-----ས་གནས་སོ་སོས་བྱེད་ཐབས་གསར་གཏོད་བྱས་ནས་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཕན་འབྲས་ཆེ་རུ་བཏང་།སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། ས་གནས་སོ་སོས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ་དང་རྩ་འཛུགས་ཞིབ་ཚགས་བྱས་ནས་ལག་བསྟར་བྱེད་པ། སློབ་སྦྱོང་གི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཉེན་གཏོང་སློབ་གསོར་ཤུགས་སྣོན་པ། རྒྱུན་ལྡན་གྱི་འཚོ་བ་དང་བསླབ་ནས་བཀོལ་སྤྱོད་བྱེད་རྒྱུ་ཟུང་འབྲེལ་ཡོང་བར་མཐོང་ཆེན་བཅས་བྱས་མཐར། གཞི་ནས་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དེ་ནང་སེམས་ཀྱི་གཞི་འཛིན་ས་དང་ཕྱིའི་ལག་ལེན་དུ་བསྒྱུར་གང་ཐུབ་བྱས།
སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བར་ཅིས་ཀྱང་སློབ་སྦྱོང་གི་གཙོ་གནད་དམ་འཛིན་བྱས་ཏེ། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཅེས་པར་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་བྱས་རྗེས་བཞག་ནས་ཕན་འབྲས་ཐོན་དགོས། ཀྲེ་ཅང་ཞིང་ཆེན་རིམ་པའི་ངོས་ཐད་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཛིན་གྲྭའི་འགན་འཁུར་བས་བཤད་རྒྱུར། 《ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་ནན་མོ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས་ཟེར། མིག་སྔའི་བར་དུ། ཀྲེ་ཅང་གི་གཞི་རིམ་ཏང་རྩ་འཛུགས་འབུམ་གཉིས་དང་ཁྲི་ལྔ་སྟོང་གསུམ་གྱིས། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་ཏང་གི་བརྗོད་དོན་ཉིན་མོ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཏང་ཡོན་ས་ཡ་བཞི་དང་འབུམ་བཞི་ཁྲི་གཉིས་སྟོང་བརྒྱད་ལ་སློབ་སྦྱོང་གི་ལས་འགན་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།
ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་མགོ་འགོ་བརྩམས་པ་ནས་བཟུང་། ས་གནས་སོ་སོས་རྩ་འཛུགས་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ནུས་ལྡན་བཏང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་ཡི་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་དཔུང་སྡེ་ཡི་བཟོ་ལས་དང་ཆ་འཕྲིན་ཅན་ཅུའུ། དཔུང་སྡེ་ཡི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་བཅས་ཀྱིས་སློབ་སྦྱོང་གི་གཙོ་གནད་འབུར་ཐོན་ཡོང་བར་བྱས་ཏེ། གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཁག་གི་སློབ་སྦྱོང་དང་དཔེ་ཀློག་འཛིན་གྲྭ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ཀྱི་རྣམ་པ་སྤྱད་དེ། 《ཆད་གཅོད་སྲོལ་ཡིག》གི་ལེའུ་གཅིག་ཀྱང་མ་བསྐྱུར་བར་སློབ་སྦྱོང་བྱས་ནས། ཞིབ་ཕྲའི་གནས་ལུགས་རྟོགས་པར་བྱས་པ་དང་ཆོས་ཉིད་གསལ་རྟོགས་དང་འཛེམ་བྱ་ངེས་པར་བྱས་ཏེ། སློབ་སྦྱོང་གི་ཕན་འབྲས་དེ་རང་འཁྲིའི་ལས་དོན་ཁྲོད་དངོས་སུ་བཀོལ་ཐུབ་པར་བྱས་ནས། བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར།
