འགུལ་སྐྱོད་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི“གནས་ཚད་མ་ལག”བསྐྲུན་དགོས།
2023.05.18 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 84

 ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཚོགས་འདུའི་ཐོག་ནས།  ང་ཚོས་ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བཟུང་བ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་ཇེ་དྲག་ཏུ་གཏོང་བ། ཏང་ཡོངས་ཀྱི་མར་ཁེ་སིའི་རིང་ལུགས་ཀྱི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་བ། ཏང་གི་སྲིད་སྐྱོང་ནུས་པ་དང་མགོ་ཁྲིད་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་བ།  སྐྱོད་ལམ་གསར་པར་འབད་པས་བསྐྱོད་པར་སེམས་ཤུགས་གཅིག་སྡུད་བྱེད་པ། སྙིང་སྟོབས་ཆེར་བསྐྱེད་དང་ཞུམ་མེད་མདུན་སྐྱོད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པས་སྤྱིའི་བླང་བྱར་དཔེ་བསྡུར་ཚད་བསྡུར་བྱེད་པ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི“གནས་ཚད་མ་ལག”བསྐྲུན་པ།   བློ་དཀར་གཞུང་དྲང་གི་བླ་སྲོག་བརྟན་པོར་འཛུགས་པ།  འགན་འཁྲི་ཁུར་སེམས་ལག་བསྟར་བྱེད་པ། དམངས་ཀྱི་དྲི་བར་ལན་བཏབ་པ་བཅས་བྱས་ཏེ། བརྗོད་དོན་སློབ་གསོ་རྩ་བ་ཚུགས་ཤིང་རྩེ་མོར་རྒྱས་པར་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད།

དད་པའི“ལྟེ་བ”ཡང་དག་པར་འཚོལ་བ་དང་།  ཕུགས་བསམ་དད་སེམས་བརྟན་པོར་འཛུགས་པ།  དམར་པོའི་ལྟེ་བར་ཕྱོགས་ཤུགས་གཅིག་ཏུ་སྡུད་པ། སྲིད་སྐྱོང་གི་ཐོག་མ་བསམ་བློ་སྔོན་དུ་བསྐྱོད་དགོས།  ཕུགས་བསམ་དད་སེམས་ནི་གུང་ཁྲན་ཏང་མིའི་ལུས་ཚུགས་པའི་རྩ་བ་དང་དོན་འགྲུབ་པའི་རྨང་རྡོ་ཡིན།  ལྟེ་བ་ནི་གནས་ཚད་མ་ལག་གི་ལྟེ་བར་ཡོད་པ་བཞིན། ལྟེ་བ་བརྟན་ཅིང་ཡང་དག་པ་ཡིན་ན་གནས་ཚད་མ་ལག་ཀྱང་དེར་བསྟུན་གྱི་བརྟན་པོར་བསླང་ཐུབ། ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆོས་སྤྲོས་པ་དང་། བསམ་བློ་དང་ཆབ་སྲིད། འགུལ་སྐྱོད་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་པ། བརྗོད་དོན་སློབ་གསོའི་སློབ་སྦྱོང་ཁྲོད་དད་སེམས་ཀྱི་རྨང་གཞི་བརྟན་པོར་འདིང་བ།  དད་སེམས་ཀྱི་རྩ་བ་བརྟན་པོར་འཛུགས་པ།  བརྗིད་ཆེའི་བསམ་པའི་ཉམས་འགྱུར་གྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་སྟེ།  དད་སེམས་ཀྱི་རྒྱུན་སྐྱོང་བ་དང་འོད་སྟོང་གི་རྒྱུན་མཐུད་པ། རྩ་བ་བརྟན་ཅིང་ཟུངས་སྐྱོང་བ་དང་སེམས་ཤུགས་སྡུད་ཅིང་བླ་སྲོག་བསྐྲུན་དགོས།

