འཕྲལ་བསྟུན་མཁོ་སྒྲུབ་ཀྱིས་དམངས་ཀྱི་ཐོན་སྐྱེད་བདེ་འཇགས་སྲུང་།
2024.12.20 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 8

ཐེམ་ཆེན་རྫོང་འཕྲལ་བསྟུན་མཁོ་སྒྲུབ་ཀྱིས་དམངས་ཀྱི་ཐོན་སྐྱེད་བདེ་འཇགས་ལ་ཁག་ཐེག་བྱས།

ཁ་བ་དཀར་པོས་ས་གཞི་ཡོངས་ལ་གོས་དཀར་བཏིང་འདྲའི་ཞོགས་པར། ང་ཚོ་དགུན་དུས་གཞི་རིམ་དུ་བསྐྱོད་པའི་བཅར་འདྲི་ཚན་ཆུང་ཐེམ་ཆེན་རྫོང་དྲིལ་སྒྲོག་པུའུ་ཡི་ལས་བྱེད་མི་སྣའི་འགྲོ་རོགས་འོག ཐེམ་ཆེན་རྫོང་འཕྲལ་བསྟུན་དོ་དམ་ཅུའུ་རུ་བསྐྱོད། འཕྲལ་བསྟུན་དོ་དམ་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་གྲུབ་ཆ་གལ་ཆེན་ཡིན་ལ། བདེ་འཇགས་ཀྱི་ཉེན་ཁ་གལ་ཆེན་འགོག་ཟོན་དང་དུས་ཐོག་ཏུ་གནོད་འཚེ་སྣ་ཚོགས་ཐག་གཅོད་བྱེད་པ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་སྐྱོབ་སོགས་ལ་ནུས་པ་བླ་ལྷག་འདོན་པའི་ལས་ཁུངས་ཤིག་ཡིན་པས། ང་ཚོས་ཀྱང་ཐེམ་ཆེན་རྫོང་འཕྲལ་བསྟུན་ཅུའུ་ཡིས་ཉེ་བའི་ལོ་འདི་དག་རིང་གི་གྲུབ་འབྲས་དང་བྱ་བ་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ཐད་རྒྱུས་ལོན་བྱས།

    འཕྲལ་བསྟུན་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགོ་ཁྲིད་ཀྱི་ཁ་བརྡའི་ཁྲོད། ཁོ་ཚོའི་ལས་ཁུངས་ནི་མཚོ་ནུབ་ཁུལ་གྱི2023ལོའི་བྱ་བའི་ཁྲོད་གོ་འཛོལ་གཅིག་ཀྱང་མ་བྱུང་བར་ཕུལ་བྱུང་གི་ལས་ཁུངས་སུ་བདམས་པ་དང་། དེ་མིན་དུས་རྒྱུན་གྱི་བྱ་བ་ཡང་འབྲོག་པ་མང་ཚོགས་ལ་འབྲེལ་བ་དམ་པོ་ཡོད་པས། ཁོ་ཚོ་ནི་འབྲོག་པ་མང་ཚོགས་ཀྱི་རྒྱབ་རྟེན་གཙོ་བོར་གྱུར་ཡོད། འཕྲལ་བསྟུན་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣ་ཐུབ་བསྟན་ཚེ་རིང་གིས་འཕྲལ་བསྟུན་དོ་དམ་གྱི་སྐོར་ནས་གསལ་བོར་བཤད་རྒྱུར།

