ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་སྤེལ།
2023.07.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 60

ཟླ་བདུན་པའི་ཚེས་བདུན་ཉིན།   གསར་འགོད་པས་མཚོ་སྔོན་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།   བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ།    ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ལྟ་ཞིབ་དག་བཅོས་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་པ་དང་།    སློབ་སྦྱོང་དང་ཞིབ་བསྡུར།   ལྟ་ཞིབ།   དག་ཐེར་ལེགས་བཅོས་བཅས་བྱེད་ཞོར་དུ་བླང་བྱར་དམིགས་ནས་ལྟ་ཞིབ་དག་བཅོས་བྱ་བར་སྐུལ་འདེད་ནན་མོ་བཏང་།    མིག་སྔའི་བར་དུ།  ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་བསྡོམས་པས་གནད་དོན་ཉེར་དགུར་ལྟ་ཞིབ་བྱས་པ་དང་།   དག་ཐེར་ལེགས་བཅོས་བྱེད་ཐབས་བཅོ་ལྔ་གཏན་འབེབས་བྱས།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་རྒྱུས་ལོན་ཟབ་མོ་བྱས་ཏེ་བརྗོད་དོན་སློབ་གསོའི་ལྟ་ཞིབ་དག་བཅོས་བྱ་བ་དེ་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་བྱེད་པའི་དཔུང་སྡེའི་ལོ་གཅིག་གི་སློབ་གསོ་དག་ཐེར་བྱ་བར་གཅིག་གྱུར་སྦྲེལ་མཐུད་བྱས་པ་དང་དེ་གཉིས་མཉམ་དུ་དོན་འཁྱོལ་ཡོང་བར་བྱས།   ལྟ་ཞིབ་དག་བཅོས་བྱ་བའི་གལ་ཆེན་རང་བཞིན་ཡང་དང་བསྐྱར་དུ་ནན་བཤད་བྱས་པ་དང་།   ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་གཞུང་ལུགས་སློབ་སྦྱོང་དང་ཆབ་སྲིད་བྱང་ཚད།  བྱེད་ནུས་འཇོན་ཐང་།   འགན་འཁྲི་ཁག་ཁུར།   བྱ་བའི་སྤྱོད་ཚུལ།   དག་གཙང་རང་གཅུན་བཅས་ཀྱི་ཕྱོགས་དྲུག་ཐད་ལྟ་ཞིབ་ནན་མོ་བྱེད་པར་དམིགས་ནས་རང་རྟོགས་སྒོས་ཆབ་སྲིད་ཉམས་ཞིབ་དང་ལེན་བྱེད་པ་དང་བྱེད་ནུས་འཇོན་ཐང་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་ཀྲི་པུའུ་སོ་སོས་ལེགས་སྒྲིག་བྱས་པའི་གནད་དོན་ལ་དམིགས་ཏེ་རྩིས་ཁྲ་བཙུགས་པ་དང་།  གནད་དོན་བཙལ་ཏེ་དབྱེ་ཞིབ་ནན་མོ་བྱས་པར་མ་ཟད།   འགོ་ཁུངས་དམ་འཛིན་དང་རྩ་བ་བཅོས་སྐྱོང་།   ཡུན་རིང་དོ་དམ་བཅས་ནས་འགོ་བརྩམས་ཏེ་ཡུན་རིང་ལ་འཛུགས་པ་དང་མྱུར་དུ་ལེགས་བཅོས་བྱེད་པ་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱས་པ་དང་།   གནས་ཚུལ་དངོས་ལ་བསྟུན་ནས་དག་ཐེར་ལེགས་བཅོས་འཆར་གཞི་བཟོས་པ་དང་དག་ཐེར་ལེགས་བཅོས་ཀྱི་རྩིས་ཁྲ་བཙུགས།

ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིན་དང་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་བསྣན་ཏེ་རྟོག་ཞིབ་ཚན་ཆུང་གིས་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། ལྟ་ཞིབ་དག་བཅོས་ཚན་ཆུང་གི་རྗེས་འདེད་ཉེན་བརྡ་གཏོང་བ་སོགས་བྱས་ཏེ་དག་ཐེར་ལེགས་བཅོས་གྲུབ་འབྲས་སྤྱད་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱས།

                                                                                   ལྷ་མོ་ཚེ་རིང་གིས་བསྒྱུར།