བསྟུད་མར་ཉིན་འགའི་རིང་ལ། ཧྲང་ཧེ་དང་ཐེན་ཅིན། ཧྥུའུ་ཅན། ལེའོ་ཉིང་། ཅི་ལིན་སོགས་ས་ཁུལ་གྱིས་འཆར་འགོད་བཀོད་སྒྲིག་ཞིབ་མོ་དང་སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་སིམ་འདྲེས་ཡོང་བར་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཧྲང་ཧེ་ཡིས་ཧྲང་ཧེ་གྲོང་ཁྱེར་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་གཏན་འབེབས་བྱས་ཏེ། དངོས་ཡོད་དང་ཟུང་འབྲེལ་དམ་ཟབ་ཀྱིས་གཅིག་སྡུད་སློབ་སྦྱོང་བགྲོ་གླེང་དང་ཆེད་དོན་སློབ་སྦྱོང་རྩ་འཛུགས། དཔེ་སྟོན་སྐུལ་ཁྲིད་ལ་དོ་ཁུར་སོགས་ཞིབ་ཕྲའི་བྱེད་ཐབས་བཅུ་བཏོན་པ་དང་། ཧྲང་ཧེ་གྲོང་ཁྱེར་གྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་བཀོད་སྒྲིག་རེའུ་མིག་གཏན་འབེབས་བྱས་ཏེ་ཞིབ་ཕྲའི་བྱ་བའི་ལས་འགན་གྱ་བརྒྱད་གྲུབ་པར་བྱས།
ཐེན་ཅིན་གྱིས་གསོ་སྦྱོང་ཚོགས་འདུ་བསྡུས་ཏེ་ཇུས་གཞིའི་ཁྲོད་ཀྱི་ཕྱོགས་གསུམ་ཐད་ཀྱི་ལས་འགན་གཙོ་བོ་བཅུ་གཉིས་ལ་རེ་རེ་བཞིན་འགྲེལ་ཀློག་དང་བླང་བྱ་གཏན་འཁེལ་གསལ་བོ་བྱས་ཏེ་གཞི་རིམ་ཏང་ཨུ་སོ་སོས་ཁོངས་གཏོགས་ས་ཁུལ་གྱི་ཏང་ཀྲི་པུའུ་རུ་གོ་རིམ་ཡོངས་དང་ཕྱོགས་ཡོངས་ལ་ཁེབས་པའི་མཛུབ་སྟོན་བྱས། མིག་སྔར། ཐེན་ཅིན་གྲོང་ཁྱེར་ཡོངས་ཀྱི་ཆུའུ་བཅུ་དྲུག་དང་གྲོང་ཁྱེར་རིམ་པའི་སྡེ་ཁག་དང་གྲོང་ཁྱེར་ཁོངས་གཏོགས་ཁེ་ལས་དང་ལས་དོན་སྡེ་ཁག་བརྒྱ་དང་གོ་བདུན་དུ་ཕྱོགས་ཡོངས་ནས་བཀོད་སྒྲིག་ལག་བསྟར་ཡོད།
ཧྥུའུ་ཅན་གྱིས་དྲང་ཕྱོགས་ཀྱི་ཁྲིད་སྟོན་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་ཟུང་འབྲེལ་བྱས་པ་དང་། ཞིབ་བཤེར་ཐག་གཅོད་བྱས་པའི་ཁྲིམས་འགལ་སྒྲིག་འགལ་གྱི་དཔེ་མཚོན་གྱོད་གཞི་ཚབས་ཆེན་སྤྱོད་པ། རིགས་བགར་བ་དང་ཁྱབ་ཁོངས་བགར་བ། རིམ་པ་བགར་ཏེ་ཉེན་བརྡའི་སློབ་གསོ་སྤེལ་བ། དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་ཏང་ཡོན་དང་ལས་བྱེད་པས་ཉེན་བརྡ་དང་ལེན་བྱེད་པ་དང་ཚད་མཐའ་རྟོགས་པར་བྱེད་པ། གུས་ཤིང་སྐྲག་ཤེས་པར་བྱས།
ལེའོ་ཉིང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཇུས་གཞི་གཏན་འབེབས་བྱས་པ་དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ་དང་དཔེ་ཀློག་འཛིན་གྲྭ་སོགས་བྱེད་ཐབས་སྣ་མང་བརྒྱུད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་གིས་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་བརྩི་སྲུང་བྱེད་པའི་རང་རྟོགས་ཇེ་དྲག་ཏུ་གཏོང་བར་སྐུལ་འདེད་བཏང་སྟེ་སྤུས་ཚད་མཐོན་པོས་ལས་འགན་སོ་སོ་ཡོངས་འགྲུབ་བྱེད་པར་སྐུལ་འདེད་བཏང་།
ཅི་ལིན་གྱིས་ཞིང་ཆེན་ཏང་ཨུའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་བྱ་བའི་ཆེད་དོན་འཛིན་གྲྭ་བསྡུས་པ་དང་། ལག་བསྟར་ཇུས་གཞི་གཏན་འབེབས་ཞིབ་མོ་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ལག་བསྟར་ཇུས་གཞི་དབྱེ་འབྱེད་དང་། བྱ་བའི་བྱེད་ཐབས་དང་དུས་ཚོད་འཕེལ་རིམ། འགན་འཁྲིའི་མི་སྣ་བཅས་གཏན་འཁེལ་གསལ་བོ་བྱས་པར་མ་ཟད། དུས་བཅད་ལྟར་བཀོད་གཏོང་དང་དྲིལ་སྒྲོག་ཁྲིད་སྟོན་ལ་དོ་སྣང་བྱས་ཏེ་སློབ་སྦྱོང་གི་སྣང་ཚུལ་བཟང་བོ་བསྐྲུན།
ལྷ་མོ་ཚེ་རིང་གིས་བསྒྱུར།