 འཕྲལ་བསྟུན་དོ་དམ་ཅུའུ་ཡིས་འབྲོག་པ་མང་ཚོགས་ཀྱི་དགུན་ཁའི་ཁ་བ་མཐུག་པོ་བབས་པའི་རང་བྱུང་གནོད་འཚེ་སྔོན་འགོག་གི་ཐད་དང་། དཔྱིད་ཁའི་མེ་ཟོན་སོགས་རང་བྱུང་གནོད་འཚེ་སྔོན་འགོག་གི་ཐད་ལ་དུས་དང་རྣམ་པ་ཀུན་ཏུ་བྱ་བ་སྒྲུབ་བཞིན་ཡོད། སློབ་གསོའི་བྱ་བ་ཁྱབ་བསྒྲགས་བྱེད་པ་དང་ཆབས་ཅིག རང་བྱུང་གནོད་འཚེ་བྱུང་རྗེས་འདིའི་ཐད་དངོས་པོ་མཁོ་འདོན་བྱེད་པར་ནུས་པ་མི་དམན་པ་བཏོན་ཡོད། དེ་དང་ཆབས་ཅིག ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ནོར་སྲིད་ཀྱིས་ནུས་པ་བླ་ལྷག་བཏོན་ཏེ། སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་བདུན་ཐད་ཀར་དུ་རྫོང་རིམ་པའི་ནོར་སྲིད་ཐད་བྱིན་ནས་རྫོང་རིམ་པའི་རང་བྱུང་གནོད་འཚེ་སྔོན་འགོག་གི་ཐད་དངོས་པོ་རིགས་སྣ་གང་མང་ཉོས་པ་མ་ཟད། རྫོང་རིམ་པས་ཀྱང་སྒོར་འབུམ་གཅིག་དང་ཁྲི་གཅིག་བྱིན་ནས་རུ་ཁག་དང་ཡུལ་ཚོ། དེ་མིན་ཆ་འཕྲིན་མཉམ་སྤྱོད་བྱེད་ཀྱིན་པའི་མང་ཚོགས360ལ་གོན་པ་ཆ་ཚང་བྱིན། རྒྱུ་དང་འབྱོར་བའི་ཐད་མ་གཏོགས་སྟོབས་དང་ཤེས་རབ་ཀྱི་ཐད་ཀྱང་ནུས་པ་གང་མང་བཏོན་ཡོད། 
     གོང་དུ་ལས་བྱེད་མི་སྣས་མཚམས་སྦྱོར་ལས་ཁོ་ཚོའི་བྱ་བར་རྒྱུས་ལོན་ཟབ་མོ་བྱུང་བ་དང་། དེ་མིན་འཕྲལ་བསྟུན་དོ་དམ་ཐད་ཀྱང་བྱ་བ་མང་པོ་སྒྲུབ་ཡོད། མ་དངུལ་སྒོར་ས་ཡ་དྲུག་བཏང་ནས་ནགས་ཚལ་རྩྭ་ཐང་གི་མེ་སྐྱོན་སྔོན་འགོག་ལྟེ་གནས་དང་མེ་ཟོན་རྒྱང་ལྟའི་སྟེགས་བུ13བསྐྲུན་པ་དང་། མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་ལྔ་བཏང་ནས་མེ་ཟོན་དངོས་ཟོག་གི་མཛོད་ཁང་གཅིག་ལས་ནས་སྒོར་འབུམ་ལྔ་ཡི་མེ་ཟོན་དངོས་རྫས་དངོས་འབེབ་བྱས། མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་ལྔ་ཁྲི་བརྒྱད་སྟོང་དྲུག་ལྷག་བཏང་ནས་ཞིང་ཆེན་རང་བྱུང་གནོད་འཚེའི་འཕྲལ་བསྟུན་ནུས་པ་མཐོར་གཏོང་གི་གཞི་རིམ་གྱིས་གནོད་འགོག་ལས་གཞི་ལག་བསྟར་བྱས། བདེ་འཇགས་ཐོན་སྐྱེད་ཀྱི་གནོད་འཚེ་སྔོན་འགོག་དང་ཐག་གཅོད་ཐད་བསྡོམས་པའི་ཁེ་ལས2909ལ་ཁྲིམས་ལྟར་ཞིབ་བཤེར་བྱས་པ་དང་། སྤྱིར་བཏང་གི་མངོན་མེད་རྐྱེན་ངན3671ཐག་གཅོད་བྱས་ལ། རིགས་སྣ3623དག་ཐེར་བྱས་པས། དག་ཐེར་བྱས་ཚད་བརྒྱ་ཆའི98.7ལ་སླེབས་ཡོད། འཕྲལ་བསྟུན་དོ་དམ་ཅུའུ་ཡི་ལས་བྱེད་མི་སྣ་ཐུབ་བསྟན་ཚེ་རིང་གིས་འཕྲལ་བསྟུན་དོ་དམ་གྱི་སྐོར་ནས་མུ་མཐུད་དུ་བཤད་རྒྱུར།

