བེད་སྤྱོད་ཡག་པོ་བྱེད་པ། རྒྱུགས་སྤྲོད་ལམ་བུར་རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བཅས་བྱས་ཏེ། དུས་བབ་དང་བསྟུན་ནས་སྒྲུབ་པ་དང་འབད་འབུངས་ཡར་བརྩོན། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་དང་ཇུས་འདོན་ཚོགས་པའི་ཞིབ་འཇུག་གི་བརྒྱུད་རིམ་རང་བཞིན་དང་། རྒྱང་ལྟའི་རང་བཞིན། གསར་གཏོད་རང་བཞིན་བཅས་སྔར་ལས་ཆེ་རུ་གཏོང་དགོས། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་རྒྱུན་འཁྱོངས་བྱེད་པའི་དོན་སྙིང་ལ་སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་བླངས་ནས། ཏང་ཡོན་ལས་བྱེད་པས་བྱ་གཞག་གསར་སྐྲུན་དང་། བློ་རྩེ་གཅིག་སྒྲིམ་གྱིས་སློབ་གཉེར་བྱེད་པ། ཚན་ཞིབ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ་བ་བཅས་ཀྱི་སྙིང་སྟོབས་འཕེལ་བར་བྱེད་པ་དང་། ཏང་ཡོན་ལས་བྱེད་པར་ཏང་གཤིས་བརྟན་པོ་སྦྱོང་རྒྱུའི་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱེད་པ། བློ་རྩ་བརྟན་ལ་ཏན་ཏིག་ངང་ལག་བསྟར་བྱེད་པ། དད་སེམས་དང་འགན་འཁྲི་འཁུར་སེམས་སྦྱོང་བ། བློ་བརྟན་འགྱུར་མེད་ངང་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཞབས་འདེགས་ཞུ་བའི་སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ཀྱི་བྱ་བ་སྒྲུབ་མཁན་ཞིག་བྱེད་དགོས།
ཕུགས་འདུན་ནི་སློབ་སྦྱོང་ནས་འགོ་བརྩམས་པ་དང་། བྱ་གཞག་ནི་འཇོན་ཐང་ལ་བརྟེན་ནས་གྲུབ་པ་ཞིག་རེད། ང་ཚོས་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དང་ཟུང་འབྲེལ་བྱས་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པས་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་པ་དང་། སྤྱི་ཚོགས་ཚན་རིག་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལས་ཁུངས་ཀྱི་འགན་འཁྲི་བསྒྲུབ་རྒྱུར་དམིགས་ནས་ཧེ་བག་འཚོལ་བ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་རྒྱུར་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་འབེན་ཕྱོགས་སྟོན་དུ་འཛིན་པ་རྒྱུན་འཁྱོངས་ཀྱིས་བྱེ་བྲག་གི་དམིགས་འབེན་སྣེ་འདྲེན་དུ་བྱེད་པ་དང་། གནད་དོན་ཐག་གཅོད་བྱ་རྒྱུ་དམ་འཛིན་བྱས་ཏེ། འབེན་ཡོད་སར་མདའ་འཕེན་པ་དང་གནད་འཁེལ་ཤུགས་འདོན་བྱས་ནས་ལས་འགན་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཏང་འཛུགས་སྐྲུན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་། ཚན་ཞིབ་ཀྱི་གཙོ་གནད་བྱ་བ། རིག་མཛོད་གསར་པ་འཛུགས་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྣང་ཆེན་བྱས་ནས། སྦྱངས་པ་གོ་ཆོད་དང་སྦྱོང་སྤྱོད་ཟུང་འབྲེལ་བྱས་ཏེ་བརྗོད་དོན་སློབ་གསོ་དང་ཏང་འཛུགས་སྐྲུན་གྱི་ལས་སྒོ་ཕན་ཚུན་སྐུལ་འདེད་དང་མཉམ་དུ་འཕེལ་རྒྱས་ཡོང་བ་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རྩོམ་སྲོལ་དང་སློབ་སྲོལ་ཞིབ་འཇུག་བྱེད་སྲོལ་ཏན་ཏིག་གིས་ཇེ་ལེགས་སུ་གཏོང་བ། ཏང་ཡོན་ལས་བྱེད་པས་བྱས་རྗེས་འཇོག་པར་སྐུལ་མ་གཏོང་བ། ཏང་ལ་བློ་དཀར་སེམས་དཀར་བྱེད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་རྒྱུན་འཁྱོངས་བྱེད་པ། སློབ་སྦྱོང་དང་བསམ་གཞིགས། ཉམས་ལེན་བཅས་ཀྱི་འཇོན་ཐང་ཆེན་པོ་གསོ་སྐྱོང་ཧུར་ཐག་བྱེད་པ། བརྗོད་དོན་སློབ་གསོར་ཐོབ་པའི་གྲུབ་འབྲས་དེ“མི་དམངས་ཀྱི་ཆེད་དུ་ཤེས་བྱ་སྦྱོང་བ”དང་།“མཚོ་སྔོན་ལ་འཕེལ་རྒྱས་གཏོང་བ།”“མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ”བཅས་བྱེ་བྲག་གི་ལག་ལེན་ཁྲོད་ནས་མཚོན་པར་བྱས་ཏེ། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་དེ་འབད་འབུངས་ཡར་བརྩོན་གྱི་བསམ་པའི་རྣམ་པ་དང་། དངོས་སྒྲུབ་དངོས་གཉེར་གྱི་བྱ་བའི་གྲུབ་འབྲས་སུ་བསྒྱུར་ནས། བྱང་ཚད་མཐོ་བ་དང་འགན་འཁྲི་ཁུར་ཕོད་པ། ཡར་རྒྱས་བརྩོན་ལེན་བྱེད་པ། ལག་བསྟར་ནུས་པ་ཆེན་པོ་ལྡན་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྲུན་བྱས་ཏེ། ཡིད་ཆེས་བརྟན་པོ་དང་སྤྱོད་ཡོན་གཉིས་ལྡན། བློ་རྩེ་གཅིག་ཏུ་གཞོལ་ནས་ཚན་ཞིབ་བྱེད་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེད་ལས་མི་སྣ་སྐྱེད་སྲིང་བྱེད་དགོས།
ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཏང་གིས་རྒྱལ་སྐྱོང་སྲིད་གཉེར་བྱེད་པའི་རིགས་པའི་གཞུང་ལུགས་དང་ཐབས་ཇུས་གལ་ཆེན་ཚུད་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་གཤིས་རྒྱུད་དང་། རིན་ཐང་དོན་གཉེར། བསམ་པའི་བྱང་ཚད། སྤྱོད་ཚུལ་གྱི་བླང་བྱ་བཅས་ལའང་ཁྱབ་པ་དང་བདེན་དོན་གྱི་སྟོབས་ཤུགས་དང་། ལག་ལེན་གྱི་སྟོབས་ཤུགས། མི་གཤིས་ཀྱི་སྟོབས་ཤུགས་བཅས་ཟབ་མོ་ལྡན་ཡོད། ང་ཚོས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་སྐད་ཆ་དྲང་མོ་ཉན་པ་དང་། གནས་ཚུལ་དངོས་ལ་བརྟག་དཔྱད། ཕན་འབྲས་དངོས་ཐོན་པ་བཅས་བྱ་རྒྱུ་ཁྲིད་ཕྱོགས་སུ་འཛིན་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་གསུམ་དང་འབྲེལ་བ་ཡོད་པའི་གཏིང་རིམ་གྱི་འགག་རྩའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ།“རྒྱལ་ཁབ་ཀྱི་དོན་ཆེན།”“ཞིང་ཆེན་གྱི་གནད་ཆེའི་གནས་ཚུལ”དང་ལོ་འཁོར་གྱི་གཙོ་གནད་ཞིབ་འཇུག་བྱ་གཞི་བཅས་ལ་དམིགས་ཏེ། ཚོགས་པ་སྒྲིག་འཛུགས་བྱས་ནས་ཆེད་དོན་བརྟག་དཔྱད་ཞིབ་འཇུག་དང་། རིགས་པའི་གཞུང་ལུགས་གཏིང་ཟབ་དང་རིག་གཞུང་ཚད་མཐོའི་ཇུས་འདོན་ཚོགས་པའི་སྙན་ཞུ་དང་གྲུབ་འབྲས་སྤུས་དག་ཁག་ཅིག་འདོན་པ་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་དང་། དཀའ་ངལ་ཁྱད་བསད་ཀྱི་དངོས་སྒྲུབ་བྱེད་ཐབས་དང་བསམ་གཞིགས་བྱ་ཐབས་སུ་བསྒྱུར་ནས། བརྟག་དཔྱད་ཞིབ་འཇུག་བརྒྱུད་རིམ་ཏང་གི་གསར་སྐྲུན་རིག་པའི་གཞུང་ལུགས་དང་རིག་གཞུང་ཚན་ཁག་གི་ལག་ལེན་གྱི་ཤུགས་འདོན་པའི་གསོན་ཉམས་དོད་པའི་རྣམ་པར་སྐུལ་འདེད་བྱས་ཏེ། སྤྱི་ཚོགས་ཚན་རིག་གླིང་གིས་དངོས་གནས“སྲིད་གཞུང་གི་ཇུས་ཆོད་འདོན་སྤྲོད་ཀྱི་ཆེད་དུ་བློ་འདྲི་བ་དང་རྒྱལ་ཁབ་ཀྱི་དོན་དུ་ཐབས་ཇུས་འདོན་པ། མི་དམངས་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་འགན་ནུས་གཏན་འཁེལ་བྱེད་དགོས། དེ་དང་ཆབས་ཅིག