བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་དུ། མགོ་ལོག་ཁུལ་དགའ་བདེ་རྫོང་གིས་བརྗོད་དོན་སློབ་གསོའི་ཆབ་སྲིད་སྣེ་ཁྲིད་ཀྱི་དོན་སྙིང་དང་གཞུང་ལུགས་དྲག་ཆས་ཀྱི་དོན་སྙིང་། ལག་ལེན་སྐུལ་འདེད་ཀྱི་དོན་སྙིང་། འགན་འཁྲིའི་ཡིད་འགུལ་གྱི་དོན་སྙིང་བཅས་ལ་ངོས་འཛིན་ཟབ་མོ་བྱུང་སྟེ། བསམ་བློ་དང་འགུལ་སྐྱོད་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་མཐའ་གཅིག་ཏུ་གཅིག་གྱུར་བྱས་ལ། “དགོངས་པར་སློབ་སྦྱོང་དང་། ཏང་གཤིས་ཇེ་དྲག་ཏུ་གཏོང་བ། ལག་ལེན་ལ་མཐོང་ཆེན་བྱེད་པ། བྱས་རྗེས་གསར་བ་འཇོག་པ”བཅས་ཀྱི་སྤྱིའི་བླང་བྱ་དང་དམ་པོར་སྦྲེལ་བ་དང་། གཅིག་གྱུར་འཆར་འགོད་དང་གཞི་གཅིག་ཏུ་སྐུལ་སྤེལ་བྱེད་པའི་ཐད་ཐབས་བཀོད་འཐེན་ཞིང་ནུས་ཤུགས་བཏོན་ནས། རྫོང་ཡོངས་ཀྱི་བརྗོད་དོན་སློབ་གསོའི་ལས་དོན་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་།
བསམ་བློ་བརྟན་པོར་བཏང་སྟེ་གཞི་རྩ་བརྟན་སྲུང་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་ལ་གོ་རིམ་དང་ནུས་པ་ལྡན་པའི་སྒོ་ནས་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས། བརྗོད་དོན་སློབ་གསོའི་ལས་དོན་མགོ་བརྩམས་པའི་ཚུན་དུ། དགའ་བདེ་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ལྟར། བརྗོད་དོན་སློབ་གསོ་ཟབ་སྤེལ་བྱེད་པར་སྐུལ་སྤེལ་ཏན་ཏིག་བྱས་ཤིང་། སློབ་སྦྱོང་གི་འཆར་གཞི་ལྟར། གཅིག་བསྡུས་སློབ་སྦྱོང་དང་རང་མོས་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་བརྒྱུད་དེ། “ཚོགས་འདུ་གསུམ་དང་སློབ་ཐུན་གཅིག”དང“བརྗོད་དོན་ཏང་གི་ཉིན་མོ”སོགས་དང་ཟུང་འབྲེལ་བྱེད་པའི་བྱེད་ཐབས་ལ་བརྟེན་ནས་རིགས་མི་འདྲ་བའི་སློབ་སྦྱོང་ཐེངས192སྤེལ་བ་དང་ཏང་ཡོན་མི་ཐེངས1800ལྷག་ཞུགས་པས། ཏང་ཡོན་སློབ་སྦྱོང་ཧ་ལམ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་།
བརྟག་ཞིབ་གཏིང་ཟབ་བྱས་ནས་མཐོར་འདེགས་ལ་སྐུལ་འདེད་བཏང་བ་དང་། དངོས་འཛིན་རྣལ་སྒྲུབ་ཀྱིས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་ཐབས་བྱེད་པ་རྒྱུན་འཁྱོངས་བྱས། རྫོང་ཁྲུའུ་རིམ་པའི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཏན་འཁེལ་བྱས་པའི་ནང་དོན་དང་ཐབས་ལམ་ལག་བསྟར་ནན་མོ་བྱས་ཏེ། དགའ་བདེ་རྫོང་གི་དངོས་ཡོད་ལ་གཞིགས་པ་དང་། ཁག་བགོས་ཁྱབ་ཁོངས་ཀྱི་བྱ་བའི་དངོས་ཡོད་ནས་མགོ་