  རྫོང་དང་ཡུལ་ཚོ། རུ་ཁག་གི་འགན་འཛིན་མི་སྣ་བཅས་གཙོ་བྱས་ཏེ་ལས་སྣ་སོ་སོའི་མི་སྣར་གསབ་སྦྱོང་བྱེད་པ་དང་། བསམ་བློ་བརྗེ་རེས་སོགས་ཀྱི་གོ་རིམ་མང་པོ་བརྒྱུད་ནས་ནུས་པ་ཆེན་པོ་ཐོན་ཡོད། འབྲོག་པ་མང་ཚོགས་ཀྱི་ཁོར་ཡུག་ནས་བཀོལ་སྤྱོད་བྱས་ནས་རིན་ཐང་ཐོན་ཐུབ་པའི་དངོས་པོ་ཉོས་ཡོད་པས་འདི་དག་ཐམས་ཅད་གནད་འགག་གི་སྐབས་སུ་བཀོལ་སྤྱོད་བྱེད་ཀྱིན་ཡོད། དེ་རིང་དྲུད་ཡོང་བའི་སྒོ་ཁའི་དངོས་པོ་དེ་དག་ཀྱང་རིམ་བཞིན་ཡུལ་ཚོ་སོ་སོར་བྱིན་ནས་མེ་སྐྱོན་སྔོན་འགོག་གི་ཐད་ལ་འཕྲུལ་རྟ་གཉིས་རེ་སྟེར་རྒྱུ་ཡིན་པ་དང་། ཕྱོགས་གང་དང་གང་ནས་སྒྲིག་ལམ་ཡོད་པ། འཆར་གཞི་ཡོད་པར་བྱས་ཏེ། མ་འོངས་པར་ཡང་འཕྲལ་བསྟུན་དོ་དམ་གྱི་བྱ་བའི་ཐད་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་རྒྱུར་ཡིད་ཆེས་ཡོད།                          

  ང་ཚོ་རྫོང་གི་འཕྲལ་བསྟུན་དོ་དམ་མཛོད་ཁང་དུ་ཐོན་པ་ན། མིག་ལམ་དུ་མངོན་པ་ནི་ཞིང་ཆེན་དང་མཚོ་ནུབ་ཁུལ། ཐེམ་ཆེན་རྫོང་བཅས་རིམ་པ་གསུམ་གྱིས་འཕྲལ་བསྟུན་དངོས་ཟོག་གོ་རིམ་བཞིན་སྒྲིག་ཡོད་པ་དང་། དེ་དག་གི་ཁྲོད་འཕྲལ་བསྟུན་བྱ་བར་མཁོ་བའི་དངོས་རྫས་སྣ་ཚོགས་བཀང་བར་བསྒྲིགས་ཡོད་པ་མ་ཟད། རེ་རེ་བཞིན་མིང་བཀོད་ནས་བལྟས་པ་ཙམ་གྱིས་རྙེད་ཐུབ་པར་འདོད། དེ་ལས་ཀྱང་ཁོ་ཚོའི་དུས་རྒྱུན་གྱི་བྱ་བ་ནི་གོ་རིམ་ལྡན་ལ་ཞིབ་ཚགས་ཡིན་པ་གཞི་ནས་རྟོགས་ཐུབ། འཕྲལ་བསྟུན་དངོས་ཟོག་མཛོད་ཁང་གི་དོ་དམ་པ་ཅོང་ཆུ་གྲོང་རྡལ་བྲག་སྒམ་སྡེ་བའི་སྡེ་མི་གདུགས་དཀར་ཚེ་རིང་གིས་བཤད་རྒྱུར།

  ང་ཚོའི་མཛོད་ཁང་དུ་ཞིང་ཆེན་རིམ་པ་དང་། ཁུལ་རིམ་པ། རྫོང་རིམ་པ་བཅས་ཀྱི་དངོས་པོ་ཚང་མ་འདིར་བཞག་ཡོད། མཚོ་གྲུ་འདིར་མཚོན་ན། པུ་ཧ་ཆུ་བོ་སོགས་བྲུབས་ནས་མི་དང་ཕྱུགས་ཟོག་ལ་གནོད་པ་ཐེབས་དུས་མཚོ་གྲུ་འདི་བཀོལ་ནས་ཉེན་སྐྱོབ་བྱེད་བཞིན་ཡོད། འདི་ཁུལ་རིམ་པ་དང་ཞིང་ཆེན་རིམ་པ་ནས་བྱིན་པའི་སྦྲ་གུར་རེད། འདི་དག་ལ་ཆོག་མཆན་མ་ཐོབ་ན་བཀོལ་སྤྱོད་བྱེད་མི་རུང་། དོ་དམ་ཐད་ནས་དབྱར་ཁར་བརླན་ཡོད་མེད་ལ་བདག་བྱེད་དགོས། ནམ་རྒྱུན་དུ་གཟའ་འཁོར་རེར་གཙང་སྦྲ་བྱེད་པའི་ཞོར་དུ་ཙི་གུ་སོགས་ཀྱི་གནོད་པ་མི་ཐེབས་པར་སྲུང་བཞིན་ཡོད། གནོད་འཚེ་ཅི་ཞིག་བྱུང་ཡང་འདིར་དེར་མཁོའི་དངོས་པོ་ཁ་ཚང་ཡོད།
      ཁ་བ་དཀར་པོས་རྒྱལ་ལམ་ཡོངས་སུ་ཁེབས་ཡོད་ལ། བལྟས་ཚོད་ཀྱིས་མུ་མཐའ་བྲལ་བའི་གཞུང་ལམ་སྟེང་དུ་ང་ཚོ་དལ་གྱིས་རྫོང་མཁར་དང་བར་ཐག་སྤྱི་ལེ་བཅོ་བརྒྱད་ཀྱིས་ཆོད་པའི་མཁར་དམར་ཡུལ་ཚོར་བསྐྱོད་པ་དང་། མཁར་དམར་ཡུལ་ཚོས་ཀྱང་འཕྲལ་བསྟུན་དོ་དམ་ཐད་བྱ་བ་མང་པོ་སྒྲུབ་ནས་གྲུབ་འབྲས་མི་དམན་པ་བླངས་ཡོད། མཁར་དམར་ཡུལ་ཚོ་རྡོ་རྩིག་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡུན་ཞང་གིས་བཤད་རྒྱུར།