《ཆད་གཅོད་སྲོལ་ཡིག》གིས་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། སྒྲིག་ཁྲིམས་ལག་བསྟར་ལྟ་སྐུལ་ཁྲོད་ཀྱི་གཙོ་གནད་དང་དཀའ་གནད་ལ་དམ་པོར་དམིགས་ཏེ། སྒྲིག་འགལ་གནས་ཚུལ་སྔར་ལས་འཛོམས་པོ་ཅན་དུ་གཏོང་བ་དང་ཆད་པ་གཅོད་པའི་གཏན་འབེབས་ཞིབ་ཕྲ་ཅན་དུ་གཏོང་བཞིན་ཡོད། ཉེ་ལམ། སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཕིས་ཏུའུ་ཆུས་ཨན་ཅིན་ཁྲོམ་གཞུང་ཧྲ་ཝན་གྲོང་ཚོ་རུ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་སྒྲོག་འགྲེལ་བྱེད་བཞིན་འདུག ཁྲིན་ཏུའུ་ཡིས་ཐུན་མོང་སློབ་ཚན་གྲ་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཁྱབ་ཁོངས་དགར་ནས་གཞི་རིམ་ཏང་རྩ་འཛུགས་ཧྲུའུ་ཅིའི་ཏང་གི་སློབ་ཚན་གྱི་དཔྱད་གཞིའི་རྩ་གནད་ཅེས་པ་དངོས་སུ་བཟོས་ནས། སྒྲིག་ཁྲིམས་དང་ཏང་གི་སློབ་ཚན་གྱི་དམིགས་འབེན་རང་བཞིན་དང་ཕན་ནུས་རང་བཞིན་མངོན་སུམ་ཆེ་རུ་བཏང་ནས། ཏང་ཡོན་ལས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་གང་ལེགས་བྱས་ཏེ། 《ཆད་གཅོད་སྲོལ་ཡིག》གི་བརྗོད་སྙིང་དང་གཏན་འབེབས་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས།
ཉེ་ལམ། ཧྲན་ཏུང་ཞིང་ཆེན་ཏུང་དབྱིན་གྲོང་ཁྱེར་ཁུན་ལིས་ཆུས་ཡུང་ཨན་གྲོང་རྡལ་ཧྲིན་ལིས་གྲོང་ཚོའི་དམར་པོའི་སློབ་གྲྭ་རུ། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཁྲིན་ཧྲའོ་ཅུན་དང་གྲོང་ཚོ་ཡོངས་ཀྱི་ཏང་ཡོན27མཉམ་དུ་བསྡད་དེ། ཏང་ཡོན་རྒན་པས་གྲོང་ཚོའི་དམར་པོའི་ལོ་རྒྱུས་ཞིབ་བརྗོད་བྱས་པ་དང་། གསར་བརྗེ་སྔོན་རབས་པའི་སྤྱོད་གཙང་བབ་བརླིང་ལ་སློབ་སྦྱོང་གང་ལེགས་བྱས།
ཡུང་ཨན་གྲོང་རྡལ་ནི་པོ་ཧའེ་བདེ་ཐང་འཇར་འགོག་གནས་གཞིའི་ས་ཁུལ་གྱི་གནས་རྙིང་ཡོད་ས་ཡིན། “སེམས་དམར་འཆད་ཁྲིད་ཁང”གིས་ཏང་ཡོན་ལས་བྱེད་པར་རང་གི་གཞི་རྒྱུ་དམར་པོ་རྒྱུན་འཛིན་བྱ་རྒྱུར་ཁྲིད་སྟོན་གང་ལེགས་བྱེད་ཀྱིན་ཡོད་ཅིང་། “སྲིད་དོན་གཙང་སྐྱོང་སློབ་གྲྭ”ཡིས་ཉེ་འགྲམ་དུ་བྱུང་བཞིན་པའི་དོན་དག་སྤྱད་དེ་ཕྱིར་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་གཏོང་བཞིན་ཡོད་ལ། “རྐུབ་སྟེགས་སློབ་ཚན”གྱིས“ཡིག་ངོས་ཀྱི་སྐད་ཆ”དེ“འཚོ་བའི་སྐད་ཆ”རུ་སྒྱུར་བཞིན་ཡོད། ཡུང་ཨན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀའེ་ཞའོ་ནན་གྱིས་བཤད་རྒྱུར། ཁོ་ཚོས་དམར་པོའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ནས། དམར་པོའི་རིག་གནས་ཀྱི་ནང་སྙིང་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མུ་མཐུད་ཡག་པོ་བསྒྲུབ་རྒྱུར་རྩེ་གཅིག་ཏུ་འབད་བཞིན་ཡོད་ཟེར།