བརྩམས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། རྫོང་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་དང་ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ། དམངས་ཚིས་ལེགས་བསྒྱུར་སོགས་ཐད་ཀྱི་དགའ་བདེའི་སྤྱི་ཚོགས་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་བར་ཆད་བཟོ་བའི་གནད་དོན་དང་གཞི་རིམ་གྱིས་ཐེར་འདོན་བྱས་པའི་གནད་དོན་གལ་ཆེན། མང་ཚོགས་ཀྱིས་རྒྱ་ཁྱབ་ཏུ་དོ་ཁུར་བྱེད་ཀྱིན་པའི་གནད་དོན་ཛ་དྲག དུས་ཡུན་རིང་པོར་ཐག་མ་ཆོད་པའི་དཀའ་གནད་དང་ཉེན་ཁ་ཆེ་བའི་གནད་དོན་བཅས་ལ་དམ་པོར་དམིགས་ཏེ། བརྟག་ཞིབ་བསླབ་ཚན25གཏན་འཁེལ་བྱས་པ་དང་། “མི་གཅིག་ལ་ཇུས་གཞི་གཅིག”གི་བྱེད་ཐབས་བརྒྱུད་དེ། རྫོང་རིམ་པའི་ལས་བྱེད་པའི་བརྟག་ཞིབ་ཇུས་གཞི་གཏན་འབེབས་བྱས་ལ། གཅིག་གྱུར་འཆར་འགོད་སྒོས་བརྟག་ཞིབ་བཀོད་སྒྲིག་བྱེད་པ། གནས་ཚུལ་དངོས་ལ་བརྟག་ཞིབ་དང་བྱེད་ཐབས་གོ་ཆོད་འདོན་པ། ཕན་འབྲས་ངོ་མ་བརྩོན་པའི་ཐད་ཤུགས་འདོན་པ། གནས་ཚུལ་གསལ་རྟོགས་བྱེད་པ་དང་གནད་དོན་གནད་འཁེལ་འཚོལ་ཞིབ་བྱེད་པ། བྱེད་ཐབས་ལེགས་པོ་འདོན་པ་བཅས་ཀྱིས། བརྟག་ཞིབ་གྲུབ་འབྲས་དེ་བྱ་བ་ལེགས་བསྒྱུར་བྱེད་པ་དང་དགའ་བདེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་དངོས་སུ་བསྒྱུར་ཡོད།
གནད་དོན་བཙལ་ཏེ་དག་ཐེར་བཅོས་སྐྱོང་ནན་འཛིན་བྱས་པ་དང་། གནད་དོན་ངོ་མ་ཡོ་བསྲང་བྱས་ནས་རང་ངོས་གསར་བརྗེ་ལ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་བྱས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གནད་དོན་བརྟག་ཞིབ་ཀྱི་འབྲེལ་ཡོད་བླང་བྱ་ལྟར། གནད་དོན་བརྟག་ཞིབ་གསལ་ཐོ་དུས་ཐོག་ཏུ་བཙུགས་པ་དང་། ཕྱོགས་ཡོངས་དང་ཡང་དག་པའི་གནད་དོན་གསལ་ཐོ་དང་ལས་འགན་གསལ་ཐོ། དག་ཐེར་གསལ་ཐོ་བཅས་རིམ་པ་དགར་ཏེ་ཆགས་པར་བྱས་ལ། འགུལ་རྣམ་དོ་དམ་དང་འཁོར་བསྒྲིལ་ཨང་རྟགས་མེད་པར་བཟོ་བའི་བྱེད་ཐབས་ལ་བརྟེན་ནས་དག་ཐེར་ལེགས་བཅོས་བྱས་པ་དང་། དུས་བཅད་ལྟར་འཁོར་བསྒྲིལ་གསར་བསྒྱུར་བྱས་པ་དང་། སློབ་སྦྱོང་བྱེད་ཞོར་དུ་ཤན་སྦྱར་དང་ལྟ་ཞིབ། དག་ཐེར་ལེགས་བཅོས་བཅས་བྱས་ཏེ། བརྗོད་དོན་སློབ་གསོར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོན་པར་ཁག་ཐེག་བྱས། རྫོང་རིམ་པའི་འགོ་ཁྲིད་གཞོན་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གིས་གནད་དོན་བརྟག་ཞིབ་བྱེད་ཐེངས་དང་པོའི་ནང་། ཚན་ཁག་གི་གནད་དོན43ལ་བརྟག་ཞིབ་བྱས་པ་དང་། རྫོང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པས་གནད་དོན149ལ་བརྟག་ཞིབ་བྱས། ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུས་གནད་དོན42ལ་ བརྟག་ཞིབ་བྱས་པ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གནད་དོན588ལ་བརྟག་ཞིབ་བྱས། རྫོང་ཡོངས་ཀྱི་ཏང་ཡོན་གྱིས་བསྡོམས་པས་གནད་དོན2100ལྷག་ལ་བརྟག་ཞིབ་བྱས་པ་རེད།
བརྗོད་དོན་སློབ་གསོ་སྐོར་གཉིས་པ་སྤེལ་བའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ནན་ཏན་སྒོས་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བརྗོད་དོན་སློབ་གསོ་དང་ལྟེ་བའི་ལས་དོན་ཟུང་འབྲེལ་དམ་ཟབ་བྱེད་པ་རྒྱུན་འཁྱོངས་བྱས་ནས་སྔ་མོ་ནས་དམ་འཛིན་དང་བཀོད་སྒྲིག་ཞིབ་ཚགས། གཞི་རྟེན་གསར་གཏོད་བཅས་བྱས་ཏེ། བརྗོད་དོན་སློབ་གསོ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་འགན་ལེན་བྱས།
བརྗོད་དོན་སློབ་གསོ་སྤེལ་བའི་བརྒྱུད་རིམ་ཁྲོད་ཏང་ཡོན་རྒན་པར་ཏང་ཡོན་གྱི་བསམ་བློ་འཛུགས་སྐྲུན་བྱེད་པར་རྗེས་སུ་མི་ལུས་པ་དང་། སློབ་གསོ་སློབ་སྦྱོང་བྱེད་མཚམས་མི་འཇོག་པར་འགན་ལེན་བྱེད་ཆེད། ཉེ་ལམ་རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ། ཏང་ཡོན་རྒན་པ་དང་འགུལ་སྐྱོད་མི་བདེ་བའི་ཏང་ཡོན་སོགས་ཀྱི་ཁྱིམ་དུ་སོང་ནས་བརྗོད་དོན་སློབ་གསོའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གི་བྱེད་སྒོ་སྤེལ་ཞིང་། ཁྱིམ་ཚང་དུ་སློབ་སྦྱོང་དང་དགོངས་དོན་འགྲེལ་བཤད། ཏང་ཡོན་ལ་སེམས་ཁུར་དང་འཚམས་འདྲི་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་ཡོན་རྒན་པ་ཚོ་སྒོ་ཕྱི་རུ་འགྲོ་མི་ཐུབ་ཀྱང་བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་ནང་དོན་དང་ཡིག་ཆའི་དགོངས་དོན་གསར་བ་ཤེས་རྟོགས་ཐུབ་པ་བྱས་ནས། བརྗོད་དོན་སློབ་གསོའི་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པར་བྱས། བྱེད་སྒོའི་ཁྲོད་ཏང་ཡོན་ལས་བྱེད་པ་དང་ཏང་ཡོན་རྒན་པ་ཚོས་མཉམ་དུ་ཞི་ཅིན་ཕིང་གི་གསུང་རྩོམ་གདམས་སྒྲིག་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཆེད་དོན་གནད་བསྡུས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སློབ་སྦྱོང་རྩ་གནད་སོགས་ཀྱི་དཔེ་དེབ་སློབ་སྦྱོང་བྱས་པ་དང་ཆབས་ཅིག