མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་འཐུས་མིའི་འཆད་སྟེགས་ཞེས་པའི་བརྗོད་དོན་བྱ་འགུལ་སྤེལ།
2023.05.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 66

ཟླ་ལྔ་པའི་ཚེས་བཅུ་དགུ་ཉིན།  མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མི་དམངས་འཐུས་མིའི་བྱ་བའི་ཨུ་ཡོན་ལྷན་ཁང་ཏང་ཀྲི་པུའུ་དང་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་ཏང་ཀྲི་པུའུ་གཉིས་ཀྱིས་མཉམ་འབྲེལ་གྱིས་དམངས་ཆེན་འཐུས་མིའི་འཆད་སྟེགས་ཞེས་པའི་བརྗོད་དོན་བྱ་འགུལ་སྤེལ། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཧྭ་ཅེ་དང་ཝང་གོ་ཏུང་། མཱ་ཧྲི་གུང་བཅས་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་གྱི་འཐུས་མི་ལུའུ་ཧྲོས་ལུང་དང་། མཚོ་ཤར་གྲོང་ཁྱེར་གྱི་འཐུས་མི་ཞིན་ཆན་ཧུའུ་བཅས་གདན་དྲངས་ནས་རྒྱལ་ཡོངས་དང་ཞིང་ཆེན། གྲོང་ཁྱེར་གྱི་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མྱོང་ཚོར་མཉམ་སྤྱོད་དང་བརྗེ་རེས་སློབ་སྦྱོང་བྱས།

དམངས་ཆེན་འཐུས་མིའི་འཆད་སྟེགས་ནི་ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་ཁྲིད་བྱེད་པ་དང་། དམངས་ཆེན་འཐུས་མི་གཙོ་ཁྲིད་དུ་བྱེད་པ། ཀྲི་པུའུ་བྱ་འགུལ་རྟེན་ས་རུ་བྱས་ཏེ། ཏང་འཛུགས་དང་འཐུས་མི་མཉམ་འདྲེས་ཀྱི་ལས་སྟེགས་ཤིག་རེད། ཐེངས་འདིའི་བྱ་འགུལ་གྱིས་དགོངས་པ་བསླབ་ནས་སེམས་ཤུགས་གཅིག་སྡུད་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་ནས་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བརྗོད་དོན་དུ་བྱས་ཏེ་དགོངས་པ་སློབ་པ་དེ་གྲོང་གསེབ་དར་སྤེལ་དང་། སྐྱེ་ཁམས་སྲུང་སྐྱོབ། ཞིང་ལས་ལ་རོགས་སྐྱོར་དང་ཡོང་འབབ་འཕར་སྣོན་བཅས་དང་ཟུང་སྦྲེལ་བྱས་ཏེ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བར་འབད་བརྩོན་བྱས། 

                                                                                    རིག་འཛིན་ཐར་གྱིས་བསྒྱུར།