ས་གནས་སོ་སོས་དམིགས་འབེན་དང་བླང་བྱ་ཁོང་དུཡང་དག་ཆུད་པར་བྱེད་རྒྱུ་དང་། སློབ་སྦྱོང་གི་གཙོ་གནད་ལ་དམ་འཛིན་གང་ལེགས་བྱས་ཏེ། ཐབས་ལམ་སྣ་ཚོགས་སྤྱད་དེ་སློབ་སྦྱོང་བྱས་པ་དང་དོན་དངོས་དང་ཟུང་འབྲེལ་སྒོས་སློབ་སྦྱོང་སྤེལ་བ། སློབ་སྦྱོང་གི་བྱེད་ཐབས་གསར་གཏོད་བཅས་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་མི་སེམས་ཀྱི་ཟབ་ས་རུ་ཟུག་པར་བྱེད་པ་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་སྒོ་ཀུན་ནས་འབད་བཞིན་ཡོད། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ་ཡི་ཧྲི་དང་གྲོང་ཁྱེར་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། གོང་དཔེ་འོག་སྟོན་འབུར་དུ་ཐོན་པར་བྱས་པ་དང་གྱོད་དོན་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ཡག་པོ་བྱས་ལ། དྲིལ་སྒྲོག་ཁྲིད་སྟོན་ཡག་པོ་བྱས་ཏེ། སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དོན་འཁྱོལ་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་།
སེམས་ཀྱི་ཚད་གཞི་གསལ་ན་གཞི་ནས་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་ཐུབ། ཀྲེ་ཅང་ཅཱ་ཞིན་དང་ཐའེ་ཀྲོའུ་སོགས་སུ། གྲུ་གཟིངས་དམར་པོའི་སྙིང་སྟོབས་དང་ཏ་ཁྲིན་གླིང་ཕྲན་གྱི་ས་རྒོད་སློག་པའི་སྙིང་སྟོབས་སོགས་བསམ་པའི་རྒྱུ་ནོར་རྩ་ཆེན་སྔོག་འདོན་དང་དར་སྤེལ་གང་ལེགས་བྱས་ཏེ། གསོག་འཇོག་བྱས་པའི་དམར་པོའི་གཞི་རྒྱུ་དང་སྤྱོད་གཙང་གི་གཞི་རྒྱུ་དེ། 《ཆད་གཅོད་སྲོལ་ཡིག》གི་གསལ་འགྲེལ་དང་གསོ་སྦྱོང་ནང་འདྲེས་གང་ཐུབ་བྱས། ཆུས་ཀྲོའུ་ཡིས་ལོ་བཞི་བཅུ་མན་གྱི་ན་གཞོན་ལས་བྱེད་པའི་སྒྲིག་ཁྲིམས་བཅའ་ཁྲིམས་གསོ་སྦྱོང་འཛིན་གྲྭ་དངོས་སུ་སྤེལ་ཏེ། ན་གཞོན་ལས་བྱེད་པས་སྤྱོད་གཙང་སྲིད་སྐྱོང་གི་སྒྲོག་གུ་གལ་གནད་ཅན་དེ་དཀྲི་བར་ཁྲིད་སྟོན་གང་ལེགས་བྱས། ཧྲན་ཏུང་ཙི་པོ་རུ། ཅའོ་ཡུས་ལུའུ་ཁྱིམ་སྲོལ་ཁང་དང་ཆིས་རིག་གནས་སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་ས་གནས་དེ་གའི་སྤྱོད་གཙང་རིག་གནས་གཡུལ་ས་གཅིག་གྱུར་སྒོས་བེད་སྤྱོད་ཡག་པོ་བྱས་ནས། དྲང་ཕྱོགས་ཀྱི་སློབ་གསོར་ཤུགས་བསྣན། ལེའོ་ཁྲིན་གྱིས་དཔེ་དེབ་སྒོ་རྩར་སྐྱེལ་བ་དང་སྐད་འཕྲིན་གྱི་ལམ་ནས་བརྒྱུད་སྤེལ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་གང་ཐུབ་བྱས།
