ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཀྲིན་ཁྲང་དང་ལིའུ་ཏ་ཡེ་གཉིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་ཚོགས་ཆེན་ཚོགས་ཡུལ་དང་ཨུ་ཡོན་སྡོད་གནས་ལ་སོང་ནས་གྲོས་ཚོགས་བསྡུ་བའི་གྲ་སྒྲིག་བྱ་བར་ཞིབ་བཤེར་དང་མཛུབ་སྟོན་བྱས།
ཚོགས་ཆེན་ཚོགས་ཡུལ་དེ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ། ཝང་ཀྲིན་ཁྲང་གིས་འཛུལ་སྒོའི་བདེ་འཇགས་ཞིབ་བཤེར་དང་། ཚོགས་རའི་བཀོད་སྒྲིག གློག་འོད་དང་སྒྲ་སྒམ་སོགས་ཚོགས་དོན་གྱི་གྲ་སྒྲིག་གནས་ཚུལ་ལ་ཞིབ་བཤེར་ནན་མོ་བྱས། ཨུ་ཡོན་སྡོད་གནས་དེ་ཟི་ལིང་ཞིན་ཧྭ་ལེན་སོ་ཧྥེ་ཐི་གསོལ་མགྲོན་ཁང་དུ། ཨུ་ཡོན་རྣམས་ཀྱིས་ཚོགས་ཆུང་བགོས་ནས་ཚོགས་རའི་བཀོད་སྒྲིག་དང་། ཨུ་ཡོན་གྱི་བཟའ་བཏུང་དང་སྡོད་གནས་བཀོད་སྒྲིག ཁོར་ཡུག་གཙང་སྦྲ། བདེ་འཇགས་སྲུང་སྐྱོབ། འགྲིམ་འགྲུལ་ཕྱི་སྐྱོད་སོགས་བྱ་བའི་གྲ་སྒྲིག་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ལས་བྱེད་མི་སྣས་གནས་ཚུལ་ངོ་སྤྲོད་བྱེད་པར་ནན་ཏན་གྱིས་ཉན་པར་མ་ཟད། དེའི་ཁྲོད་ཀྱི་གནད་དོན་ལ་ལེགས་བཅོས་ཀྱི་བསམ་ཚུལ་བཏོན།
ཝང་ཀྲིན་ཁྲང་གིས་གྲོས་ཚོགས་ཀྱི་གྲ་སྒྲིག་བྱ་བ་ཁག་ལ་ཁས་ལེན་གང་ལེགས་བྱས་ནས། ལས་བྱེད་མི་སྣས་སྡུག་རུས་ཀྱིས་བྱ་བ་བསྒྲུབས་པར་བཀའ་དྲིན་ཞུས། ཁོས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། བྱ་བའི་ཚན་ཆུང་སོ་སོས་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། ཚད་མཐོན་པོའི་ཆབ་སྲིད་ཀྱི་འགན་ལེན་བསམ་པ་དང་བསམ་བློའི་རྣམ་པ་བཟང་པོ། ཚད་གཞི་མཐོ་ཞིང་བླང་བྱ་ནན་མོས་ཞབས་ཞུ་འགན་སྲུང་བྱ་བ་ཁག་ལེགས་པོར་བསྒྲུབ་དགོས། གོ་རིམ་སོ་སོར་དམིགས་པ་དང་། རང་འགན་རང་གཉེར། རང་འགན་རང་འཁུར། མཐུན་སྦྱོར་མཉམ་སྡེབ་ལ་ཤུགས་བསྣན་ནས། ཨུ་ཡོན་གྱིས་རང་འགན་ལེགས་སྒྲུབ་བྱེད་པར་སྤུས་ལེགས་ནུས་མཐོའི་ཞབས་ཞུ་དང་ཁོར་ཡུག་ལེགས་པོ་འདོན་སྤྲོད་བྱེད་དགོས། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཚོགས་ཆེན་ཚོགས་ཡུལ་དང་ཨུ་ཡོན་སྡོད་གནས་ཀྱི་སྲ་གཟུགས་སྒྲིག་ཆས་རེ་རེར་ཞིབ་བཤེར་བྱེད་པ་དང་། དུས་ཐོག་ཏུ་ཆད་ལུས་རྩད་གཅོད་དང་མི་འདང་སར་ཁ་གསབ་བྱེད་པ། བྱ་བ་ཁག་ཞིབ་ཚགས་སྒོས་བསྒྲུབ་པ་དང་། ནན་མོས་བསྒྲུབ་པ། བཟང་པོར་བསྒྲུབ་པ། གྲོས་ཚོགས་ཀྱི་ཞབས་ཞུ་དང་འགན་སྲུང་བྱ་བ་ཁག་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་པོར་བསྒྲུབ་ནས།སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སྲིད་ཞུགས་སྲིད་གླེང་བྱེད་པར་ཁོར་ཡུག་ལེགས་པོ་བསྐྲུན་པ་དང་། གྲོས་ཚོགས་ལེགས་འགྲུབ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས།
ལྷ་མོ་འཚོས་བསྒྱུར།