མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པའི་རྩོམ་ཡིག
2023.05.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 98

མཚོ་སྔོན་ཉིན་རེའི་ཚགས་པར་གྱི་དཔྱད་བརྗོད་པས་སློབ་སྦྱོང་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཞེས་པའི་དཔྱད་བརྗོད་རྩོམ་ཡིག་སྤེལ་བ་དང་། དཔྱད་བརྗོད་རྩོམ་ཡིག་ལས་འདི་ལྟར་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་བྱ་བའི་གྲོས་ཚོགས་སྟེང་དུ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཀྱི་ཁྱོན་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས། བརྗོད་དོན་སློབ་གསོའི་དོན་སྙིང་གལ་ཆེན་དང་དམིགས་འབེན་བླང་བྱར་རྒྱས་བཤད་གཏིང་ཟབ་གནང་བ་དང་། བརྗོད་དོན་སློབ་གསོའི་ལས་དོན་སོ་སོར་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སྒྲུབ་དང་འགན་ཁུར་གྱི་བསམ་པ་བཟུང་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་གང་ལེགས་བྱེད་པ། རྒྱལ་ཁབ་ཀྱི་དོན་ཆེན་སེམས་སུ་བརྟན་པོར་བཅངས་པ། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། བདེན་འཛིན་དངོས་སྒྲུབ་དང་ཕན་འབྲས་དངོས་བརྩོན་ལེན་བྱེད་དགོས་ཞེས་གསུངས།

ད་ལོ་ནི་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱེད་མགོ་བརྩམས་པའི་ལོ་ཡིན་ཞིང་། ལོ་འདི་ལ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་ལེན་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་མགོ་བརྩམས་པས། འགག་གནད་དམིགས་བསལ་ཡིན་ལ་དོན་སྙིང་ཆེན་པོ་ལྡན། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དོན་སྙིང་གཙོ་བོ་དང་བསམ་བློའི་དགོངས་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་རང་ཉིད་ཀྱི་བསམ་བློའི་མཚོན་ཆ་རུ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཟུང་འབྲེལ་གང་ལེགས་བྱས་ནས། ལས་དོན་གཉེར་བའི་ཁྲོད་ནས་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་དངོས་ཀྱི་ཁྲོད་ནས་ལས་ཀ་གཉེར་བ། སློབ་སྦྱོང་དང་བཀོལ་སྤྱོད་གཉིས་མཐུན་སྦྱོར་གང་ལེགས་བྱེད་པ། ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱེད་པ་བཅས་ལ་འབད་དེ། སློབ་སྦྱོང་གི་གྲུབ་འབྲས་དེ་དཔའ་ངར་ཆེར་སྐྱེད་དང་དངོས་སྒྲུབ་རྒྱལ་དར་གྱི་བསམ་པའི་འཁྱེར་སོ་དང་། མཁྲེགས་གཏོར་དཀའ་སེལ་དང་ལས་སྒྲུབ་ལས་སྐྲུན་གྱི་སྒུལ་ཤུགས་ཆེན་པོ་རུ་བསྒྱུར་ཏེ། བྱ་གཞག་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བསྐྲུན་དགོས།

