མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མ”ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་ཐོག་མའི་འགྲན་སྡུར་ལས་མཚོ་བྱང་འགྲན་ཁུལ།
2024.05.28 ཁུངས། ཀློག་གྲངས། 239

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་སྒྲུབ་པའི་མཚོ་སྔོན་པོ“སྨོན་ལམ་མཐོན་པོ་རྟགས་མ”ཡི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་སྐབས་བརྒྱད་པའི་ཐོག་མའི་འགྲན་སྡུར་གྱི་སྒྲ་ཕབ་ཚན་ཆུང་སྤྱི་ཟླ5བའི་ཚེས23ཉིན་ཟི་ལིང་ནས་ལམ་ལ་ཆས་ཏེ་བོད་མཁར་རྐང་ཚར་འབྱོར་དུས།  ལ་གཞས་སྒྱུ་རྩལ་ལ་དུངས་པའི་གླུ་བ་གླུ་མ་ཚོས་རེ་ལྟོས་ཀྱི་མིག་ཟུང་ཅེར་ཞིང་། རེ་སྒུག་གི་ཕྱག་ཟུང་བརྐྱངས་འདུག

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། རྐང་ཚ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ། རྫོང་མི་རིགས་ཆོས་ལུགས་ལས་དོན་ཅུའུ། རྫོང་རིག་གནས་ཡུལ་སྐོར་བརྙན་འཕྲིན་ཅུའུ་དང་རྫོང་རིག་གནས་དཔེ་མཛོད་ཁང་སོགས་ཀྱིས་རོགས་སྒྲུབ་གནང་འོག་མཚོ་བྱང་ཁུལ་ཡོངས་ནས་ཕེབས་པའི་གླུ་བ་གླུ་མ་རྣམས་ཀྱི་ཨང་རིམ་རྒྱན་ལེན་དང་སྒྲ་ཕབ་སྒྲིག་སྦྱོར་སོགས་སྟ་གོན་གྱི་བྱ་བ་ཡོངས་སུ་འགྲུབ་པར་བྱས་ཏེ་འགྲན་སྡུར་མགོ་དངོས་སུ་བརྩམས།

ཐེངས་འདིའི་འགྲན་ཁུལ་དང་པོ་སྟེ་མཚོ་བྱང་འགྲན་ཁུལ་ལ་བསྡོམས་པས་གླུ་བ་གླུ་མ་ཉེར་བཞི་ཡོད་ལ། ཉིན་གཉིས་རིང་གི་ཛ་དྲག་གི་འགྲན་སྡུར་བྱས་པ་བརྒྱུད་གླུ་བ་ལྔ་དང་གླུ་མ་ལྔ་བཅས་བསྡོམས་པས་གླུ་བ་གླུ་མ་བཅུ་བསྐྱར་འགྲན་ཁྲོད་བདམས་ཐོན་བྱུང་བ་དང་།  འགྲན་ཞུགས་པ་འདི་དག་གིས་བོད་ཀྱི་ལ་གཞས་འདི་ཉིད་ཉམས་པ་སླར་གསོ་དང་།  མ་ཉམས་གོང་སྤེལ་དུ་གཏོང་བའི་འདུ་ཤེས་བརྟན་པོ་ཡིད་ལ་བཅངས་ཏེ་ཐེངས་འདིའི་འགྲན་སྡུར་ལ་རེ་བ་གསར་བ་ཞིག་གི་དབུ་ཁྱུད་བྲིས།

འགྲན་སྡུར་སྤེལ་ཡུལ་བཀོད་སྒྲིག་བྱེད་བཞིན་པ།

མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་གནམ་ལྕགས་རྡོ་རྗེ་ཡིས་འགྲན་སྡུར་གྱི་ཐོག་མའི་རྒྱན་ཁ་ཕྱེས།

ལོ་བཅོ་ལྔ་ཉི་ཤུའི་རོགས་ལོ་རེད།།

འགྲོགས་མི་དགོས་དེང་མ་རང་མཐུན་རེད།།

རོགས་ཆུང་ལོ་ཁ་ཡ་ན་ཟླ་ཁྱོད།།

ཁ་ཚིག་གསུམ་ཤོད་ལ་རྩེད་རོགས་བྱོས།།

སྟོད་སྤང་དཀར་ཀླད་ཀི་མེ་ཏོག།

ཁྱོད་མ་གད་མིག་ལ་ཡག་གི།

གད་དང་ན་དྲི་མ་ཞིམ་གི།

རྟ་འདོ་བ་རི་མགོའི་སྨུག་པ་རེད།།

རླུང་བསེར་བུ་གཡུག་ན་ཇེ་ཡག་རེད།།

རོགས་ཆུང་ལོ་ན་ཁའི་མེ་ཏོག་རེད།།

ཁ་ལ་གཞས་བླངས་ན་ཇེ་ཡག་རེད།།

ནགས་རྒྱ་རྫོང་དཀྱིལ་གྱི་ཐང་ལོ།།

ཟླ་བཅུ་བ་ཐོན་རུང་མི་འཇིག།

དབྱར་དྲུག་པ་ཐོན་རུང་མི་འགྱུར།།

རོགས་འུ་ཚོའི་བསམ་པ་དེ་ཡིན།།

རོགས་མེད་ན་མི་སྡུག་ཡོད་ན་སྡུག།

རོགས་ཡོད་ནས་ཁ་ཐག་རིང་ན་སྡུག།

རོགས་ཐུག་འཕྲད་མེད་ན་ལྷག་ཏུ་སྡུག།

དགུང་སྔོན་པོ་སྔོ་ལ་ཡུག་རེད།།

བྱ་ཁ་ལ་ཡུག་གི་འདོད་རེད།།

རོགས་ཆུང་ལོ་རྩེད་ལ་དགོད་རེད།།

ང་ཞེ་མཐུན་ཞི་ལིའི་འདོད་རེད།།

དགུང་ཨ་སྔོན་མཐོ་ཡང་མཐོ་ཀི།

འབྲུག་ལྗང་ལོ་བསོ་ཡང་བསོ་ཀི།

གན་ཚོད་ཀི་ཆར་ཞིག་བབས་ན།།

ང་ལོ་ཡག་སྙེ་མའི་འདོད་རེད།།

མཚོ་སྔོན་པོའི་ཚྭ་མཚོའི་ཁ་ནས།།

བྱ་གཉིས་རེ་གཉིས་རེ་འཕུར་གི།

ང་འཕུར་གྲོགས་མེད་ལ་བསྡད་ཡོད།།

ངའི་འཕུར་གྲོགས་ངང་མོ་ཁྱོད་བྱོས།།

དཔྱད་འདེམས་པའི་སྡེ།

མཚོ་བྱང་འགྲན་ཁུལ་ནས་བསྐྱར་འགྲན་ཁྲོད་ཚུད་པའི་གླུ་བ་གླུ་མ་བཅུ།

ལག་ཐལ་མོ་རྡེབ་སྒྲའི་ཁྲོད་ན།།  གླུ་སྙན་མོའི་འགྱུར་ཁུགས་ཡག་གི།

ལས་བྱེད་མི་སྣ།

ལྟད་མོ་པ།

བདེ་མོ་གཅིག་ལ་བདེ་མོ།།

མགོ་ལྷ་རིས་བུམ་པའི་སྟེང་ནས།།

མིག་ཁྲ་རིལ་སྐུ་ལུས་བདེ་མོ།།

ཁྱོད་སྐྱིད་ནས་བདེ་ཡེས་བསྡད་ན།།

ངའི་ཕྱོགས་ལ་ལྟ་རྒྱུ་མ་བརྗེད།།