      དགུན་ཁ་ཕྱུགས་ལས་ས་ཆར་མཚོན་ན་ཆེས་དོགས་ཟོན་བྱེད་དགོས་པ་ནི་མེ་ཟོན་དང་ཁངས་ཆགས་ཀྱི་གནོད་པ་རེད། ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་དུས་རྒྱུན་ཚོགས་འདུ་འཚོགས་ཏེ་གྲ་སྒྲིག་ཕུན་སུམ་ཚོགས་པ་བྱས་ཡོད། གོང་རིམ་གྱི་སྲིད་ཇུས་བཟང་པོ་དང་དུས་རྒྱུན་གྱི་བྱ་བ་བཟང་བོར་སྒྲུབ་པས་འབྲོག་པ་མང་ཚོགས་ལ་སེམས་ཁྲལ་ཆེན་པོ་མེད། ཁངས་ཆགས་ཀྱི་གནོད་པ་འབྱུང་བར་སྔོན་འགོག་བྱ་ཆེད། རྩྭ་དང་གཟན་ཆས་ཉོས་པ་དང་རྒྱལ་ཁབ་ཀྱི་ཁ་གསབ་བཀོད་ནས་འབྲོག་པ་མང་ཚོགས་ལ་སྟེར་བཞིན་ཡོད། མེ་ཟོན་གྱི་ཐད་ཡུལ་ཚོ་དང་རུ་ཁག་བར་གྱི་གན་རྒྱ་དང་། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཁྱིམ་ཚང་བར་གན་རྒྱ་བཞག་ནས་མེ་ཟོན་གྱི་སྒྲིག་ཆས་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པ་དང་། སྡེ་བ་སོ་སོས་ཚན་ཆུང་བགོས་ནས་དམངས་ཆེན་འཐུས་མིའི་བཀོད་སྒྲིག་བཟང་པོའི་འོག་ད་ལྟ་ཕྱོགས་གང་ཐད་ནས་ཚད་ལྡན་དུ་གྱུར་ཡོད།
        གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་དང་ས་གནས་ཀྱི་ལས་བྱེད་མི་སྣ། འབྲོག་པ་མང་ཚོགས་བཅས་ཀྱི་འབད་བརྩོན་ལ་བརྟེན་ནས་ཐེམ་ཆེན་རྫོང་གིས་འཕྲལ་བསྟུན་ལས་དོན་གྱི་ཐད་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་འཕྲལ་བསྟུན་དོ་དམ་བྱ་བ་རབ་དང་རིམ་པའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱས་ཏེ། འཕྲལ་བསྟུན་དོ་དམ་མ་ལག་དང་དོ་དམ་ནུས་པའི་དེང་རབས་ཅན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་ཆེད། འཕྲལ་བསྟུན་དོ་དམ་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་སུ་བསྐྱོད་པར་འབད་པ་བྱེད་བཞིན་མཆིས།

གསར་འགོད་པ། བསོད་ནམས་ཚེ་རིང་། ཚེ་མགོན་རྒྱལ། 

ཤ་བོ་རིན་མཚོ། ཏིང་འཛིན་མཚོ་མོ།

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།