ཟླ་ལྔ་བའི་ཚེས་སོ་གཅིག་ཉིན། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་སེམས་ཤུགས་གཅིག་མཐུན་གྱིས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་པར་སྐྱོད་ཅེས་པའི་བརྗོད་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་བསྡུས།
སེམས་ཤུགས་གཅིག་མཐུན་གྱིས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་པར་སྐྱོད་ཅེས་པའི་བརྗོད་དོན་སློབ་གསོ་ཕྱོགས་ཡོངས་ནས་ཟབ་མོར་སྤེལ་རྒྱུ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་ཆད་མེད་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྤུས་ཚད་མཐོ་བའི་སྲིད་ཞུགས་ཏང་ས་གནས་རྩ་འཛུགས་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཆབ་སྲིད་འདུ་ཤེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་ཆབ་སྲིད་ཐད་ཀྱི་ཐུན་མོང་ངོས་འཛིན་གཅིག་བསྡུས་བྱེད་པའི་དགོས་ངེས་ཀྱི་ཆ་རྐྱེན་ཡིན་པས། དེར་དོན་སྙིང་ཆེན་པོ་ལྡན། དགུ་གསུམ་སློབ་ཚོགས་ཀྲུང་དབྱང་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བླང་བྱ་ལྟར། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་ད་ལོའི་ཟླ་ལྔ་བ་ནས་ཉིས་སྟོང་ཉེར་བཞི་ལོའི་ཟླ་དང་པོའི་བར་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩ་འཛུགས་དང་རྒྱ་ཆེའི་ཚོགས་མིའི་ཁྲོད་དུ་སེམས་ཤུགས་གཅིག་མཐུན་གྱིས་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་མཐུན་སྒྲིལ་འབད་འཐབ་ཀྱིས་སྐྱོད་ལམ་གསར་པར་སྐྱོད་ཅེས་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ་རེད།
བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་ཆེད། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ཏེ་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་རོགས་འདེགས། ཞིབ་བཤེར་དང་དག་ཐེར་ལེགས་བཅོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ་བཅས་ཕྱོགས་ལྔའི་ལས་འགན་གཙོ་བོ་གཏན་འཁེལ་གསལ་བོ་བྱས། རིམ་པ་སོ་སོའི་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་གཞུང་ལུགས་བྱང་ཚད་ཇེ་མཐོར་གཏོང་བ་དང་ཕུགས་བསམ་འདུ་ཤེས་ཇེ་བརྟན་དུ་གཏོང་བ། འགན་སྒྲུབ་བྱེད་ནུས་ཇེ་དྲག་ཏུ་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་གནས་བཞི། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་བཅས་འཛུགས་སྐྲུན་བྱེད་པར་དམ་པོར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་ཏུ་སྤེལ་ནས་ཏང་ཨུ་དང་སྲིད་གཞུང་གིས་ཇུས་ཐག་གཅོད་པར་དཔྱད་གཞི་འདོན་སྤྲོད་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས་རང་སྟེང་གི་དགེ་མཚན་འདོན་སྤེལ་བྱེད་པ་དང་འགན་སྒྲུབ་ནན་མོ་བྱེད་དགོས། མི་འདང་སར་ཞིབ་བཤེར་ནན་མོ་བྱས་ནས་འབུར་ཐོན་གནད་དོན་གྱི་དག་ཐེར་བཅོས་སྐྱོང་དམ་འཛིན་བྱེད་དགོས། ཚན་རིག་དང་མཐུན་ཞིང་འཐུས་ཚང་ཡིན་པ་དང་ཁྱད་ཆོས་མངོན་གསལ་ཡིན་པ། འཁོར་སྐྱོད་ནུས་ལྡན་གྱི་ལམ་ལུགས་མ་ལག་བཙུགས་ནས་འཐུས་ཚང་དུ་གཏོང་དགོས་པའི་བླང་བྱ་བཏོན།
ལྷ་མོ་ཚེ་རིང་གིས་བསྒྱུར།