བདེན་དོན་གྱི་སྟོབས་ཤུགས་རྟོགས་ཐབས་ལ་རྩེ་གཅིག་ཏུ་འབད་དགོས། དུས་རབས་གསར་པའི་ལོ་བཅུའི་རིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲིད་སྟོན་འོག་ཏུ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འཐབ་ཇུས་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པ་དང་། འཕོ་འགྱུར་རང་བཞིན་གྱི་ལག་ལེན་རབ་དང་རིམ་པར་སྐུལ་འདེད་བཏང་ལ། མཁྲེགས་གཏོར་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་པ་དང་དོད་རྟགས་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པ་བླངས་པར་མ་ཟད། ཡུན་རིང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་ལས་གཞན། ཕུགས་དང་འབྲེལ་བ་ཡོད་པའི་དོན་ཆེན་དང་དོན་དག་གལ་ཆེན་མང་པོ་བསྒྲུབས་པའི་དབང་གིས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་དུ་བསྐྱོད་ཐུབ་ཡོད། སྐྱོད་ལམ་གསར་པའི་སྟེང་དུ་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བར་ཁྱོན་ཡོངས་དང་མ་ལག་ཚང་བའི་སྒོ་ནས་སྟངས་འཛིན་གང་ལེགས་བྱས་ཏེ། མཐོང་རྒྱ་དང་བསམ་བློ་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ནས། འགན་འཁྲི་སྒྲུབ་པའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དགོངས་པ་ཞིབ་ཀློག་ཡང་ཡང་བྱས་ནས་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། དེའི་ནང་འདུས་པའི་ཚན་རིག་གི་ནང་སྙིང་དང་དགོངས་དོན་གྱི་ངོ་བོར་གོ་བ་ཡང་དག་ལེན་རྒྱུ་དང་། དེའི་ནང་ཁྱབ་པའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཟབ་མོར་ཆུད་པར་བྱས་ཏེ། སློབ་སྦྱོང་དོན་ལྡན་དང་ཤེས་པ་དོན་ལྡན། ཡིད་ཆེས་དོན་གནས། བེད་སྤྱོད་གནད་ཁེལ་བཅས་ཡོང་བར་འབད་དགོས། ཕྱོགས་ཡོངས་ནས་སློབ་སྦྱོང་བྱ་རྒྱུ་དང་གཙོ་གནད་སློབ་རྒྱུ་ཟུང་འབྲེལ་གང་ལེགས་བྱས་ཏེ།“གང་བྱེད་ན་དེ་སྦྱོང་རྒྱུ་དང་གང་ཆད་ན་དེ་གསབ་རྒྱུ”རྒྱུན་འཁྱོངས་བྱས་ནས། སློབ་སྦྱོང་གི་དམིགས་འབེན་རང་བཞིན་ཆེ་རུ་གཏོང་བ་དང་སློབ་སྦྱོང་གི་ཕན་འབྲས་ཆེ་རུ་བསྐྱེད་དེ།  ཏང་གི་གསར་གཏོད་གཞུང་ལུགས་དེ་ཞིབ་ཕྲའི་ལས་དོན་ཡག་པོ་སྒྲུབ་པའི་བསམ་ཕྱོགས་གསར་པ་དང་བྱེད་ཕྱོགས་གསར་པ། བྱེད་ཐབས་གསར་པ་བཅས་སུ་བསྒྱུར་དགོས།

བསམ་བློ་གཏོང་མཁས་བྱས་ནས་ཐབས་ཇུས་ལེགས་པོ་འཚོལ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་ལ། ཀྲུང་ཧྭའི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་ཉིང་བཅུད་ཀྱང་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་འཕུར་མཆོང་གསར་པ་མངོན་འགྱུར་བྱས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་གང་བཤད་དགོས་པ་དང་ཅིའི་ཕྱིར་བཤད་དགོས་པ། བཤད་པའི་དོན་ལ་ཇི་ལྟར་བལྟ་དགོས་པ་དང་ཇི་ལྟར་སྒྲུབ་དགོས་པའི་སྐོར་གླེང་བཞིན་ཡོད་པར་མ་ཟད། དཀའ་གནད་སེལ་ཐབས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཏེ། འབྲེལ་ཟམ་གྱི་གནད་དོན་ལའང་མཛུབ་སྟོན་གང་ལེགས་བྱས་ནས་ཐག་གཅོད་བྱས་ཏེ། མར་ཁེ་སི་རིང་ལུགས་ཀྱི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བའི་གཅིག་གྱུར་གསོན་ཉམས་ཅན་མངོན་པར་མཚོན་ཡོད། གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་ཉིད་དེའི་ནང་དངོས་སུ་ཞུགས་པ་དང་ལས་དོན་དེའི་ཁྲོད་དངོས་སུ་ཞུགས་པ། འགན་འཁྲི་དེའི་ཁྲོད་དངོས་སུ་ཞུགས་པ། འགན་འཁྲི་ཡོད་པའི་སྒོ་ནས་སློབ་སྦྱོང་བྱེད་པ། གནད་དོན་ལ་དམིགས་ནས་སློབ་སྦྱོང་བྱེད་པ། སྒེར་ཚུགས་ཀྱི་བསམ་གཞིགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། སློབ་སྦྱོང་དངོས་ཀྱི་ཁྲོད་དུ་བསམ་གཞིགས་གཏིང་ཟབ་གཏོང་བ་དང་། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ཞིབ་འཇུག་གང་ལེགས་བྱེད་པ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གནད་དོན་ལ་དབྱེ་ཞིབ་བྱེད་པ། གནད་དོན་ཐག་གཅོད་བྱེད་སྟངས་དང་བྱེད་ཐབས་སྔར་ལས་ཁོང་དུ་ཆུད་པ་བཅས་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དེ་མཚོ་སྔོན་ཞིང་ཆེན་གྱི་བཅོས་སྒྱུར་དང་། འཕེལ་རྒྱས། བརྟན་འཇགས་གསུམ་དང་ཏང་འཛུགས་ལས་དོན་སོ་སོར་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་བསྒྱུར་དགོས།

