ཞིང་ཆེན་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།
2024.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དང་པོའི་ཚེས་ཉེར་གསུམ་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས་འདས་པའི་ལོ་གཅིག་གི་ཞིང་ཆེན་སྲིད་གྲོས་ཀྱི་ཞང་ཀང་དང་ཨོ་མིན་གྱི་བྱ་བར་ཕྱིར་ལྟ་བྱས་པ་དང་། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་ནས། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱིས་ཕྱོགས་གཉིས་ཧུར་ཐག་ནུས་པ་འདོན་སྤེལ་བཟང་པོ་བྱེད་པར་དམིགས་ནས་བཞུགས་མོལ་བརྗེ་རེས་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཀྲུའུ་ཞི་གཞོན་པ་ཁོང་ཡུང་དང་ལིའུ་ཏ་ཡེ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཟུར་པ་ཀྲང་ལི་གྲོས་ཚོགས་ལ་ཞུགས།

ཝུའུ་ཧན་ཀྲུང་དང་ཧུའུ་ཅིན་ཧན། ཞུའུ་ཞའོ་མིན་སོགས་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱིས་གཏམ་བཤད་པ་དང་། བཞུགས་མོལ་རྣམ་པ་སྤྲོ་སེམས་ཀྱིས་རང་ཏུ་ཁེངས། ཚང་མས་འདས་པའི་ལོ་གཅིག་ནང་། ཞིང་ཆེན་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་སྲིད་ཞུགས་སྲིད་གླེང་བྱེད་པའི་སྟེགས་བུ་བཙུགས་པ་དང་འགན་སྲུང་འདོན་སྤྲོད་བྱས་པར་ཡིད་ཚིམ་པའི་ཚུལ་བསྟན་པ་དང་། འདས་པའི་ལོ་གཅིག་གི་རིང་གི་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་བཟང་པོ་བྱས། ཚོགས་ཞུགས་མི་སྣས་མཚོ་སྔོན་དང་ཞང་ཀང་དང་ཨོ་མིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པ་དང་ ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱི་ཕྱོགས་གཉིས་ཧུར་ཐག་ནུས་པ་འདོན་སྤེལ་སྔར་ལས་བཟང་པོ་བྱས་ནས་བརྗེ་རེས་གཏིང་ཟབ་བྱས། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་སྒོས་བལྟས་ན། ནམ་ཡང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་སྲོལ་ཡིད་ཆེས་ཆེ་རུ་བསྐྱེད་པའི་རྒྱུན་བསྐྱང་རྒྱུ་དང་རྒྱལ་ཁབ་ཀྱི་ཆེད་དུ་འགན་སྒྲུབ་བྱེད་པ་དང་མི་དམངས་ཀྱི་འགན་བསྟར་བྱེད་པའི་བརྩེ་སེམས་ཀྱི་རྒྱུན་བསྐྱངས་ནས་ནན་ཏན་གྱིས་སྤྱི་ཚོགས་ལས་འགན་ལག་བསྟར་བཟང་པོ་བྱས་ནས་ ཞང་ཀང་དང་ཨོ་མིན་ཀྱི་ཡུན་རིང་གི་འཕེལ་རྒྱས་དང་བརྟན་འཇགས་སྲུང་སྐྱོང་བྱེད་པ་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པར་ཧུར་ཐག་གིསབློ་འདོན་ཇུས་འབུལ་བྱེད་དགོས།

ཨུ་ཡོན་རྣམས་ཀྱི་གཏམ་བཤད་ལ་ཉན་རྗེས། མགོན་པོ་བཀྲ་ཤིས་ཀྱིས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་རྣམས་ཀྱིས་འགན་སྒྲུབ་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོས་བཤད་རྒྱུར། ཞིང་ཆེན་སྲིད་གྲོས་ཀྱིས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། འབྲེལ་ཡོད་ཕྱོགས་ཀྱི་སྦྲེལ་མཐུད་ལ་ཤུགས་བསྣན་ནས་ ཞང་ཀང་དང་ཨོ་མིན་གྱི་མཐུན་འབྲེལ་ལྷན་ཚོགས་ཀྱི་སྐབས་བརྗེ་ལེགས་འགྲུབ་བྱས་པ་དང་། ཞང་ཀང་དང་ཨོ་མིན་གྱི་མཚོ་སྔོན་ཚོང་ཚོགས་བཙུགས་ཏེ་ཨུ་ཡོན་འབྲེལ་གཏུག་རྐྱེན་སྲོལ་སྔར་ལས་གེགས་མེད་དུ་གྱུར། ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་ཡོངས་ཀྱིས་རང་ངོས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་བརྗོད་དོན་སློབ་གསོའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་འགན་སྒྲུབ་འགན་བསྟར་ནན་ཏན་བྱས་ཏེ། ཞང་ཀང་དང་ཨོ་མིན་གྱི་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ་དང་། མཚོ་སྔོན་དང་ཞང་ཀང་དང་ཨོ་མིན་གྱི་བརྗེ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་བཞག

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ལོ་གསར་བའི་ནང་སྲིད་གྲོས་ཨུ་ཡོན་གྱི་ཆབ་སྲིད་སྣེ་ཁྲིད་ཀྱི་འགན་འཁྲིའི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱེད་པ་དང་། ཞང་ཀང་དང་ཨོ་མིན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣའི་དྲང་ནུས་གཅིག་ཏུ་བསྡུས་ཏེ། མེས་རྒྱལ་ལ་དགའ་བ་དང་ཞང་ཀང་ལ་དགའ་བ། ཨོ་མིན་ལ་དགའ་བའི་སྟོབས་ཤུགས་ཆེ་རུ་བསྐྱེད་པ་དང་། སྔར་ལས་རང་འགུལ་ཧུར་ཐག་བྱེད་པ་བཞི་ལག་ལེན་དུ་བསྟར་ནས་ཞང་ཀང་དང་ཨོ་མིན་གྱི་ཡུན་རིང་གི་འཕེལ་རྒྱས་དང་བརྟན་འཇགས་ལ་སྲུང་སྐྱོང་བྱེད་པ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ཕུགས་རྒྱང་བརྟན་པོར་སྐུལ་འདེད་གཏོང་ཆེད་རང་གི་སྟོབས་ཤུགས་འབུལ་དགོས། ཞིང་ཆེན་སྲིད་གྲོས་ཀྱིས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པར་སྔར་ལས་ཤུགས་བསྣན་ནས་ཞང་ཀང་དང་ཨོ་མིན་གྱི་ཨུ་ཡོན་གྱི་བྱ་བར་སྔར་ལས་མཐོང་ཆེན་བྱས་ཏེ། མཚོ་སྔོན་གྱི་ཞང་ཀང་དང་ཨོ་མིན་མཐུན་འབྲེལ་ལྷན་ཚོགས་ཀྱིས་སྔར་ལས་ལྷག་པའི་སྒོ་ནས་བྱ་བར་སྤེལ་བར་རྒྱབ་སྐྱོར་བྱེད་པ། མཚོ་སྔོན་དང་ཞང་ཀང་དང་ཨོ་མིན་གྱིས་བརྗེ་རེས་མཉམ་ལས་ཐད་སྟེགས་བུ་འབད་པས་བཙུགས་ཏེ། མཚོ་སྔོན་དང་ཞང་ཀང་དང་ཨོ་མིན་ས་གནས་གསུམ་གྱི་བརྗེ་རེས་དང་འབྲེལ་འདྲིས་མཉམ་འདྲིས་གཏིང་ཟབ་ཏུ་བཏང་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།

མི་ཕམ་མགོན་པོས་བསྒྱུར།