ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོ་ཏན་ཏིག་གིས་སྤེལ།
2023.05.26 ཁུངས། ཀྲུང་གོ་གུང་ཁྲན་ཏང་གསར་འགྱུར་དྲ་བ། ཀློག་གྲངས། 49

 མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཀྲུང་གོ་ཧུར་ཐག་གིས་སྐྲུན།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།  ལས་ཁུངས་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བར་བརྟེན་ནས་འཕེལ་རྒྱས་ཀྱི་ལག་ལེན་ལ་མཛུབ་སྟོན་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་བར་བརྟེན་ནས། འཕེལ་རྒྱས་ཀྱི་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་བཀོད་སྒྲིག་བྱས་པའི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་སྐྲུན་པ་སོགས་ཀྱི་ལས་འགན་སྣ་ཚོགས་ཀྱི་ཁྲོད་སློབ་སྦྱོང་དང་བརྟག་ཞིབ་དོན་འཁྱོལ་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས།  མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བའི་མཛེས་སྡུག་གི་ཀྲུང་གོ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་བཞིན་ཡོད།

ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནི་ལོ་རྒྱུས་ལ་གཞིགས་པ་དང་། དེང་སྐབས་ལ་གཞི་ཚུགས་པ། གོ་ལ་ཧྲིལ་པོར་ཕྱོགས་པ།  མ་འོངས་པར་དམིགས་པ་བཅས་ཡིན་ཞིང་།  འདི་ནི་བརྒྱུད་རིམ་ཆ་ཚང་བ་དང་། གཏན་ཚིགས་ཚགས་ཚུད་པ།  ནང་དོན་ཕུན་སུམ་ཚོགས་པ། རྒྱ་ཆེ་ཞིང་གཏིང་ཟབ་པ་བཅས་ཀྱི་ཚན་རིག་དང་མཐུན་པའི་མ་ལག་ཅིག་ཡིན། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་གི་ཀྲུང་གོ་ཧུར་ཐག་གིས་འཛུགས་སྐྲུན་བྱེད་པར། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ཚན་རིག་དང་མཐུན་པའི་མ་ལག་དང་། སྙིང་བཅུད་ཀྱི་དོན་སྙིང་། ལག་ལེན་གྱི་བླང་བྱ་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། སྤྱི་ཡོངས་སྟངས་འཛིན་དང་གོ་དོན་མཐིལ་རྟོགས་ཡོང་བར་ཤུགས་སྣོན་བྱས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བར་བྱེད་དགོས།

སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པར་ཤུགས་སྣོན་དང་ཕན་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། བརྗོད་དོན་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་ཏེ། 《ཞི་ཅིན་ཕིང་གི་གསུང་རྩོམ་བདམས་བསྒྲིགས》དེབ་དང་པོ་དང་གཉིས་པ་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་དང་བགྲོ་གླེང་བྱེད་པ་དང་།   ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུ་དང་ཏང་གི་སྒྲིག་ཡིག་ཞིབ་ཀློག་ནན་ཏན། 《ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་སློབ་སྦྱོང་རྩ་གནད》དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་པ་བཅས་བྱས་ཏེ། སློབ་སྦྱོང་གཏིང་ཟབ་བྱེད་པར་བརྟེན་ནས་ཕུགས་བསམ་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་གཤིས་སྤྱོད་ཇེ་བཟང་དུ་གཏོང་བ།  བྱ་བའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས།

རྒྱལ་ཁབ་ནགས་ཚལ་རྩྭ་ཐང་ཅུའུ་ཡིས་གཅིག་སྡུད་སློབ་སྦྱོང་དང་སྤེལ་རེས་བགྲོ་གླེང་བྱས་ཏེ། བརྗོད་དོན་སློབ་གསོ་སྤེལ་བ་དང་ནགས་ཚལ་རྩྭ་ཐང་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་གཉིས་ཟུང་འབྲེལ་བྱས་ནས། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ལག་བསྟར་བྱས་བ་དང་། བྱེད་ཐབས་དངོས་ལེགས་པོར་བཏོན་ནས་གཞི་ཁྱོན་ཆེ་བའི་རྒྱལ་ཁོངས་ལྗང་བསྒྱུར་བྱ་སྤྱོད་ཚན་རིག་དང་མཐུན་པའི་ངང་སྤེལ་བ་སོགས་ཀྱི་ལས་འགན་གལ་ཆེན་ལ་ཇུས་འགོད་གཏིང་ཟབ་དང་། བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད། གྲུབ་འབྲས་སྲ་བརྟན་དུ་གཏོང་བ། མུ་མཐུད་དུ་ཤུགས་སྣོན་པ་བཅས་བྱས།

