ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་ཚན་ཁག་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས།
2024.01.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 18

ཟླ1པའི་ཚེས24ཉིན་གྱི་ཕྱི་དྲོར། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཁག་བགོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས། ཨུ་ཡོན་རྣམས་ཀྱིས་གཅིག་གྱུར་གྱིས་བལྟས་ན། སྲིད་གཞུང་བྱ་བའི་སྙན་ཞུ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་བསྟར་བྱས་པ་དང་། བརྗོད་དོན་གསལ་ལ་ནང་དོན་ཕུན་སུམ་ཚོགས་པ་དང་། གཞི་གྲངས་ཞིབ་ཅིང་ཡང་དག་ཡིན་ལ། གཙོ་གནད་འབུར་དུ་ཐོན་པས། འཕེལ་རྒྱས་ཀྱི་ཡིད་ཆེས་དང་གཏིང་ཤུགས་ཆེས་ཆེར་བསྐྱེད་ཡོད་པར་འདོད། སྙན་ཞུ་ལས་གནད་དོན་ལ་དབྱེ་ཞིབ་བྱས་པ་གནད་ལ་འཁེལ་བ་དང་། བྱ་བ་ཇུས་འགོད་བྱེད་པའི་ལངས་གནས་མཐོ་བས། ད་ལོའི་དམིགས་འབེན་ལས་འགན་དང་གཙོ་གནད་བྱ་བ་དངོས་ཐོག་བདེན་འཚོལ་དང་ཡར་བརྩོན་སྐུལ་འདེད་ལ་གཏན་འཁེལ་གསལ་བོ་བྱས་ཡོད།

གྲོས་བསྡུར་གྱི་ཡུལ་དངོས་སོ་སོར། ཨུ་ཡོན་རྣམས་ཀྱིས་འཕེལ་རྒྱས་གླེང་ཞིང་ངར་ཤུགས་སྒྲིམ་པར་སྐུལ་བ་དང་། གྲོས་གཞི་བཟང་པོ་བཏོན་པས་སྣང་ཚུལ་བཟང་པོ་མངོན། ཚང་མས་སྲིད་གཞུང་བྱ་བའི་སྙན་ཞུར་ཡོངས་སུ་མོས་མཐུན་བྱེད་པར་མ་ཟད་གཅིག་གྱུར་གྱིས་བལྟས་ན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། གོ་སྐབས་དམ་འཛིན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་ཁག་འཁུར་དངོས་སྒྲུབ་ཀྱིས་དངོས་འབེབས་དམ་འཛིན་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་པར་གོམ་སྟབས་བརྟན་པོ་སྤོས་ཡོད། ལོ་གཅིག་གི་རིང་། ཞིང་ཆེན་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དེ་འགན་སྒྲུབ་ཀྱི་བརྗོད་དོན་དང་གཙོ་ཐིག་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་གྲོས་མོལ་སྲིད་གླེང་བྱེད་པ་དང་། ལངས་གནས་མཐོན་པོས་དཀྱིལ་སྙིང་སྤྱི་ཡོངས་ལ་ཞབས་ཞུ་བསྒྲུབས་པ། མགོ་ཚུགས་ས་མཐོན་པོས་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པོར་བཤད་པ་བཅས་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཁྲོད་ཁག་འཁུར་གསར་བ་དང་བྱས་རྗེས་གསར་བ་བཞག་ཡོད།

མ་འོངས་པར་རྒྱང་ལྟ་བྱས་ན། ཨུ་ཡོན་རྣམས་ལ་ཡིད་ཆེས་ཀྱིས་ཁེངས་ཤིང་ངར་ཤུགས་ཆེན་པོ་ལྡན། ཚང་མས་བསྟན་དོན། སྙན་ཞུ་ལས་བཏོན་པའི་ལོ་ཧྲིལ་པོའི་དམིགས་འབེན་ལས་འགན་དང་བཀོད་སྒྲིག་བྱས་པའི་གཙོ་གནད་བྱ་བ་དེ་འཕེལ་རྒྱས་ཀྱི་གནས་བབ་དངོས་དང་མཐུན་ལ་མང་ཚོགས་ཀྱི་རེ་འདུན་དང་བསྟུན་པས། ད་ལོའི་བྱ་བ་སོ་སོ་སྤུས་ཚད་མཐོན་པོས་བསྒྲུབ་པར་ཁ་ཕྱོགས་གསལ་བོ་བསྟན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་བྱ་བར་བཏོན་པའི་བླང་བྱ་གལ་ཆེན་ཇི་མ་ཇི་བཞིན་དུ་དོན་འཁྱོལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་པ་དང་། ཨུ་ཡོན་གྱིས་འགན་འཁྲི་ཕྲག་ཏུ་འཁུར་བ། ཞིབ་བཤེར་དང་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། བློ་གྲོས་ལྡན་པའི་གྲོས་གཞི་དང་དངོས་གཉེར་གྱི་འཐབ་ཇུས་མང་པོ་འདོན་པ་དང་། ཐུན་མོང་ལྟ་ཚུལ་མང་པོ་གཅིག་འདུས་བྱས་ཏེ། སྤུས་ཚད་མཐོ་བའི་འགན་སྒྲུབ་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི་གནས་བཞི་འཛུགས་པར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབྲི་བར་འབད་པ་ལྷོད་མེད་བྱེད་དགོས།

ལྷ་མོ་འཚོས་བསྒྱུར།