རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ལ་བཅར་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་གསར་འགོད་པས་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལས་འཛམ་གླིང་ཧྲིལ་བོར་གོ་སྐབས་མང་བོ་བསྐྲུན་ཡོད་པའི་ཚུལ་བསྟན།
2024.03.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ནི་འཛམ་གླིང་གིས་ཀྲུང་གོར་ལྟ་ཞིབ་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན་ཞིང་། ད་ལོར་ཚོགས་ཆེན་གཉིས་ཀྱི་ཡུལ་དངོས་སུ་བཅར་འདྲིར་ཡོང་བའི་ཕྱི་རྒྱལ་གྱི་གསར་འགོད་པས་བསྟན་དོན། ཚོགས་ཆེན་གཉིས་བརྒྱུད་དེ་ཀྲུང་གོའི་འཕེལ་རྒྱས་ལ་རྒྱུས་ལོན་བྱུང་ཡོད་ཟེར།

ཀྲུང་གོ་ནི་འཛམ་གླིང་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གལ་ཆེན་དང་བདེ་སྙོམས་འཕྲུལ་ཆས་ལྟ་བུ་ཞིག་ཡིན་ལ། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་ལོ་ཧྲིལ་བོའི་དཔལ་འབྱོར་འཕར་སྣོན་གྱི་དམིགས་འབེན་དེ་བརྒྱ་ཆའི་ལྔ་ཡས་མས་སུ་གཏན་འཁེལ་བྱས་ཡོད་པ་དང་། བྱེ་བྲག་གི་བྱེད་ཐབས་བཏོན་ནས་ཕྱི་རྒྱལ་གྱི་གསར་འགོད་པ་སྔར་ལས་མང་བོ་ནང་འགུག་བྱས་ཏེ་དོ་སྣང་བྱེད་དུ་བཅུག་ཡོད།

ད་ལོའི་ཚོགས་ཆེན་གཉིས་ཀྱི་སྟེང་། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པ་ནས་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་བཟོ་སྐྲུན་ལས་རིགས་ཀྱི་ཕྱི་དངུལ་ཞུགས་ཆོག་ཚད་བཀག་མེད་པར་གཏོང་བ་ནས་ཕྱི་ཕྱོགས་ཚོང་དོན་དངུལ་གཏོང་གི་ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་ཏེ། ཟོལ་མེད་ཀྱི་སྲིད་ཇུས་དང་ཇུས་གཞི་རབ་དང་རིམ་པས་ཕྱི་རྒྱལ་གྱི་གསར་འགོད་པ་དག་ལ་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་མཐོང་དུ་བཅུག་ཡོད་པར་མ་ཟད། ཁོ་ཚོས་ཀྲུང་གོའི་འཕེལ་རྒྱས་ཀྱིས་ཇི་ལྟར་འཛམ་གླིང་ཧྲིལ་བོར་ཕན་ཐོགས་པར་རེ་སྒུག་གིས་ཁེངས་ཡོད།


བསོད་ནམས་ཚེ་རིང་གིས་བསྒྱུར།