ཨུ་ཡོན་མཱ་ཡུའེ་ཞང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་ནན་མོ་གཏོང་རྒྱུའི་གྲོས་གཞི་བཏོན།
2024.03.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།   རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་མི་རིགས་བྱ་བའི་གཙོ་ཐིག་ཏུ་བྱས་ཏེ་ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་སྲིད་གཞུང་གིས་ཁྲིམས་ལྟར་བཅོས་སྐྱོང་།    འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་སྣེ་ཁྲིད་དེ་མཐུན་སྦྱོར་བྱེད་པ།   མི་རིགས་བྱ་བའི་སྡེ་ཁག་གིས་རང་འགན་གཙང་སྒྲུབ་བྱེད་པ།   སྡེ་ཁག་སོ་སོས་ཤུགས་འདོན་མཉམ་ལས་བྱེད་པ།   སྤྱི་ཚོགས་ཡོངས་མཉམ་ཞུགས་བྱེད་པ་བཅས་ཀྱི་དུས་རབས་གསར་པའི་མི་རིགས་བྱ་བའི་རྣམ་པ་གྲུབ་པར་བྱས་ཡོད།    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཱ་ཡུའེ་ཞང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་ནན་མོ་གཏོང་རྒྱུའི་གྲོས་གཞི་བཏོན།

མཱ་ཡུའེ་ཞང་གིས་བལྟས་ན།   མི་རིགས་བྱ་བ་དེ་ཕྱོགས་སོ་སོར་འབྲེལ་ཡོད་པ་དང་ཕྱོགས་སོ་སོ་རུ་མི་རིགས་བྱ་བ་ཡོད།    རིམ་པ་སོ་སོའི་སྲིད་གཞུང་གིས་མི་རིགས་བྱ་བ་དེ་ཏང་འཛུགས་དང་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་དཔྱད་ཞིབ་ཁྲོད་འཇོག་པ་དང་མཉམ་འཛིན་སྤྱི་འདོམས་ཀྱི་མཉམ་ཤུགས་གྲུབ་པར་བྱས་ནས་དུས་རབས་གསར་པའི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱས་པར་འདོད།

མཱ་ཡུའེ་ཞང་གིས་གྲངས་ཉུང་མི་རིགས་ཀྱི་མི་གྲངས་བསྡུར་ཚད་ཅུང་དམའ་བའི་ས་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཡོན་དཔེ་སྟོན་གསར་འཛུགས་བྱ་བར་ཤུགས་བསྣན་ནས་གྲངས་ཉུང་མི་རིགས་ཀྱི་མང་ཚོགས་རྣམས་ཀྱི་བུ་ཕྲུག་ཐག་ཉེ་ས་ནས་སློབ་གྲྭར་འགྲོ་བ་དང་ལས་ཞུགས་མཛུབ་སྟོན།   སྨན་བཅོས་འགན་སྲུང་སོགས་ཐད་ཀྱི་དགོས་མཁོ་ཐག་གཅོད་པའི་ཞོར་དུ་དམངས་ཡོངས་ཀྱི་ཁྱབ་ཁོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གསར་འཛུགས་སྐྲུན་བྱ་བ་སྤེལ་བར་མཐོང་ཆེན་བྱེད་པ་དང་།     མི་ཚོགས་གཙོ་བོའི་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་བྱིས་པ་ནས་འགོ་རྩོམ་པ་དང་།  མཐོ་རིམ་དང་འབྲིང་རིམ་ཆེད་དོན་སློབ་གྲྭ་དང་ཁེ་ལས་དང་ལས་རིགས་སྡེ་ཁག   རྒྱལ་ཁབ་ལས་ཁུངས་སོགས་སྡེ་ཁག་ཏུ་དུས་མཉམ་དུ་སྤེལ་ནས་མི་ཚོགས་མི་འདྲ་བའི་ཁྱད་ཆོས་དང་སློབ་གསོ་མྱོང་བའི་རིམ་པ་ལྟར་བསླབ་དེབ་དང་ཤེས་བྱ་ཀུན་ཁྱབ་ཀྱི་ཀློག་དེབ་སྒྲིག་བཟོ་པར་སྐྲུན་བྱེད་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་རིགས་སོ་སོའི་རྟེན་གཞིའི་མ་ལག་ཅན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་།  རྒྱལ་ཁབ་རིམ་པ་དང་ཆ་རྐྱེན་ཡོད་པའི་ཞིང་ཆེན་དང་གྲོང་ཁྱེར། ཆུའུ་བཅས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ཆེད་མཁས་པའི་རིག་མཛོད་འཛུགས་དགོས་ལ།   བརྟག་དཔྱད་ཞིབ་འཇུག་བྱ་གཞི་གཏན་འཁེལ་བྱ་དགོས་པར་མ་ཟད།  ཞིབ་འཇུག་གྲུབ་འབྲས་ཚུལ་སྒྱུར་ལ་དུས་ཐོག་ཏུ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུའི་གྲོས་གཞི་བཏོན།

ལྷ་མོ་ཚེ་རིང་གིས་བསྒྱུར།