ཐེངས་འདིའི་སློབ་གསོའི་སློབ་སྦྱོང་གོ་སྐབས་སུ་བརྩིས་ནས་ཏང་ཡོན་རྒན་པ་རྣམས་དང་མཉམ་དུ་ཁ་བརྡ་བྱས་ཤིང་ཁོ་ཚོས་གཞི་རིམ་བཅོས་སྐྱོང་ཐད་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཉན། དེར་མ་ཟད་ཁོ་ཚོའི་འཚོ་བ་དང་རྒན་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ནས་དངོས་ཡོད་དཀའ་ངལ་ཐག་གཅོད་བྱས།
རྐ་འབའ་སུམ་མདོ་གྲོང་རྡལ་བད་ཁོ་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་སྟག་ལྷས་བཤད་རྒྱུར། བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། བད་ཁོ་སྡེ་བའི་ཏང་ཀྲི་པུའུ་ཡིས་གྲོང་རྡལ་ཏང་ཨུའི་མཛུབ་སྟོན་འོག བརྗོད་དོན་སློབ་གསོའི་སློབ་སྦྱོང་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། དུས་ཐོག་ཏུ་འགོ་ཁྲིད་ཚན་ཆུང་བཙུགས་ནས་སློབ་སྦྱོང་གི་འཆར་གཞི་བཟོས་པ་དང་། སློབ་སྦྱོང་གི་ནང་དོན་དང་བྱེད་སྟངས། བླང་བྱ་བཅས་གསལ་བོ་བྱས་ལ། སྡེ་བའི་ཏང་ཀྲི་པུའུ་དང་ཏང་ཡོན་ཡོངས་ལ་ཞིབ་བཤེར་བྱེད་པའི་གནད་དོན་གྱི་རྩིས་ཐོ་བཟོས་ཏེ་ནུས་ལྡན་གྱི་ལེགས་བཅོས་བྱེད་ཐབས་ཀྱང་གཏན་འབེབས་བྱས། དུས་མཚུངས་སུ། ང་ཚོས་ལོ་ན་རྒས་ཤིང་འགུལ་སྐྱོད་མི་བདེ་བའི་དམིགས་བསལ་ཚོགས་སྤྱི་ཅན་གྱི་ཏང་ཡོན་ལ་དམིགས་ནས། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིས་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཁྱིམ་ཚང་དུ་བསྐྱོད་ནས་དྲིལ་སྒྲོག་དང་ཁ་གཏད་རོགས་སྐྱོར་ཐེངས་དྲུག་བྱས་ཤིང་། གཅིག་སྡུད་སློབ་སྦྱོང་ཚོགས་འདུ་ཐེངས་དྲུག་འཚོགས་པ། ཏང་གི་ཉིན་མོའི་བརྗོད་དོན་བྱེད་སྒོ་ཐེངས་གཉིས་སྤེལ་ཞིང་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་བྱེད་སྒོ་ཐེངས་ལྔ་སྤེལ། ད་དུང་ཏང་ཡོན་རེ་འགས་ཡི་གེ་མི་ཤེས་པའི་དོན་དངོས་གནས་ཚུལ་ལ་དམིགས་ནས། ང་ཚོས་ཏང་ཡོན་གྱི་སྐད་འཕྲིན་ཚོགས་པ་བཙུགས་ཏེ་སྐད་འཕྲིན་གྱི་ལམ་ནས་བརྗོད་དོན་སློབ་གསོའི་ནང་དོན་ཐེངས་ལྔ་ལ་ཟུར་ཁྲིད་བྱས་པ་དང་། ཏང་ཡོན་གྱི་སློབ་སྦྱོང་ཐད་ནས་སློབ་ཁྲིད་ལ་མི་ཆད་པ་དང་། རིགས་གཞུང་སྟེང་ནང་དོན་མི་ཆད་པ། བསམ་བློར་རྗེས་ལུས་མི་ཐེབས་པ། དུས་ཐོག་ཏུ་ཏང་གི་གསུངས་སྐད་ཐོས་ཐུབ་པ་བཅས་བྱས་ནས། སྡེ་བའི་ཏང་ཀྲི་པུའུ་ཡི་ཏང་ཡོན་གྱི་བརྗོད་དོན་སློབ་གསོའི་ཐད་ཀྱི་སློབ་སྦྱོང་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་བ་ཡིན་ཟེར། གཞན་ད་དུང་ཐང་མགོ་གྲོང་རྡལ་དོང་བོ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་དེ་བཞིན་སྡེ་སྡོད་ཧྲུའུ་ཅི་དང་པོས་འགུལ་བསྐྱོད་སྟབས་བདེ་མིན་པའི་ཏང་ཡོན་རྒན་པར་དམིགས་ནས། ཁོ་ཚོ་ཏང་ཡོན་རྒན་པ་རེ་རེའི་ཁྱིམ་དུ་སོང་ནས་སློབ་གསོ་སློབ་སྦྱོང་ཐད་རྗེས་ལུས་མི་ཐེབས་པའི་ཐོག་ནས་བརྗོད་དོན་སློབ་གསོའི་བསམ་བློའི་སྙིང་སྟོབས་དྲིལ་སྒྲོག་དང་ཏང་ཡོན་རྒན་པ་ཚོའི་འཚོ་བའི་གནས་ཚུལ་དང་བདེ་ཐང་གནས་ཚུལ། དེ་བཞིན་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་བཅས་ལ་རྒྱུས་ལོན་ཞིབ་མོ་བྱས།
ཐག་རིང་དུ་སྡོད་པའི་ཏང་ཡོན་རྒན་པ་རྣམས་ལ་བརྗོད་དོན་སློབ་གསོའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་ཆེད། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ཁ་པར་གྱི་ལམ་ནས་ཏང་ཡོན་ལ་སློབ་སྦྱོང་ནན་ཏན་བྱེད་རྒྱུར་སྐུལ་འདེད་བཏང་བར་མ་ཟད། ཉིན་རེ་རེའི་སློབ་སྦྱོང་གནས་ཚུལ་ལ་ལྟ་སྐུལ་ཞིབ་དཔྱོད་བྱེད་བཞིན་ཡོད་པ་རེད།
བསྟུད་མར་ཉིན་འགའི་རིང་ལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་བརྗོད་དོན་སློབ་གསོའི་བཀོད་སྒྲིག་གལ་ཆེན་སྣ་ཚོགས་ལས་སྒྲུབ་ལས་གཏོད་དང་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཏུ་བསྒྱུར་ཏེ། མང་ཚོགས་ཀྱི་ཡོང་སྒོ་འཕར་བར་དམ་པོར་དམིགས་པ་དང་བྱེད་ཐབས་སྣ་མང་སྤྱད་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་བླངས།
ཡུས་ཧྲུའུ་གྲོང་ཁྱེར་གྱིས་གོང་གིས་འོག་ལ་སྣེ་ཁྲིད་དང་འོག་གིས་གོང་ལ་ཡར་སྐུལ་བྱེད་རྒྱུ་ཟུང་འབྲེལ་བྱེད་པའི་བྱེད་ཐབས་སྤྱད་དེ། གནད་དོན་གྱི་གསལ་ཐོ་ལྟར་གཞི་རིམ་དུ་ཟབ་ཞུགས་བྱེད་པ་དང་། དུས་བཅད་ལྟར་གཅིག་བསྡུས་གསོ་སྦྱོང་དང་ཁྱིམ་ཚང་དུ་སོང་ནས་མཛུབ་སྟོན་བྱེད་པ། ཡུལ་དངོས་ནས་གནད་དོན་ཐག་གཅོད་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་གྲོང་ཁྱེར་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་མཉམ་སྒུལ་དང་ཕན་ཚུན་སྦྲེལ་མཐུད་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱས། མ་དངུལ་སྒོར་དུང་ཕྱུར་བཞི་དང་ས་ཡ་བརྒྱད་བཏང་སྟེ་ཡུས་ཧྲུའུ་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐོན་ལས་གསར་གཏོད་དངོས་རྒྱུག་གླིང་དང་གསོ་སྤེལ་དཔེ་སྟོན་རྟེན་གཞི་སོགས་སྣེ་ཁྲིད་ལས་གཞི་ལག་བསྟར་བྱས་ཏེ། སྲིད་གཞུང་དང་ཁེ་ལས། མཉམ་ལས་ཁང་། འབྲོག་ཁྱིམ་བཅས་ཀྱི་ཁེ་ཕན་མཉམ་