རང་ངོས་ཀྱི་གནད་དོན་འཚོལ་རྙེད་གནད་འཁེལ་ཡོང་བར་བྱེད་པ་དང་། སྣེ་ཁྲིད་དེ་གནད་དོན་ལ་ཞིབ་བཤེར་དང་དག་ཐེར་ཡོ་བསྲང་ཐད་དམ་འཛིན་བྱས་ནས། གནས་བབ་གསར་པ་དང་ལས་འགན་གསར་པ། བླང་བྱ་གསར་པ་བཅས་དང་ཟུང་འབྲེལ་དམ་པོ་བྱས་ཏེ། སློབ་སྦྱོང་དང་ཞིབ་བཤེར། ལེགས་བཅོས། སྐུལ་འདེད་བཅས་ཟུང་འབྲེལ་དམ་པོ་བྱེད་པ་དང་། བརྗོད་དོན་སློབ་གསོ་ཟབ་སྤེལ་དངོས་གཉེར་ཡོང་བར་སྐུལ་འདེད་གཏོང་དགོས།
སྐྱོད་ལམ་གསར་པར་རླབས་ཆེན་གྱི་གྲུབ་འབྲས་གསར་པ་ཐོབ་པ་དང་། འགོ་འཛུགས་ས་གསར་པའི་སྟེང་དམིགས་འབེན་གསར་པར་ཁྲིད་སྟོན་བྱ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེང་རབས་ཀྱི་ཀྲུང་གོ་འདི་ཉིད་རང་རྒྱལ་གྱི་ལོ་རྒྱུས་སྟེང་གི་ཆེས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་འཕོ་འགྱུར་བརྒྱུད་བཞིན་ཡོད་ལ། མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་རྒྱ་ཆེ་ཞིང་དམིགས་བསལ་གྱི་ལག་ལེན་གསར་སྐྲུན་བྱེད་བཞིན་ཡོད། སྔར་བྱུང་མ་མྱོང་བའི་རླབས་ཆེན་གྱི་ལག་ལེན་དེས་རིགས་པའི་གཞུང་ལུགས་གསར་གཏོད་དང་རིག་གཞུང་དར་རྒྱས་ཆེད་སྒུལ་ཤུགས་ཆེན་པོ་དང་བར་སྟོང་རྒྱ་ཆེན་པོ་ཞིག་འདོན་སྤྲོད་བྱེད་ཐུབ་ངེས་རེད།” “ཕུགས་བསམ་ལྡན་པ་དང་ཕུགས་འདུན་ཆེན་པོ་ཡོད་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་པ་ཚང་མས་དུས་རབས་ཀྱི་མདུན་གྲལ་དུ་སླེབས་པ་དང་། གནའ་དེང་གི་འགྱུར་ལྡོག་ཤེས་པ། བསམ་བློའི་སྔོན་བརྡ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱི་ཆེད་དུ་སློབ་སྦྱོང་དང་འཆད་འཛུགས། ཐབས་འདོན་ཇུས་འབུལ་བཅས་ཧུར་ཐག་བྱས་ཏེ་ལོ་རྒྱུས་ཀྱིས་བསྩལ་པའི་གཟི་བརྗིད་ཀྱི་ལས་འགན་འཁུར་དགོས” ཅེས་གསུངས་ཡོད། ང་ཚོས་དེ་དག་བརྩི་སྲུང་བྱས་ཏེ་བརྗོད་དོན་སློབ་གསོ་སྤེལ་རྒྱུ་གོ་སྐབས་སུ་བཟུང་ནས། མར་ཁེ་སིའི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན། བྱ་བར་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱ་དགོས། ང་ཚོས“ཆབ་སྲིད་ལ་བརྟེན་ནས་སྤྱི་ཚོགས་ཚན་རིག་གླིང་འཛུགས་སྐྲུན་བྱེད་པ་དང་། ཚན་ཞིབ་ལ་བརྟེན་ནས་སྤྱི་ཚོགས་ཚན་རིག་གླིང་འཛུགས་པ། སྤུས་ཚད་ལ་བརྟེན་ནས་སྤྱི་ཚོགས་ཚན་རིག་གླིང་སྟོབས་ཆེར་གཏོང་བ”བཅས་ཀྱི་བྱ་བའི་བསམ་ཕྱོགས་རྒྱུན་འཁྱོངས་ཀྱིས་བྱ་ཐབས་ནུས་ལྡན་དང་། གནད་འཁེལ་ཤུགས་ཆེན། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བཅས་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱས་ནས་ལས་བྱེད་པ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ།“ཕྱོགས་གཉིས་འཛིན་པ”དང“སྐུལ་འདེད་གཉིས”སྒྲུབ་པ། སློབ་གསོའི་ཕན་འབྲས་དང་བྱ་བའི་གྲུབ་འབྲས་ཏན་ཏིག་སྤྱོད་པ། ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་ལ་ཞབས་འདེགས་ཞུ་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་མགྱོགས་མྱུར་སྒོས་བསྐྲུན་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས།
ཡིག་སྒྱུར་བ། ཤ་བོ་རིན་མཚོ།