ཉེ་ལམ། ཧྲའན་ཞི་ཞིང་ཆེན་ཞིས་ཨན་གྲོང་ཁྱེར་ལེན་ཧུའུ་ཆུས་ཀྱིས། ཏང་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སློབ་ཚན་ཁྲིམས་ཁང་གི་ཁྲིམས་ར་འཚོགས་སར་སྤར་ནས། གྲོང་ཁྱེར་དོ་དམ་དང་ཁྲོམ་གཞུང་སོགས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་གནས་བཅས་ཀྱི་མི་སྣ་སུམ་ཅུ་ལྷག་རྩ་འཛུགས་བྱས་ཏེ། ལིའུ་ཆེ་གེ་མོའི་ལྐོག་ཟ་རུལ་སུངས་ཀྱི་གྱོད་གཞིའི་ཁྲིམས་གཅོད་ལ་ཟུར་ཉན་བྱས་ནས། ཉེ་འགྲམ་གྱི་གྱོད་གཞི་སྤྱད་དེ་ཉེ་འགྲམ་གྱི་མི་རྣམས་ལ་སློབ་གསོ་བཏང་ནས་ཏང་ཡོན་ལས་བྱེད་པར་ཉེན་བརྡ་བཏང་།
ཆུ་ཚོད་གཉིས་ཙམ་གྱི་ཁྲིམས་རའི་འདྲི་གཅོད་དེས། གྱོད་པའི་ཁྲིམས་འགལ་ཉེས་གསོག་དང་སྤྱོད་ངན་བྱ་ངན་གྱི་བརྒྱུད་རིམ་ཧྲིལ་པོ་ཡང་བསྐྱར་དྲན་པར་བྱས། ལེན་ཧུའུ་ཆུས་ཁྲོམ་གཞུང་ཕྱོགས་བསྡུས་འགན་ལེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་པའེ་པིན་གྱིས་ཁྲིམས་རའི་ཡུལ་དངོས་སུ་ཟུར་ཉན་བྱས་རྗེས་རང་གི་མྱོང་སྣང་གླེང་བ་འདི་ལྟར། ཡུལ་དངོས་ཀྱི་སློབ་གསོ་གཏོང་སྟངས་འདིའི་རིགས་ལས་ང་ཚོས་བཅའ་ཁྲིམས་ཀྱི་དབང་གྲགས་དང་རྔམ་ཟིལ་ཚོར་ཐུབ་པར་མ་ཟད། ད་དུང་ཁྲིམས་འགལ་སྒྲིག་འགལ་བྱས་པ་ལས་བཟོས་པའི་ནག་ཉེས་སྔར་ལས་གསལ་རྟོགས་བྱེད་ཐུབ། ང་རང་ཉིད་གཞི་རིམ་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཁྲིམས་ལ་གུས་བཀུར་དང་ཁྲིམས་འགལ་ལ་འཛེམ་པ། དབང་ཆ་བཀོལ་བ་ཡོ་གཟུར་མེད་པ་དང་རང་གི་དབང་ཆའི་ཁྱབ་ཁོངས་ལས་མི་བརྒལ་བར་བྱེད་པའི་ཐད་དྲན་སྐུལ་དང་ཉེན་བརྡ་ཆེན་པོ་ཞིག་བཏང་བྱུང་ཟེར།
ས་གནས་སོ་སོས་ཁྲིམས་རའི་འདྲི་གཅོད་ལ་ལྟ་རྟོག་བྱེད་པའི་བྱེད་སྒོ་འབད་པས་སྤེལ་བར་མ་ཟད། ད་དུང་དཔེ་ཀློག་འཛིན་གྲྭ་དང་ཆེད་དོན་གསོ་སྦྱོང་། ཉེན་གཏོང་སློབ་གསོའི་གློག་བརྙན་ལ་བལྟ་བ་སོགས་ཀྱི་ཐབས་ཤེས་སྣ་མང་ཟུང་འབྲེལ་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཟབ་སྤེལ་ཐུབ་པར་སྐུལ་འདེད་བཏང་།
སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་འགན་ཁུར་པས་བཤད་རྒྱུར། “རིམ་པ་སོ་སོའི་ཏང་གི་སློབ་གྲྭ་སོགས་ཏང་ཡོན་ལས་བྱེད་པའི་སློབ་གསོའི་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་སློབ་གསོ་བརྒྱུད་ནས། ཡུལ་དངོས་སློབ་ཁྲིད་དང་གྱོད་དཔེ་སློབ་ཁྲིད། ཚན་ཆུང་གྲོས་སྡུར་སོགས་ཀྱི་བྱེད་ཐབས་སྤྱད་དེ། སློབ་སྦྱོང་དང་གསོ་སྦྱོང་ལ་ཕན་འབྲས་ཐོན་ཐུབ་ར་འགན་ལེན་བྱེད་བཞིན་ཡོད་ཅིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་འགོ་བརྩམས་པ་ནས་བཟུང་། ཁྲིན་ཏུའུ་ཡིས་སྔ་རྗེས་སུ་ན་གཞོན་འབྲིང་རིམ་འཛིན་གྲྭ་དང་ཟབ་སྦྱོང་འཛིན་གྲྭ ལས་རིམ་གཞུང་ཞབས་པའི་འཛིན་གྲྭ སློབ་མ་འདེམས་སྒྱུར་གསོ་སྦྱོང་འཛིན་གྲྭ་སོགས་འཛིན་གྲྭ་བཅུ་དྲུག་བསྒྲུབས་ནས། རིམ་པ་དང་ཚད་གཞི་མི་འདྲ་བའི་སློབ་མ་མི་ཐེངས་དྲུག་བརྒྱ་ལྷག་ལ་ཏང་གི་སྒྲིག་ཁྲིམས་སྐོར་གསོ་སྦྱོང་བྱས།
བན་དེ་སྐྱབས་ཀྱིས་བསྒྱུར།