ནོར་སྲིད་པུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཞིབ་འཇུག་ལྟེ་གནས་ཀྱི་འགན་འཁུར་བ་རྒྱལ་ཡོངས་ཀྱི་ནོར་སྲིད་ཐོན་ཁུངས་ཁོར་ཡུག་སྲིད་ཇུས་གསོ་སྦྱོང་འཛིན་གྲྭ་དང་ནོར་སྲིད་པུའི་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གཅིག་སྡུད་གསོ་སྦྱོང་འཛིན་གྲྭར་སློབ་ཁྲིད་བྱེད་པར་གདན་དྲངས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པའི་ལྟེ་བའི་དོན་སྙིང་དང་ལག་ལེན་གྱི་བླང་བྱར་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ནོར་སྲིད་ཁོངས་གཏོགས་སུ་དོན་འཁྱོལ་ཏན་ཏིག་ཡོང་བ་དང་ཕན་འབྲས་བཟང་པོ་ཐོབ་པར་སྐུལ་འདེད་བཏང་།

རང་བྱུང་ཐོན་ཁུངས་པུའུ་ཡིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱེད་པའི་རྨང་གཞིའི་ཐོག  བརྟག་དཔྱད་ཞིབ་འཇུག་ཏན་ཏིག་བྱས་ནས་བྱེ་མ་དང་རྡོ་ཟེག་སྔོག་འདོན་གྱི་དོ་དམ་ཚད་ལྡན་དང་འཐུས་ཚང་དུ་གཏོང་བ་དང་ས་ཁོངས་ཡོངས་ཀྱི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་ཚོད་ལྟ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔ་རྗེས་སུ་བཏོན་ནས། སློབ་སྦྱོང་གི་ཕན་འབྲས་དང་བརྟག་ཞིབ་ཀྱི་གྲུབ་འབྲས་གནད་དོན་ཐག་གཅོད་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་ཏན་ཏིག་གིས་བསྒྱུར་ཏེ། ཞབས་ཞུར་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་འགན་ལེན་བྱེད་པ་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་གྲུབ་འབྲས་གསར་པར་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་བྱས།

གཙོ་གནད་ཐོག་བྱ་བའི་མ་ལག་རང་བཞིན་མཐོ་རུ་གཏོང་བར་ཤུགས་སྣོན་བྱས་ནས།  ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོ་གཅིག་བསྡུས་བྱས་ཏེ་ཞིང་ལས་ལྗང་མདོག་ཕྱོགས་སྒྱུར་གྱི་གྲུབ་ཆའི་རང་བཞིན་གྱི་དཀའ་ངལ་དང་འབྱུང་རྩའི་རང་བཞིན་གྱི་གནད་དོན་སེལ་བ་དང་། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་པ་ཇེ་མང་དུ་གཏོང་བར་ཤུགས་སྣོན་བྱེད་པ། འབྲི་ཆུར་ལོ་བཅུའི་རིང་ཉ་འཛིན་མི་ཆོག་པའི་ལས་དོན་ལ་དམ་འཛིན་ལྷོད་མེད་བྱེད་པ། ཞིང་ལས་ཀྱི་སྦགས་བཙོག་འབྱུང་རྩ་འགོག་བཅོས་ལ་སྐུལ་འདེད་གཏོང་བ་སོགས་བྱས་ཏེ།  ཞིང་ལས་དང་གྲོང་གསེབ་པུའུ་ཡིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། འཚོལ་བཤེར་དག་ཐེར་བཅས་འབྲེལ་མཐུད་བྱེད་པར་མ་ཟད།  སྐྱེ་ཁམས་ཐཱན་ཉུང་ཞིང་ལས་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་གཙོ་གནད་ཐོག་ཇེ་ལེགས་སུ་བཏང་།

ཆུ་བེད་པུའུ་ཡིས་གནད་དོན་གྱི་ཕྱོགས་སྟོན་དང་དམིགས་འབེན་གྱི་ཕྱོགས་སྟོན་མངོན་གསལ་དོད་པོ་ཡོང་བར་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་དོན་དངོས་དང་ཟུང་འབྲེལ་གྱིས་གཞི་རིམ་དུ་བསྐྱོད་དེ། རྫ་ཆུ་བཞུར་རྒྱུད་ཀྱི་སྲུང་སྐྱོབ་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་དང་རྨ་ཆུའི་ཆུ་བེད་ཚན་རིག་ཞིབ་འཇུག་ཁང་གི་ཚོད་ལྟའི་རྟེན་གཞིར་བརྟག་ཞིབ་སོགས་བྱས་ཏེ།  ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག ཆུའི་སྐྱེ་ཁམས་བཅོས་སྐྱོང་སོགས་ཀྱི་ཞིབ་འཇུག་བྱ་གཞི་གཙོ་བོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ། བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

 རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།