འབྲེལ་གྱི་རྐྱེན་སྲོལ་བཙུགས་པ་དང་ཐོན་ལས་ཀྱི་སྦྲེལ་ཐག་གོ་རིམ་ལྡན་པར་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས། དེ་དང་མཉམ་དུ། ལས་གཏན་ལས་ཞུགས་ཀྱི་གཅིག་ཅན་དྲུག་གི་བྱེད་ཐབས་དོན་འཁྱོལ་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དབུལ་ཐར་མི་གྲངས་ཁྲི་གཅིག་དང་བདུན་བརྒྱ་ལྷག་གིས་ལས་ཞུགས་བྱེད་པ་མངོན་འགྱུར་བྱས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱིས་སྡེ་བ་སྟོབས་ལྡན་དུ་གཏོང་བའི་བཟོ་སྐྲུན་ལག་བསྟར་བྱས་པ་བརྒྱུད་དེ། ཐབས་བརྒྱ་ཇུས་སྟོང་གིས་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་དགེ་མཚན་དང་རྩ་འཛུགས་ཀྱི་དགེ་མཚན་དེ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་དགེ་མཚན་དུ་འགྱུར་བར་བྱས། མིག་སྔའི་བར། གྲོང་ཁྱེར་ཡོངས་སུ་ཡོང་འབབ་སྒོར་ཁྲི་ལྔ་ནས་སྒོར་འབུམ་གཅིག་གི་སྡེ་བ་ཉེར་གཉིས་ཡོད་པ་དང་སྒོར་འབུམ་གཅིག་ནས་འབུམ་བཞིའི་སྡེ་བ་ཉེར་དགུ་ཡོད།
ཉེ་ལམ། གསར་འགོད་པས་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བརྗོད་དོན་སློབ་གསོ་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞུན་ཧྭ་རྫོང་གིས་གཞུང་ལུགས་ཀྱི་གོ་དོན་དང་། རྟོག་ཞིབ་ཟབ་མོ། དམངས་ཀྱི་འདོད་བློ། ཞིབ་བཤེར་ནན་མོ། ལམ་ལུགས་དོན་འཁྱོལ་སོགས་གཙོ་གནད་དུ་བཟུང་སྟེ། དམངས་ཕན་དང་དམངས་སེམས་དྲོ་བར་བྱེད་པའི་དོན་དངོས་དང་། དམངས་དོན་དང་མཐུན་པའི་དོན་བཟང་བསྒྲུབས་ནས། རྒྱུན་ཆད་མེད་པར་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་སྤུས་ཚད་མཐོན་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་གསར་བ་རུ་འགྱུར་བར་བྱས།
མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་རྫོང་གིས་ཆབ་སྲིད་ཀྱི་བླ་སྲོག་བརྟན་པོར་བསྐྲུན་རྒྱུ་དེ་བརྗོད་དོན་སློབ་གསོའི་སྲོག་ཤིང་དུ་བརྩི་བ་རྒྱུན་འཁྱོངས་བྱས་ཏེ། རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་པས་སྙིང་སྟོབས་དང་ངར་ཤུགས་བསྐྱེད་ནས། ཁྱོན་ཡོངས་དང་མ་ལག་ལྡན་པའི་སྒོ་ནས་མ་རྩོམ་ཀློག་པ་དང་། ནན་ནན་ཏིག་ཏིག་གིས་མ་ཡིག་སློབ་པ། ནན་ཏན་སྒོས་གོ་དོན་མཐིལ་རྟོགས་བྱེད་པ། ཡིག་འབྲི་རེ་རེ་བཞིན་བལྟ་བ་དང་དུམ་མཚམས་རེ་རེ་དང་ལེའུ་རེ་རེ་བཞིན་རྟོགས་པར་བྱས་ནས། གཞུང་ལུགས་སློབ་སྦྱོང་དང་ལས་གཉེར་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱི་གྲུབ་འབྲས་དེ་བྱ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་འགྱུར་བར་བྱས། ཁྲོམ་ར་གཙོ་བོ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་གཉིས་དམ་དུ་སྦྲེལ་ཏེ། བརྟག་དཔྱད་ཞིབ་འཇུག་གི་བྱེད་ཐབས་ལེགས་པར་སྤྱད་ནས། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཐོན་ལས་འཕེལ་རྒྱས་དང་། སྨན་བཅོས་འཕྲོད་བསྟེན། གོམས་སྲོལ་ལེགས་བསྒྱུར། སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ཕྱོགས་ལ་ཤུགས་བཏོན་པ་དང་། བྱེད་ཐབས་ཞིབ་མོ་སྤྱད་ནས་དཀའ་གནད་དང་འགག་རྩ་སེལ། དུས་མཚུངས་སུ་མང་ཚོགས་ལ་སྤྲོ་བ་ཡོད་མེད་དང་། ཡིད་ཚིམ་མིན། མང་ཚོགས་ཀྱིས་ཁས་ལེན་མིན་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ཀྱི་ཚད་ཤིང་དུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་། གནས་ཚུལ་ངོ་མ་རྟོག་ཞིབ་དང་དོན་དངོས་སྒྲུབ་ནས་དམངས་ཚིས་ལ་ཕན་པ་བསྐྲུན་རྒྱུ་གཞི་རྩར་བརྩིས་ནས། གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ་དང་། དམངས་ཚིས་ཁྱབ་ཁོངས་ཀྱི་བྲེལ་དཀའ་སྡུག་སྨོན་བཞི་ལ་དམིགས་ནས། ཁག་ཁུར་དཀའ་སེལ་བྱས་ཤིང་། མང་ཚོགས་ལ་ཞབས་འདེགས་ཞུ་བར་གཞོལ་ནས་དམངས་ཚིས་ཀྱི་རྒྱུགས་ལན་ཡག་པོ་ཞིག་སྤྲད།
རྒྱུན་ལོན་པ་ལྟར་ན། ཞུན་ཧྭ་རྫོང་གིས་གནད་དོན་རྩད་ཞིབ་བྱེད་པ་བརྒྱུད་དེ། རང་གིས་འཚོལ་ཞིབ་དང་གོང་རིམ་གྱིས་གསལ་སྟོན་བྱེད་པ། ཕན་ཚུན་ལ་རོགས་རམ་བྱེད་པ་དང་མང་ཚོགས་ཀྱིས་བཤད་པ་སོགས་ཀྱི་བྱེད་ཐབས་སྤྱད་ནས་རང་སྟེང་གི་མི་འདང་སར་ཞིབ་བཤེར་བྱས་ཤིང་། གནད་དོན་གྱི་གསལ་ཐོ་གསར་སྒྱུར་བྱས། གནད་དོན་ཡོ་བསྲང་བྱེད་པའི་དུས་མཉམ་དུ། གནད་དོན་དག་ཐེར་དང་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་རྒྱུ་མཉམ་བསྲེས་བྱས་ཏེ། ཞིབ་འཇུག་གཏིང་ཟབ་དང་ཞིབ་བཤེར་ཚགས་དམ་བྱེད་པའི་ཁྲོད་གནད་དོན་གྱི་རྩ་བ་རྙེད་པར་བྱས་ཤིང་། དག་ཐེར་བཅོས་སྒྲིག་ཁྲོད་མི་འདང་ས་ཁ་གསབ་དང་ཉམས་ཞན་ཤུགས་དྲག་ཏུ་བཏང་བར་མ་ཟད། ལམ་ལུགས་གཏོར་བ་དང་བསྒྱུར་བ། འཛུགས་པ་བཅས་ཀྱི་ལས་དོན་ཞིབ་མོར་སྤེལ་ཏེ། ལམ་ལུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནས་མགོ་བརྩམས་ཏེ་བླང་བྱ་གསར་བ་དང་སྲིད་ཇུས་གསར་བ་དེའི་ཁྲོད་འདྲེས་པར་བྱས་ནས། ཞིབ་བཤེར་དག་ཐེར་ཐད་ནས་གྲུབ་འབྲས་ངོ་མ་ལེན་ཐུབ་པར་ཁག་ཐེག་བྱས།
ལོ་ཙཱ་བ། སྒྲོལ་མ་སྐྱིད།