མཚོ་སྔོན་ཞིང་ཆེན་ཏང་ཨུ་ལས་བྱེད་པ་རྒན་པ་ཅུའུ་ཡིས་ཐབས་མང་མཉམ་དུ་སྤྱད་ནས་བརྗོད་དོན་སློབ་གསོ་སྤེལ།
2023.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 58

བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་པ་ཅུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་དེ། སྤྱིའི་རེ་བར་གནད་ལ་འཁེལ་བ་དང་དམིགས་འབེན་འོས་འགན་ལ་དམ་པོར་དམིགས་པ། འགན་ནུས་གནས་ཐིག་གཏན་འཁེལ་ལ་རྐང་ཚུགས་པ། བྱེད་ཐབས་གཙོ་བོ་དམ་འཛིན་བྱེད་པ། ནུས་ཤུགས་ཡོད་རྒུས་བརྗོད་དོན་སློབ་གསོ་ཚད་གཞི་མཐོན་པོས་གནད་དོན་རྟོགས་པ་དང་སྤུས་ཚད་མཐོན་པོས་ལག་བསྟར་བྱེད་པར་གྲུབ་འབྲས་བླངས།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་མཉམ་འབྲེལ་བྱས་ཏེ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཏང་ཡོན་ལས་བྱེད་པ་རྒན་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པའི་བརྗོད་དོན་སློབ་གསོ་སློབ་སྦྱོང་བྱེད་པར་རྩ་འཛུགས་བྱེད་པའི་འབྲེལ་ཡོད་བརྡ་སྦྱོར་དཔར་ནས་བཀྲམ་པ་དང་ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ཏང་ཡོན་ལས་བྱེད་པ་རྒན་པའི་བརྗོད་དོན་སློབ་གསོ་ཞིབ་ཕྲའི་བཀོད་སྒྲིག་བྱས།  ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོ་འཚོ་བའི་འཆར་གཞིའི་ཁྲོད་འདྲེས་པར་རྩ་འཛུགས་བྱེད་པ་དང་ཏང་ཡོན་གྲོས་ཚོགས་དང་ཀྲི་པུའུ་ཨུ་ཡོན་གྲོས་ཚོགས་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱས་ཏེ་བརྗོད་དོན་སློབ་གསོ་སྤེལ་བའི་ཆབ་སྲིད་རང་རྟོགས་དང་བསམ་བློའི་རང་རྟོགས་ཆེ་རུ་བཏང་།

དཔེ་ཀློག་འཛིན་གྲྭའི་སློབ་ཚན་གྲོས་གཞི་དམ་འཛིན་བྱས་ཏེ་སློབ་སྦྱོང་གི་རིམ་པ་དྲུག་དང་བརྗོད་དོན་དཔྱད་གླེང་ལྔ་གཏན་འབེབ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱི་སྐབས་བརྗེ་འདེམས་བསྐོ་དང་གྲོས་ཚོགས་གསུམ་དང་སློབ་ཁྲིད་གཅིག་གི་ཚད་གཞིའི་རེ་བ་སློབ་ཚན་གྱི་ནང་དུ་བཞག་སྟེ་སློབ་སྦྱོང་གི་ནང་དོན་སྔར་ལས་ཇེ་བཟང་དུ་བཏང་། གཅིག་བསྡུས་ཉིན་བརྒྱད་ཀྱི་དུས་ཚོད་ནང་དུ་སྐུལ་སློང་བཀོད་སྒྲིག་དང་ཆེད་དོན་སྣེ་ཁྲིད་ནས་སྦྱང་བ་དང་། ཆེད་དོན་འཆད་ཁྲིད། དཔྱད་གླེང་བརྗེ་རེས། ཉེན་གཏོང་སློབ་གསོ། རང་སྦྱོང་གོ་བ་ལེན་པ་སོགས་ཀྱི་སློབ་སྦྱོང་འོས་འགན་སྤུས་ཚད་མཐོ་བའི་སྒོ་ནས་ཡོངས་འགྲུབ་བྱས་པ་དང་སློབ་པ་དང་བསམ་པ། ལག་ལེན། རྟོགས་པ་སོགས་ལ་གྲུབ་འབྲས་བླངས།

                                                                                    རིག་འཛིན་ཐར་གྱིས་བསྒྱུར།