ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་བསྡུས། 
2023.11.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 63

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཀྲུང་དབྱང་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གི་བཞུགས་མོལ་ཚོགས་འདུ་ཚེས22ཉིན་པེ་ཅིང་དུ་བསྡུས།   གྲོས་ཚོགས་སྟེང་དུ།    ཀྲུང་དབྱང་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་དང་ཞིང་ཆེན་རིམ་པའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ་ཆབ་སྲིད་ཁ་ཕྱོགས་ཡང་དག་པར་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ།    བྱེད་ཐབས་ལ་དང་དོད་བྱེད་པ།  ཕྱོགས་ལྷུང་ངན་པར་དམ་དུ་དམིགས་པ།    གཅིག་གྱུར་འཆར་འགོད་མཐུན་སྦྱོར་ལ་མཐོང་ཆེན་བྱེད་པ།  མཛུབ་སྟོན་སྡེ་ཁག་གི་དོན་དངོས་དང་ཟུང་འབྲེལ་བྱེད་པ།  བྱ་བ་སོ་སོ་སྔར་ལས་དམ་འཛིན་བཟང་བོ་བྱེད་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་བརྗོད་དོན་སློབ་གསོ་བཟང་བོར་སྤེལ་བར་སྐུལ་ཁྲིད་དང་མཛུབ་སྟོན་བྱེད་དགོས།

ལྷ་མོ་ཚེ་རིང་གིས་བསྒྱུར།