རང་ཞིང་གི་སྡེ་ཁག་དང་ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2023.05.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 72

རང་ཞིང་གི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་རྣམ་བཤད་གལ་ཆེན་དང་། ཞིང་ཆེན་ཏང་ཨུའི་ཆེད་དོན་བཅོས་སྐྱོང་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན། གསར་དུ་བཟོ་བཅོས་གཏན་འབེབས་བྱས་པའི་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ལག་བསྟར་དོན་འཁྱོལ་དང་རྩ་གནད་དགོངས་དོན་ལག་བསྟར་བྱེད་པའི་བྱེད་ཐབས་འགའི་བླང་བྱ་བཅས་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། བསླབ་བྱ་བསྡུ་ལེན་བྱས་པ་དང་། གཅིག་ཤེས་ཀུན་གྲོལ་དང་ཉེན་ཡོལ་དུང་བརྡ་བསྒྲགས། སྤྱོད་གཙང་སྒྲིག་ནན་གྱི་དོན་དངོས་གྲུབ་འབྲས་ཀྱིས་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པར་སྐུལ་འདེད་བཏང་།

མཚོ་སྔོན་ཞིང་ཆེན་བདེ་ཐང་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གིས་བྱ་བའི་བཀོད་སྒྲིག་ཚོགས་འདུ་བསྡུས་ཏེ། ཏང་ཡོན་ཡོངས་ཀྱིས་སྤྱོད་ཚུལ་བཞི་དམ་འཛིན་དང་། བདེ་ཐང་འཕྲོད་བསྟེན་ལས་རིགས་ཀྱི་འབུར་ཐོན་གནད་དོན་རྩད་གཅོད་བྱེད་པ། བྱེད་ཕྱོགས་མི་ལེགས་པ་གཏན་འགོག་བྱེད་པ། སྲོལ་ངན་ཕྱོགས་གཅིག་ཏུ་ཞིབ་བཤེར་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྒྲིག་ལམ་དམ་པོ་ཡོང་བར་བྱེད་པ། གནད་འགག་གྲངས་ཉུང་དམིགས་སུ་བཟུང་སྟེ། ཧྲུའུ་ཅིས་དམ་འཛིན་བྱེད་པ་དང་ཧྲུའུ་ཅི་གཙོ་གནད་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་འཛུགས་སྐྲུན་དང་ལམ་ལུགས་ལག་བསྟར་བྱེད་པ་དམ་འཛིན་ནན་མོ་བྱས་ཏེ། གཞི་གདངས་ནན་མོ་དང་བྱེད་ཐབས་ནན་མོ། རྣམ་པ་གཟབ་ནན་བཅས་ཡུན་རིང་རྒྱུན་སྲིང་བྱས་ནས་གྲུབ་འབྲས་ལོན་པར་བྱེད་པ། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བཅོས་སྐྱོང་སློབ་གསོ་དེ་བརྗོད་དོན་སློབ་གསོའི་ཁྲོད་འདྲེས་པར་བྱེད་པ་དང་། བདེ་ཐང་འཕྲོད་བསྟེན་ལས་རིགས་ཀྱི་སྲོལ་ངན་དག་ཐེར་གཏིང་ཟབ་བྱེད་པ་དང་ཟུང་འབྲེལ་རྒྱུན་འཁྱོངས་བྱེད་པ་སོགས་ཀྱི་བླང་བྱ་བཏོན་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ།

མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱིས་ཆེད་དོན་སྐྱོར་ཁྲིད་འཆད་ཁྲིད་བྱས་ཏེ། ཏང་ཡོན་ཡོངས་ཀྱིས་རང་འགུལ་གྱིས་མི་འདང་ས་དང་ཞན་ཆ་ཤེས་རྟོགས་ཐུབ་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་ལྟར་ལེགས་སྒྲིག་དང་མཐོར་འདེགས། རང་ངོས་ལེགས་སྒྱུར་བཅས་བྱས་ནས། བྱེད་ཕྱོགས་ཚུལ་སྒྱུར་བྱེད་དགོས། ཏང་ཀྲུང་དབྱང་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཐག་གཅོད་མཐའ་གཅིག་ཏུ་སྲུང་སྐྱོང་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། རང་གཅུན་ནན་མོ་དང་། དོན་དངོས་འགུལ་སྐྱོད་སྤེལ་ནས་རང་འགན་ལེགས་པོར་སྒྲུབ་པ་བཅས་ཀྱི་བླང་བྱ་བཏོན་ནས། རིག་གནས་ཡུལ་སྐོར་ལས་དོན་གྱི་འཕེལ་རྒྱས་ཐད་སྟོབས་ཤུགས་གང་ཡོད་ཕུལ།

མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཏང་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། ཞིང་ཆེན་ཏང་ཨུའི་ཆེད་དོན་བཅོས་སྐྱོང་སློབ་གསོའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། ཆབ་སྲིད་གླེང་བའི་མཐོ་ཚད་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཟུར་ཚད། ཐིན་མ་ལག་གི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་སྲ་བརྟན་དུ་བཏང་ནས་བཅོས་སྐྱོང་སློབ་གསོའི་ལས་དོན་ལ་ངོས་ཤེས་བསྐྱེད་པ།  གཙོ་གནད་ལས་འགན་དམ་འཛིན་བྱས་ཏེ། ཆེད་དོན་བཅོས་སྐྱོང་སློབ་གསོའི་ལས་དོན་དངོས་འབེབས་ཞིབ་ཚགས་བྱེད་པར་སྐུལ་འདེད་གཏོང་བ་དང་། བསམ་བློའི་ངོས་ཤེས་དང་། ཞིབ་བཤེར་བཅོས་སྐྱོང་། ལག་བསྟར་དོན་འཁྱོལ། སྒྲིག་སྲོལ་དམ་པོ་བཅས་ཀྱི་སྟེང་ཤུགས་འདོན་པ། གྲི་ཁ་ནང་ལ་སྐོར་བ་རྒྱུན་འཁྱོངས་བྱས་ཏེ། བཅོས་སྐྱོང་སློབ་གསོས་གྲུབ་འབྲས་ངོ་མ་ལོན་པར་སྐུལ་འདེད་དང་། ཆེད་དོན་བཅོས་སྐྱོང་སློབ་གསོ་དེ་གྲོས་དོན་གལ་ཆེན་གྱི་ཉིན་རིམ་ཁྲོད་ཚུད་པར་བྱས་ཏེ། ལས་འགན་གསལ་ཐོ་གཏན་འབེབས་ཞིབ་ཚགས་བྱེད་པ་བཅས་ཀྱི་བླང་བྱ་བཏོན་ནས། ཞིབ་འཇུག་དང་བཀོད་སྒྲིག་ནན་ཏན་བྱས་ཏེ་དངོས་འབེབས་དོན་འཁྱོལ་བྱས།

ཞིང་ཆེན་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དང་། བརྗོད་དོན་སློབ་གསོ་དམ་འཛིན་བྱེད་པ་དང་ཟུང་འབྲེལ་བྱེད་པ། སྒྲིག་ཁྲིམས་འཛུགས་སྐྲུན་ནན་མོར་འཛིན་པ། བྱེད་ཕྱོགས་འཛུགས་སྐྲུན་གཏིང་ཟབ་དུ་གཏོང་བ། རྩ་འཛུགས་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་བ། ལམ་ལུགས་རྐྱེན་སྲོལ་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་དྲུག་གི་ཐད་ནས། མྱུར་མོར་སྐུལ་སློང་བཀོད་སྒྲིག་དང་བྱ་བའི་ཇུས་གཞི་དཔར་ནས་བཀྲམ་སྟེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བ་དང་འབྲེལ་ནས།  སྒྲིག་ཁྲིམས་བྱེད་ཕྱོགས་གནད་དོན་ལ་ཞིབ་བཤེར་མཐའ་འཁྱོལ་བྱེད་པའི་བླང་བྱ་བཏོན་པ་དང་། བྱེད་ཕྱོགས་འཛུགས་སྐྲུན་གྱི་བརྗེ་རེས་ཞིབ་སྡུར་དང་དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་གྲོས་སྡུར་སྤེལ་ནས། གནད་ཁེལ་གཅིག་སྡུས་དང་དམིགས་གཏད་ཇུས་བསྟར་བྱས་ཏེ། བྱེད་ཕྱོགས་གནད་དོན་ཐག་བཅད་པ་དང་། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ལས་དོན་གྲུབ་འབྲས་ལོན་པར་ཁག་ཐེག་བྱས།

ཞིང་ཆེན་ཆུ་བེད་ཐིན་གྱིས་བྱེད་ཕྱོགས་འཛུགས་སྐྲུན་གྱི་གྲོས་སྡུར་བྱ་འགུལ་ནན་ཏན་སྒོས་སྤེལ་ནས། ཐིན་ཡོངས་ཀྱི་རིམ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཧྲུའུ་ཅི་ཁྲིན་ཀང་གིས་བཏོན་པའི་དྲི་བ་དྲུག་ཚད་གཞི་རུ་བཟུང་སྟེ། གྲི་ཁ་ནང་ལ་སྐོར་བའི་སྙིང་སྟོབས་དང་རང་ངོས་གསར་བརྗེའི་སྙིང་སྟོབས་བསྐྱེད་ནས། ཞིབ་བཤེར་ཟབ་མོ་དང་རང་ངོས་གཙང་བཤེར། དཔེ་གཞི་མེ་ལོང་དུ་འཛིན་པ། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བ། དོན་དངོས་འགུལ་སྐྱོད་ཀྱིས་ཆེད་དོན་བཅོས་སྐྱོང་སློབ་གསོའི་ལས་འགན་ཁག་དངོས་འབེབས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། ཆེད་དོན་བཅོས་སྐྱོང་སློབ་གསོ་དེ་གྲོས་དོན་གལ་ཆེན་གྱི་ཉིན་རིམ་ཁྲོད་ཚུད་པར་བྱས་ཏེ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། བསླབ་བྱ་བསྡུ་ལེན། ནོར་འཆུག་བསམ་བློ་ཡོ་བསྲང་བྱེད་པ། བརྗོད་དོན་སློབ་གསོའི་ཁྲོད་འདྲེས་པར་བྱེད་པ། གནད་འགག་གྲངས་ཉུང་དམ་འཛིན་བྱེད་པ། འགན་འཁྲི་དངོས་འབེབས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བླང་བྱ་བཏོན་ནས། ཆུ་བེད་མ་ལག་གི་བྱེད་ཕྱོགས་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་ནན་མོ་བཏང་།

                                                                                                   རིག་འཛིན་སྒྲོལ་མས་བསྒྱུར།