ཞིང་ཆེན་ཡིད་རྟོན་འགན་སྲུང་སྡེ་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།
2023.07.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 86

བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཡིད་རྟོན་འགན་སྲུང་སྡེ་ཁག་གིས་བརྗོད་དོན་སློབ་གསོ་སྤེལ་བ་དེ་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། ཉེན་ཁ་ཆེན་པོ་དོགས་ཟོན་དང་ཞི་འཇགས་སུ་གཏོང་བ། དཔེ་གཞིར་བརྟེན་ནས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ། སྡེ་ཚོགས་ཀྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལས་འགན་གཙོ་བོ་དང་ཟུང་འབྲེལ་བྱས་ཤིང་། སློབ་སྦྱོང་དང་སློབ་གསོ་དེ་བྱ་བ་གཙོ་བོ་དང་མཉམ་དུ་བཀོད་སྒྲིག་བྱེད་པ་དང་། བརྗོད་སྙིང་ལ་དམིགས་པ་དང་ཁྱད་ཆོས་མངོན་པར་བྱེད་པ། མཉམ་འདྲེས་སྐུལ་འདེད་བཏང་སྟེ། ནན་ནན་ཏིག་ཏིག་སྒོས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཞིང་ཆེན་ཡིད་རྟོན་འགན་སྲུང་སྡེ་ཚོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་བྱ་བའི་རེ་བར་ཚད་བསྡུར་བྱས་ཤིང་། མིག་སྔའི་བཅོས་བསྒྱུར་དང་ཡུན་རིང་འཛུགས་པ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱིས་འདོན་པ་དང་རང་ཉིད་ཀྱིས་འཚོལ་བ། གོང་རིམ་གྱིས་སྟོན་པ། ཕན་ཚུན་རོགས་རམ་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཞིབ་བཤེར་དང་དབྱེ་ཞིབ་ནན་མོ་བྱེད་དགོས་ལ། སྡེ་ཚོགས་ཀྱི་ཏང་ཨུས་སྙིང་གཏམ་ཁ་བརྡ་ཡོངས་ལ་ཁེབས་པར་བྱས་ཏེ། ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་ཉན་པ་དང་། ནན་ཏན་གྱིས་བྱ་བའི་མི་འདང་ས་འཚོལ་ཞིབ་བྱེད་པ། གནད་དོན་གྱི་དཀའ་གནད་འཚོལ་བ། གནད་དོན་གྱི་གསལ་ཁྲ་བཀོད་ནས་བྱེ་བྲག་གི་བྱེད་ཐབས་གཏན་འབེབས་བྱེད་དགོས། ཁེ་ལས་ཆུང་བའི་བར་ཁྱད་ལྡན་པའི་འཕེལ་རྒྱས་དང་ཞིང་གསུམ་ཕྱུགས་གསུམ་གྱི་དངུལ་གསོག་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། སྲིད་ཇུས་རང་བཞིན་གྱི་འགན་ནུས་རྒྱུན་འཁྱོངས་བྱེད་པ་དང་སྤྱི་བའི་ངེས་གནས་ཚད་དང་ལྡན་པ། ཡིད་རྟོན་འགན་སྲུང་མ་ལག་འཐུས་ཚང་དུ་འཛུགས་པ། འགན་སྲུང་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། སྲིད་གཞུང་དང་དངུལ་ཁང་གི་ཁག་ཁུར་མཉམ་ལས་རྐྱེན་སྲོལ་གཏིང་ཟབ་ཏུ་སྤེལ་བ། རྒྱལ་དབང་འབོར་ཆུང་དངུལ་བུན་གྱི་ཐུན་མིན་བྱེད་ནུས་འདོན་སྤེལ་བཅས་བྱས་ཏེ། རིགས་སྣ་ཚོགས་ཀྱི་གནད་དོན་ཐག་གཅོད་བཟང་བོ་བྱས་ནས། མང་ཚོགས་ལ་ངེས་པ་དོན་གྱི་འགྱུར་ལྡོག་དང་འཕེལ་རྒྱས་མཐོང་དུ་འཇུག་པར་འགན་སྲུང་དང་། ངེས་པ་དོན་གྱིས་མང་ཚོགས་དང་ཁེ་ལས་ལ་ཕན་པར་བྱས་ཡོད།