བྱ་སྤྱོད་དངོས་ལ་བརྟེན་ནས་མཚོ་སྔོན་གྱི་ལས་དོན་ཡག་པོ་སྒྲུབ་དགོས། གཞུང་ལུགས་དང་ལག་ལེན་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་མར་ཁེ་སི་རིང་ལུགས་ཀྱི་ཆེས་རྩ་བར་གྱུར་པའི་རྩ་དོན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་གི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་རྩ་བའི་བླང་བྱ་ཞིག་ཡིན། ང་ཚོས་ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ། རང་ཉིད་ཀྱི་ལས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པའི་ལས་སྟེགས་བཟང་པོར་བརྩི་བ་དང་། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་གི་ལྟེ་བའི་ལས་འགན་ལ་དམ་པོར་དམིགས་པ།“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་དང“སྔར་ལས་གལ་ཆེ་བ་གསུམ”གྱི་འཐབ་ཇུས་གནས་བབ་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་གྱིས་བརྗོད་དོན་སློབ་གསོའི་ལས་འགན་ཁག་ལ་སྐུལ་འདེད་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུ་བཅས་མཚོ་སྔོན་གྱི་ལག་ལེན་གཞི་རྟེན་དུ་བརྩིས་ནས། དག་སྲུང་གསར་གཏོད་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། བརྗོད་དོན་སློབ་གསོ་ལས་བསྐྱེད་པའི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་ཅན་གྱི་ལག་ལེན་དུ་བསྒྱུར་རྒྱུ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་འཕེལ་རྒྱས་ལ་ཇུས་འགོད་བྱེད་པའི་བསམ་ཕྱོགས་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས། མགོ་ཁྲིད་ཀྱི་འཇོན་ཐང་བཅས་སུ་བསྒྱུར་ནས། ཉམས་སྣང་གསར་པ་དང་བྱ་སྤྱོད་གསར་པར་བརྟེན་ནས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།

སློབ་སྦྱོང་ནན་མོ་བྱས་ནས་འགན་འཁྲི་ནན་མོ་འཁུར་དགོས། “དངོས་སྒྲུབ་འགན་ཁུར་གྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཞིབ་ཕྲའི་དམིགས་འབེན་ཞིག་ཡིན། ང་ཚོས་ཏང་གི་གསར་གཏོད་གཞུང་ལུགས་ལ་སློབ་སྦྱོང་ཡག་པོ་དང་དེ་བེད་སྤྱོད་ཡག་པོ་བྱས་ནས། བློ་གཅིག་སེམས་གཅིག་དང་དངོས་སྒྲུབ་འབད་འཐབ་བྱས་ཏེ། འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་དང་ཕན་འབྲས་རྣལ་མ་ཚད་གཞིར་འཛིན་པ་དང་། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་ཚད་གཞི་རུ་བཟུང་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པའི་ལས་དོན་སོ་སོ་འཕེལ་རྒྱས་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།