ཏང་གཤིས་ཀྱི“འཕྲེད་ཐིག་གནས་ཚད”ལེགས་པར་འབྲི་བ་དང་། ཆབ་སྲིད་ཀྱི་རང་གཤིས་གཏན་སྲུང་བྱེད་པ། བློ་དཀར་གཞུང་དྲང་གི་སྤྱིའི་དགོངས་གཞི་འབྲི་དགོས། སྲིད་དོན་སྐྱོང་བར་ལུས་སྦྱོང་བྱེད་པ་རྩ་བར་འཛིན་དགོས། དད་སེམས་བརྟན་ཅིང་བརླིང་བར་བྱེད་འདོད་ན། ཏང་གཤིས་འདུ་ཤེས་ངེས་པར་དུ་དྲག་པོ་ཡིན་དགོས། ཏང་གཤིས་ནི་ཏང་ཡོན་ལས་བྱེད་པའི་ལུས་ཚུགས་པ་དང་ལས་གཉེར་བ། གཏམ་བརྗོད་པ། སྤྱོད་པ་སྐྱོང་བའི་རྨང་རྡོ་ཡིན། ཐེངས་འདིའི་བརྗོད་དོན་སློབ་གསོའི་རིན་ཐང་ཆེ་ས་ནི་ཏང་གཤིས་སྦྱོང་བརྡར་ལ་ཤུགས་བསྣན་པ་དེ་ཡིན་པས།  “གསར་བརྗེའི་ཕུགས་བསམ་གནམ་ལས་མཐོ་བའི”དགོངས་པར་བརྟེན་ནས་དད་སེམས་བརྟན་པོར་སྲུང་བ་དང་བློ་སྒྲིལ་སེམས་སྐྱེད་བྱེད་དགོས།   ཐེངས་འདིའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བཟུང་བ་དང་།  དད་སེམས་བརྟན་པོ་དང་ལྟོས་མེད་ཀྱི་བློ་དཀར་གཞུང་དྲང་གི“ཕྱོགས་སྟོན་གློག་སྒྲོན”གསལ་བར་བྱེད་པ།  འབད་འཐབ་ལྷོད་མེད་ཀྱི་འབྱུང་ཁུངས་ཀྱི་སྟོབས་ཤུགས་བསྡུས་ནས། ཐོས་བསམ་སྤྱོད་གསུམ་གྱི་ཆབ་སྲིད་བློ་གྲོས་ཇེ་དྲག་ཏུ་གཏོང་དགོས།  དད་སེམས་ཀྱི་རྨང་གཞི་མུ་མཐུད་དུ་བརྟན་པོར་འདིང་བ་དང་བསམ་བློའི་ཞན་ཆ་སྐོང་བ། བསམ་བློའི་ཁ་ཕྱོགས་བརྟན་པོར་འཛིན་པ། བསམ་བློའི་བླ་སྲོག་བརྟན་པོར་འཛུགས་པ། ཏང་དང་བསམ་སྦྱོར་གཅིག་པ་དང་ཁ་ཕྱོགས་གཅིག་པ་དུས་དང་རྣམ་པ་ཀུན་ཏུ་བརྟན་པོར་བྱེད་པ། བློ་གཅིག་སེམས་གཅིག་གིས་ཏང་གི་བཀའ་བརྩི་བ། རྟག་བརྟན་འགྱུད་མེད་ཀྱིས་ཏང་གི་རྗེས་འབྲང་བ། མི་སྒེར་གྱི་ཕུགས་འདུན་དད་སེམས་ཏང་དང་མི་དམངས་ཀྱི་བྱ་གཞག་འཕེལ་རྒྱས་དང་འཚམ་པར་བྱས་ཏེ། ས་ཁོངས་སྲུང་བར་འགན་ཡོད་པ་དང་ས་ཁོངས་སྲུང་བར་འགན་ཐེག་པ། ས་ཁོངས་སྲུང་བར་འགན་གཙང་སྒྲུབ་བཅས་ངེས་པ་དོན་གྱིས་བྱེད་དགོས།