དེའི་ཞོར་དུ་རྟོག་དཔྱོད་ཞིབ་འཇུག་གི་ཕན་འབྲས་ཇེ་ཟབ་ཏུ་གཏོང་བ་དང་། ཁྱིམ་ཚང་སོ་སོར་འགྲོ་བ་དང་ཞབས་ཞུའི་ཁེ་ལས་དང་གཞི་རིམ་ལས་གཞིའི་ཡུལ་དངོས་སུ་འགྲོ་བ། རྟོག་དཔྱོད་ཞིབ་འཇུག་གི་བཞུགས་མོལ་ཚོགས་འདུ་སྤེལ་བ་སོགས་ལ་བརྟེན་ནས། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་བྱེད་སྒོའི་ལས་རིམ་འཁོར་རྒྱུག་དང་ཉེན་ཁའི་དོ་དམ་མ་ལག་སོགས་བཅོས་བསྒྱུར་འཕེལ་རྒྱས་ཁྲོད་ཀྱི་དཀའ་གནད་གནད་དོན་ཐད་ནས་གཏིང་ཟབ་ཏུ་རྟོག་ཞིབ་བྱས། ཕྱོགས་ཡོངས་ནས་བཅོས་བསྒྱུར་འཕེལ་རྒྱས་ལ་ཚད་བཀག་བྱེད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དང་མི་འདང་ས་བཙལ་ནས། སྔར་ལས་ལྷག་པའི་སྒོ་ནས་སྡེ་ཚོགས་ཀུང་ཟིའི་དུས་ཡུན་འབྲིང་རིང་གི་འཕེལ་རྒྱས་འཆར་འགོད་གསལ་བོ་བྱས་ཏེ། གཞི་རྩའི་རྩ་དོན་གཅིག་དང་ལས་འགན་གཙོ་བོ་གཉིས། མ་ལག་འཛུགས་སྐྲུན་སྣ་དྲུག བྱ་བའི་གཙོ་གནད་གསུམ་བཅས་ཀྱི་གཅིག་གཉིས་དྲུག་གསུམ་གྱི་འཐབ་ཇུས་བཀོད་སྒྲིག་ལ་འཆར་འགོད་བྱས་ཤིང་། ཏང་འཛུགས་བྱ་བ་སྣེ་ཁྲིད་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། གཙོ་བོ་ལས་རིགས་ཁོངས་གཏོགས་ཀྱི་ཉེན་ཁ་ཞི་འཇགས་སུ་གཏོང་བ་དང་སྲིད་གཞུང་རང་བཞིན་གྱི་དངུལ་གསོག་འགན་སྲུང་དང་ཡང་བསྐྱར་འགན་སྲུང་བྱེད་ནུས་འདོན་སྤེལ་བྱས་ཏེ། བསྟུད་མར་ཀུང་ཟིའི་ཁྲིམས་མིའི་བཅོས་སྐྱོང་མ་ལག་དང་། ཉེན་ཁའི་དོ་དམ་མ་ལག བྱེད་སྒོའི་གཞོགས་འདེགས་མ་ལག ནང་ཁུལ་གྱི་ཚོད་འཛིན་མ་ལག ནོར་སྲིད་གཅིག་བསྡུས་དོ་དམ་མ་ལག འཇོན་མིའི་དཔུང་སྡེའི་མ་ལག་བཅས་འཐུས་ཚང་དུ་བཏང་བར་མ་ཟད། བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་དང་ཁེ་ལས་རིག་གནས་ཀྱི་འཛུགས་སྐྲུན། དྲིལ་སྒྲོག་སྟེགས་བུའི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱས།


བསོད་ནམས་ཚེ་རིང་གིས་བསྒྱུར།