ཟླ་དྲུག་པའི་ཚེས་སུམ་ཅུ་ཉིན། ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱིས་བདུན་གཅིག་གཟེངས་བསྟོད་ཚོགས་ཆེན་དང་བརྗོད་དོན་སློབ་གསོའི་ན་གཞོན་ལས་བྱེད་པའི་དཔེ་ཀློག་མྱོང་ཚོར་བརྗེ་རེས་ཚོགས་འདུ་བསྡུས་ནས་འདས་པའི་ལོ་གཅིག་གི་རིང་གི་ལས་ཁུངས་ཀྱི་བྱ་བ་སོ་སོ་དང་ཏང་འཛུགས་སྐྲུན་ཁྲོད་འབུར་དུ་ཐོན་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས། ཏང་གི་གཟི་ཉམས་འབར་བའི་ལོ་རྒྱུས་ལ་ཕྱིར་ལྟ་བྱས་པ་དང་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱིས་ལས་གནས་ལ་རྐང་འཛུགས་པ་དང་འབད་པ་ལྷུར་ལེན་བྱེད་པ། ཡར་བསྐྱར་བྱས་རྗེས་འཇོག་པར་སྐུལ་མ་བཏང་།
ཚོགས་ཐོག་ནས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ཡོངས་ཀྱིས་ཏང་ཀྲི་པུའུ་ཡི་འཐབ་འཛིང་ནུས་པ་དང་ཏང་ཡོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་པ། ཕུགས་འདུན་དད་སེམས་ལ་གཡོ་བ་མེད་པ་དང་ནམ་ཡང་ཏང་ལ་བློ་དཀར་བ་རྒྱུན་འཁྱོངས་བྱེད་པ། དངོས་སྒྲུབ་དམ་འཛིན་གྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་ནམ་ཡང་སྔོན་ལ་མིག་དཔེ་སྟོན་པ་དང་། གོ་རིམ་ཧྲིལ་བོར་མི་དམངས་དམངས་གཙོ་ལག་ལེན་བྱེད་པ། ནམ་ཡང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་དགོས་པའི་བླང་བྱ་བཏོན།
གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ནས་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དང་ཏང་གི་གཟི་ཉམས་འབར་བའི་ལོ་རྒྱུས་ཁྲོད་སྟོབས་དང་བློ་གྲོས་བསྡུ་ལེན་བྱས་ནས་དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བའི་སྟེང་། རྩེ་མོར་སོན་ཀྱང་དེ་ལས་ལྷག་པར་འབད་བརྩོན་བྱས་ཏེ་ཐོག་མའི་བསམ་འདུན་ལག་ལེན་དུ་བསྟར་ནས་དངོས་ཡོད་འགུལ་སྐྱོད་ལ་བརྟེན་ནས་ཏང་གི་ལས་དོན་ཐད་འབད་འབུངས་བྱེད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབྲི་བའི་ཐད་འབད་འཐབ་བྱེད་དགོས།
མི་ཕམ་མགོན་པོས་བསྒྱུར།