ལག་ལེན་གྱི“གཞུང་ཐིག་གནས་ཚད”བརྟན་པོར་འབྲི་བ་དང་། བདེན་འཛིན་དངོས་གཉེར་ལ་ཤུགས་སྣོན་པ། འགུལ་སྐྱོད་ཁག་ཁུར་གྱི་ཚེག་ལ་དམིགས་དགོས།  སྲིད་སྐྱོང་གི་རྨང་གཞི་ནི་དངོས་གཉེར་གཙོ་བོ་ཡིན། དཀའ་གནད་ཡོད་ཚད་ནི་དངོས་གཉེར་ཁོ་ནས་ད་གཟོད་སེལ་ཐུབ་པ་དང་། གོ་སྐབས་ཡོད་ཚད་ནི་དངོས་གཉེར་ཁོ་ནས་ད་གཟོད་དམ་འཛིན་བྱེད་ཐུབ་པ། རེ་སྨོན་ཡོད་ཚད་ནི་དངོས་གཉེར་ཁོ་ནས་ད་གཟོད་མངོན་འགྱུར་བྱེད་ཐུབ། ཏང་ཡོན་ལས་བྱེད་པས“དཔོན་གནས་འཛིན་བཞིན་དུ་དོན་ལ་གཡོལ་ན་ཚེ་གང་གི་ངོ་ཚ་ཡིན་པའི”འགན་འཁྲི་འཁུར་སེམས་ཡོད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལས་འབད་བརྩོན་མདུན་སྐྱོད་ཀྱི་བློ་གྲོས་དང་སྟོབས་ཤུགས་སྡུད་པ། བྱ་བའི་བྱེད་ཐབས་ལེན་པ། འགན་སྒྲུབ་ནུས་པ་སྦྱོང་བ། བརྗོད་དོན་སློབ་གསོ་ལས་བསླབས་པའི་ཤེས་བྱ་སེམས་ལ་འཇུག་དགོས་ལ། འགུལ་སྐྱོད་སྟེང་དངོས་འབེབས་ཀྱང་བྱེད་དགོས། རང་སྟེང་གི་ལས་གནས་ལ་རྐང་བཙུགས་ནས་རྟག་བརྟན་འགྱུར་མེད་ཀྱིས་དངོས་འབེབས་བཟུང་སྟེ།  སྲིད་ཇུས་དང་བྱེད་ཐབས་ཡོད་ཚད་ངེས་པ་དོན་གྱིས་དངོས་ལ་འབེབས་པ་དང་གཞི་རིམ་ལ་འབེབས་པ། མང་ཚོགས་ཁྲོད་འབེབས་པར་ཁག་ཐེག་བྱེད་དགོས།

བྱས་རྗེས་གསར་པ“དྲང་ཕྱོགས་སུ་འཕེལ་བར”བྱེད་པ་དང་། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པར། དམངས་དོན་དུ་དངོས་སྒྲུབ་དོན་གཉེར་བྱེད་དགོས། སྲིད་སྐྱོང་གི་རྩ་བ་ནི་དམངས་ལ་ཕན་བདེ་སྒྲུབ་པ་དེ་ཡིན། བརྗོད་དོན་སློབ་གསོ་ལས་དམངས་དོན་གཉེར་བའི་བློ་ཁོག་སྦྱོང་བ་དང་། ཏང་ཡོན་གྱི་མདུན་སྐྱོད་མིག་དཔེ་ནུས་པ་ལེགས་པར་འདོན་པ།  མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་ལག་ཏུ་བསྟར་བ།    འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ནས།   མི་དམངས་ལངས་ཕྱོགས་བརྟན་པོར་སྲུང་དགོས།  མང་ཚོགས་ཀྱི་དགོས་མཁོ་དང་རེ་བ་གཙོ་གནད་དུ་འཛིན་པ་དང་།    རང་འགུལ་གྱིས་འགན་འཁྲི་ཕྲག་ཏུ་ལེན་པ།  “དམངས་ཀྱི་དོན་དག་འགོར་འགྱངས་མི་རུང་བའི”འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ།   མང་ཚོགས་ཀྱི་དོ་སྣང་བྱེད་པའི“གནད་འགག་དོན་ཆུང”དམ་པོར་འཛིན་པ།  མང་ཚོགས་ཀྱི“བྲེལ་དཀའ་སྡུག་སྨོན”བཅས་ལ་དམ་པོར་དམིགས་པ།  བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་ལ་བརྟེན་ནས། དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་དཀའ་སྡུག་ཐག་གཅོད་པ། ཁག་ཁུར་ལ་ཧུར་བརྩོན་དང་རང་འགུལ་གྱིས་བྱས་འབྲས་ཡོད་པར་བྱས་ཏེ། མང་ཚོགས་ལ་སྤུས་ལེགས་དངཕན་ནུས་ཆེ་བའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས།  དོན་དག་ཆུང་བ་གཙོ་གནད་དུ་བྱེད་པ་དང་།  དཀའ་ངལ་ཡོད་སར་ནུས་ཤུགས་འདོན་པ།  དངོས་ཡོད་ལ་ཤུགས་སྣོན་བྱེད་པ། སྙིང་སྟོབས་ཆེར་བསྐྱེད་ཀྱི་ཉམས་འགྱུར་རྒྱུན་འཁྱོངས་བྱེད་པ།   དཀའ་སྡུག་གི་རྔུལ་ཆུ་བཅས་ལ་བརྟེན་ནས་བྱ་གཞག་ཡོད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་སུ་འཇུག་དགོས།