མཚོ་སྔོན་ཞིང་ཆེན་ཏང་ཨུས་མངག་བཅོལ་ཡིད་ལ་འཛིན་པ་དང་དྲིན་བསམ་མདུན་སྐྱོད་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས།
2023.06.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 44

ཟླ་དྲུག་པའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་མངག་བཅོལ་ཡིད་ལ་འཛིན་པ་དང་དྲིན་བསམ་མདུན་སྐྱོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་བརྗོད་དོན་དུ་བྱས་ནས་ཆེད་དོན་བགྲོ་གླེང་ཚོགས་འདུ་བསྡུས་ཏེ། ད་ལྟ་སྤེལ་བཞིན་པའི་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་པ་དང་། ཉམས་མྱོང་དང་གྲུབ་འབྲས་སྤྱི་སྡོམ་བྱས་ལ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། བྱ་བའི་འགན་འཁྲི་གཏན་ཁེལ་བྱས་ཤིང་། འཕེལ་རྒྱས་ཀྱི་ཐུན་མོང་ལྟ་བ་གཅིག་ཏུ་བསྡུས་ལ། ཞིང་ཆེན་གོང་འོག་ཡོངས་ཀྱིས་བྱེད་ཐབས་སྔར་ལས་ཤུགས་ཡོད་དང་སྤྱོད་ཚུལ་སྔར་ལས་བཟང་བོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་འགོ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཚན་གཙོ་ཝང་ཅུང་དང་ཚན་གཙོ་གཞོན་པ་ཝང་ཧྲུའུ་ཉན་གཉིས་གྲོས་ཚོགས་ལ་ཞུགས་ནས་ཁྲིད་སྟོན་བྱས།

ཁྲིན་ཀང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་མངག་བཅོལ་གྱིས་མཚོ་སྔོན་འཕེལ་རྒྱས་ཐད་སྒུལ་ཤུགས་ཆེན་པོ་བསྣན་པ་དང་། མཐོ་སྒང་གི་ས་གཞི་ནས་ལག་བསྟར་གྱི་སྟོབས་ཤུགས་བསྡུས། མཚོ་སྔོན་གྱིས་ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོ་རུ་བརྩི་བ་དང་། གཏན་ཕབ་གཉིས་བརྩི་མཐོང་བྱེད་པ་དང་སྲུང་སྐྱོང་གཉིས་བཟང་བོར་བསྒྲུབ་པའི་ཆེས་ཐད་ཀར་གྱི་ཞིབ་དཔྱད་དུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བཀོད་པའི་འཆར་གཞི་དེ་ལག་བསྟར་གྱི་བཟོ་སྐྲུན་པར་རིས་སུ་འགྱུར་བར་བྱེད་དགོས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་སྐྲུན་བྱེད་པ་དང་། ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་རྒྱུ་དེ་ཞིང་ཆེན་གོང་འོག་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྤྱི་ཁྱབ་ཀྱི་ཐུན་མོང་གི་ལྟ་བ་རུ་འགྱུར་བར་བྱེད་དགོས། ས་ཁོངས་གཅིག་ལ་བྱས་རྗེས་འཇོག་པ་དང་སྤྱི་ཡོངས་ལ་བྱས་རྗེས་འཇོག་རྒྱུ་དེ་ཞིང་ཆེན་གོང་འོག་ཡོངས་ཀྱིས་རྒྱལ་དོན་གལ་ཆེན་ཡིད་ལ་འཛིན་པ་དང་འགན་འཁྲི་ཁག་ཁུར་ལག་བསྟར་བྱེད་པའི་གཅིག་གྱུར་འགུལ་སྐྱོད་དུ་འགྱུར་བར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དྲིན་བསམ་ནས་བསྐྱོད་ལམ་གསར་བར་སྐྱོད་པ་དང་དུས་རབས་གསར་བར་བྱས་རྗེས་འཇོག་པའི་སྒུལ་ཤུགས་ཆེན་པོ་རུ་འགྱུར་བར་བྱེད་དགོས། དགོངས་གཞི་ནན་མོ་དང་བྱེད་ཐབས་ནན་མོ། སྣང་ཚུལ་ནན་མོ་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱས་ནས་ཏང་གཤིས་སྲིད་སྲོལ་གྱིས་སྤྱི་ཚོགས་དང་མི་དམངས་དར་སྲོལ་རྒྱུན་མཐུད་ངང་ཇེ་བཟང་དུ་འགྲོ་བར་སྣེ་ཁྲིད་བྱེད་པའི་མཚོན་རྟགས་མངོན་གསལ་དུ་འགྱུར་བར་བྱེད་དགོས། འདས་སོང་ལ་ཕྱིར་བལྟ་བྱས་ན། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནི། མཚོ་སྔོན་གྱི་བྱ་བ་ཡོད་ཚད་བཟང་བོར་བསྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་འགུལ་སྐྱོད་ཕྱོགས་སྟོན་ཡིན་པར་ཚོར་བ་ཟབ་མོ་སྐྱེད། མཚོ་སྔོན་གྱི་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་རེ་རེ་དང་བྱུང་བའི་འགྱུར་ལྡོག་རེ་རེ་མཐར་ཐུག་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་ཁྲིད་ཕྱོགས་སྟོན་བྱས་པའི་གྲུབ་འབྲས་དང་། བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་གྲུབ་འབྲས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་མཛུབ་ཁྲིད་ཀྱི་གྲུབ་འབྲས། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་དེ་མདུན་དུ་སྐྱོད་པའི་གྲུབ་འབྲས་བཅས་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དང་ཕྱོགས་ཡོངས་ནས་ལག་བསྟར་བྱས་ན། མཚོ་སྔོན་གྱི་ལས་དོན་སྣ་ཚོགས་ཡུན་རིང་འཕེལ་རྒྱས་སུ་གཏོང་ཐུབ་པ་དང་། ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐུབ་ལ། མི་དམངས་ཀྱི་འཚོ་བའི་རྒྱུ་སྤུས་རྒྱུན་མཐུད་ངང་མཐོར་འདེགས་གཏོང་ཐུབ།

