ཉིན་འགའི་རིང་ལ། ཡུན་ནན་དང་། ཧྲའན་ཞི། ནང་སོག ཅང་ཞི། ཧི་པེ་སོགས་ས་ཁུལ་དུ་ཇུས་འགོད་དང་བཀོད་སྒྲིག་ནན་ཏན་དང་རྩ་འཛུགས་ཞིབ་ཚགས་ངང་ལག་བསྟར་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་།
ཡུན་ནན་གྱིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལག་བསྟར་ཇུས་གཞི་བཟོས་ནས་སློབ་སྦྱོང་བགྲོ་གླེང་དང་། ཉེན་བརྡའི་སློབ་གསོ། གསོ་སྦྱོང་གསལ་འགྲེལ་བཅས་ཕྱོགས་གསུམ་ལ་དམིགས་ནས་ཞིབ་ཕྲའི་བྱེད་ཐབས་དགུ་བཏོན་པ་དང་། ཏང་ཡོན་འགོ་ཁྲིད་ལས་བྱེད་པར་དོན་ཚན་དང་ལེའུ་རེ་རེ་བཞིན《སྲོལ་ཡིག》སློབ་སྦྱོང་བྱ་རྒྱུར་ཁྲིད་སྟོན་བྱས།
ཧྲའན་ཞི་ཞིང་ཆེན་གྱིས་ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ནས་འགན་འཁྲི་ལས་བགོས་ཁ་གསལ་བཟོས་ཏེ་གཅིག་གྱུར་འཆར་འགོད་མཐུན་སྦྱོར་དང་ལས་དོན་མཛུབ་ཁྲིད་ལ་ཤུགས་བསྣན་པ་དང་། གཞི་རིམ་ཏང་རྩ་འཛུགས་ཁག་གིས“ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག”དང་། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་བཏང་བ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།
ནང་སོག་གིས་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་བཙུགས་ནས་ཆེད་དོན་ཟུར་ཁྲིད་དང་། གཅིག་བསྡུས་རང་སྦྱོང་། བརྗེ་རེས་དང་བགྲོ་གླེང་སོགས་བརྒྱུད་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་ཞིབ་བསྡུར་དང་། རང་སྐྱོན་རང་ཞིབ་བཅས་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་། ལས་འགན་ལས་བགོས་རེའུ་མིག་གསེད་བཀྲོལ་བྱེད་པ། སྣེ་ཁྲིད་གཞོགས་འདེགས་ལས་ཁུངས་གསལ་བོ་བྱས་ཏེ་ལས་འགན་དོན་འཁྱོལ་བྱེད་པར་མཉམ་དུ་སྐུལ་འདེད་བཏང་།
ཅང་ཞི་ཞིང་ཆེན་ཏང་ཨུས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་སྐུལ་སློང་ཚོགས་ཆེན་དང་། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་བྱེད་ཐབས་བརྒྱུད་ཏང་གི“སྒྲིག་ཁྲིམས་ཁག་དྲུག”ལ་དམ་པོར་དམིགས་པ་དང་། གྱོད་དོན་ལ་བརྟེན་ནས་ཀུན་སྤྱོད་གླེང་བ་དང་། གྱོད་དོན་ལ་བརྟེན་ནས་སྒྲིག་ཁྲིམས་བརྗོད་དེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཇེ་ཆེར་བཏང་།
ཧི་པེ་ཞིང་ཆེན་གྱིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ནས་ཞིབ་བསྡུར་ཞིབ་བཤེར་ནན་ཏན་བྱས་ཏེ་སྒྲིག་ཁྲིམས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་བ་དང་། ཏང་གཤིས་བློ་སྦྱོང་ཇེ་མཐོར་བཏང་སྟེ་ཕན་འབྲས་དངོས་ལ་མཐོང་ཆེན་དང་སྤུས་ཚད་ཇེ་མཐོར་གཏོང་བའི་ཐད་འབད་བརྩོན་བྱས། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཕྱི་ཚུལ་རིང་ལུགས་ལ་དོགས་ཟོན་བྱེད་པ། ཕྱོགས་གཉིས་དམ་འཛིན་དང་སྐུལ་འདེད་གཉིས་མཐའ་འཁྱོངས་བྱས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་ལེགས་འགྲུབ་བྱས།
ཤ་བོ་གསེར་མཚོས་བསྒྱུར།