ཁྲིན་ཀང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་ན། ཆེས་རྩ་བ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རྒྱུན་མཐུད་དང་གཏིང་ཟབ་པ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་རྒྱུ་ནི། ཡུན་རིང་གི་རྒྱུད་རིམ་ཞིག་ཡིན་ལ། བབ་བསྟུན་མདུན་སྐྱོད་ཀྱི་རྒྱུད་རིམ་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་ཡིན་ལ། རྒྱུན་མཐུད་ལག་བསྟར་དང་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་བའི་རྒྱུད་རིམ་ཞིག་ཀྱང་ཡིན། རྒྱུད་རིམ་དེ་ནི་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་བསམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་གོང་བཀུར་བྱེད་པ། སེམས་པ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཕྱོགས་པའི་བརྩེ་བ་རྒྱུན་མཐུད་ངང་ཇེ་ཟབ་ཏུ་གཏོང་བའི་རྒྱུད་རིམ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆབ་སྲིད་ཀྱི་ངོས་ལེན་དང་བསམ་བློའི་ངོས་ལེན། གཞུང་ལུགས་ཀྱི་ངོས་ལེན། བརྩེ་སེམས་ཀྱི་ངོས་ལེན་བཅས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་གཏོང་བའི་རྒྱུད་རིམ་ཡིན་ལ། ཞིང་ཆེན་གོང་འོག་ཡོངས་ཀྱི་བསམ་ཕྱོགས་གཅིག་བྱེད་པ་དང་སྟོབས་ཤུགས་ཕྱོགས་གཅིག་ལ་བཏོན་ནས། ཚད་ཆེས་ཆེན་པོས་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་རྒྱུད་རིམ་ཡིན། བསྐྱོད་ལམ་གསར་བར་ཧུར་ཐག་གིས་བསྐྱོད་ན། མཚོ་སྔོན་ལ་ཆེས་མཁོ་བ་ནི་གནད་དོན་དམིགས་པ་དང་གནད་དོན་གཙིགས་སུ་བཟུང་ནས། སློབ་སྦྱོང་དང་ལག་བསྟར་དེ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། དུས་རབས་གསར་བར་བྱས་རྗེས་འཇོག་ན། མཚོ་སྔོན་གྱིས་ངེས་པར་དུ་མངག་བཅོལ་ཡིད་ལ་འཛིན་པ་དང་དྲིན་བསམ་མདུན་སྐྱོད་བྱེད་པ། ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་རྐང་འཛུགས་པ་དང་ཁྱད་ཆོས་དགེ་མཚན་འདོན་སྤེལ་བྱེད་པ། འཕེལ་རྒྱས་ཀྱི་སྦས་ཤུགས་འཕེལ་རྒྱས་གཏོང་བ། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གཏན་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་མངོན་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་ནུས་སྔར་ལས་ཆེ་བར་བྱེད་པ་དང་། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་རྨང་གཞི་སྔར་ལས་ཇེ་བརྟན་དུ་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་དཀའ་བ་གདོང་གིས་བསུ་བ་དང་གནོན་ཤུགས་ཁྱེར་ནས་མདུན་སྐྱོད་བྱེད་པ། དམིགས་འབེན་མ་འགྲུབ་ན་མཚམས་མི་འཇོག་པ། ལས་སྒྲུབ་ལས་སྐྲུན་གྱི་སྙིང་སྟོབས་ཆེར་སྐྱེད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་སེམས་བདེ་བ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་ལས་འབྲས་བསྐྲུན་དགོས།

ཚོགས་ཐོག་ཏུ། ཞིང་ཆེན་གྱི་འགོ་ཁྲིད་ཝང་དབྱང་དང་ཚེ་རིང་ཐར། ཝང་ལིན་ཧུའུ། པད་ཁོ། ལིའུ་ཐོ། ལིའུ་ཁྲའོ། ཧི་ལུའུ་ཁྲུན་བཅས་ཀྱིས་ལག་བསྟར་ཟབ་མོ་བྱེད་པར་དམིགས་ནས་གྲོས་ཚོགས་ཀྱི་བརྗེ་རེས་གཏམ་བཤད་སྤེལ་བ་དང་། ཀྲུའུ་ཞང་ཧྥིན་གྱིས་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྤྱི་ཁོག་གི་གནས་ཚུལ་ཡར་ཞུ་བྱས། ཝུན་ཐིན་སྲང་ལམ་གཞིས་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ལིའུ་ཚེའུ་ཆིན་དང་། རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་དཔེ་གཞི་གསོན་པོ་དང་འགྱུར་ལྡོག་ལ་བརྟེན་ནས་རིགས་སོ་སོའི་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དྲིན་བསམ་པ་དང་གུང་ཁྲན་ཏང་གི་དྲིན་བསམ་པའི་བརྩེ་སེམས་ཟབ་མོ་གསལ་བོ་བཤད།

མཛུབ་སྟོན་ཚན་ཆུང་བཅུ་བཞི་པའི་ཁོངས་མི་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གཙོ་བོ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོ་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

རིན་ཆེན་མཚོས་བསྒྱུར།